ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འོད་སྟོང་འབར་བའི་གྲུབ་འབྲས།

ལོ་ངོ་བཅུའི་རིང་བོད་ལྗོངས་ཀྱིས་སློབ་གསོའི་སློབ་སྒྲུབ་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་མ་དངུལ་སྒོར་དུང་ཕྱུར2154བཏང་བ།

སྤེལ་དུས 2022-10-11 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

པར་འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་མས་གུང་གསེང་རོལ་བའི་རྣམ་པ་རེད།
         ཟླ10པའི་ཚེས9ཉིན་བོད་རང་སྐྱོང་ལྗོངས་ཀྱིས་བསྡུས་པའི“བོད་ལྗོངས་ཀྱི་ལོ་ངོ་བཅུ་བོ་འདི”ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། ལོ་ངོ་བཅུའི་རིང་བོད་ལྗོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2154བཏང་ནས་སློབ་གསོའི་འགན་ལེན་ཆུ་ཚད་མཐོར་འདེགས་སུ་བཏང་བ་རེད། མིག་སྔའི་བར་བོད་ལྗོངས་སུ་བསྡོམས་པས་རིམ་པ་སོ་སོ་དང་རིགས་ཁག་གི་སློབ་གྲྭ3339ཡོད་པ་དང་། ལྗོངས་ཕྱི་ནང་དུ་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་བསྡོམས་པས་ཁྲི92.2ཡོད་ལ། ངལ་རྩོལ་ན་ཚོད་མི་འབོར་གྱི་ཆ་སྙོམས་སློབ་གསོ་མྱོང་བའི་ལོ་ཚད10.2ལ་སླེབས་ཡོད། 
         ལོ་ངོ་བཅུ་བོ་འདིའི་རིང་། བོད་ལྗོངས་ཀྱི་སློབ་གསོ་ཁྱབ་གདལ་བཏང་བའི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་བོད་ལྗོངས་ཀྱི་སློབ་སྔོན་སློབ་གསོའི་བུ་བཅོལ་ཁང་ནང་ཞུགས་ཚད་དང་ལོ་དགུའི་འོས་འགན་སློོབ་གསོ་སྲ་བརྟན་དུ་གཏོང་ཚད། མཐོ་འབྲིང་རིམ་དུས་མཚམས་ཀྱི་སློབ་གསོའི་ནང་ཞུགས་ཚད། མཐོ་རིམ་སློབ་གསོའི་ནང་ཞུགས་ཚད་སོ་སོར87.71%དང96.94%། 90.25%། 56.31%ལ་སླེབས་ཡོད། ད་ལྟ་ལྗོངས་ཕྱིའི་ཞིང་ཆེན་དང་གྲོང་ཁྱེར22ཀྱི་སློབ་གྲྭ111རུ་བོད་ལྗོངས་འཛིན་གྲྭ་བསྡུས་ཡོད་པ་དང་། ཞིང་ཆེན་དང་གྲོང་ཁྱེར17དང་པུའུ་རིམ་པའི་མཐོ་སློབ་ཁོངས་གཏོགས་སློབ་གྲྭ་ཆུང་འབྲིང་གིས་བོད་ལྗོངས་ཀྱི་སློབ་གྲྭ21ལ་ཁ་གཏད་བོད་སྐྱོར་བྱས་ཡོད་པས། སློབ་གྲྭའི་སློབ་གསོའི་སློབ་ཁྲིད་སྤུས་ཚད་དང་དོ་དམ་ཆུ་ཚོད་སྔར་བས་མཐོར་འདེགས་སུ་ཕྱིན་ཡོད།
         རྒྱུས་ལོན་བྱུང་བ་ལྟར་ན། ལོ་ངོ་བཅུའི་རིང་། བོད་ལྗོངས་ཀྱིས་ས་བབ་མཐོ་བའི་དཀའ་སྡུག་མཐའ་མཚམས་ས་ཁུལ་དུ་གནས་འཁེལ་དགེ་རྒན་སྐྱེད་སྲིང་བྱེད་པའི་འཆར་གཞི་དང་། གྲོང་གསེབ་དགེ་རྒན་གནས་འཁེལ་གསོ་སྦྱོང་འཆར་གཞི་སོགས་རྒྱུན་མཐུད་ལག་བསྟར་བྱས་པས། 2021ལོར་ལྗོངས་ཡོངས་སུ་ལས་གནས་སུ་ཡོད་པའི་དགེ་རྒན་དང་ལས་བཟོ་བ63178ཡོད་པ་དང་། དེ2012ལོའི་ལོ་མཇུག་དང་བསྡུར་ན21334ཇེ་མང་དུ་ཕྱིན་ཡོད། དེ་དང་ཆབས་ཅིག་ཏུ་བུ་བཅོལ་ཁང་འཛུགས་སྐྲུན་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར74.86བཏང་ནས། ས་ཁུལ(གྲོང་ཁྱེར)དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་བུ་བཅོལ་ཁང་གི་བཀོད་པའི་མ་ལག་བསྐྲུན་པ་དང་། མིག་སྔར་བསྡོམས་པས་བུ་བཅོལ་ཁང2337ཡོད་པ་དང་དེ་ནི2012ལོའི་བུ་བཅོལ་ཁང་གི་གྲངས་འབོར་གྱི་ལྡབ4.87རེད། །
རྩོམ་སྒྲིག་པ། སྣང་རྡོར།