ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འོད་སྟོང་འབར་བའི་གྲུབ་འབྲས།

ལོ་ངོ་བཅུའི་རིང་བོད་ལྗོངས་སུ་བུད་མེད་ཀྱི“སྐྲན་ནད་གཉིས”གསེད་འདམས་བྱེད་པའི་མི་གྲངས་ཁྲི40ལྷག་ལ་སླེབས་པ།

སྤེལ་དུས 2022-10-13 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          གསར་འགོད་པས“བོད་ལྗོངས་ཀྱི་ལོ་ངོ་བཅུའི་རིང”ཞེས་པའི་ཐེངས་ཉེར་བརྒྱད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ལོ་ངོ་བཅུའི་རིང་། བོད་ལྗོངས་ཀྱིས་མུ་བུ་བདེ་འཇགས་དང་བདེ་ཐང་བྱིས་པའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ཏེ། བུད་མེད་ཀྱི“སྐྲན་ནད་གཉིས”གསེད་འདམས་མི་གྲངས་ཁྲི40ལྷག་སླེབས་པ་དང་། སྨན་ཁང་ནས་ཕྲུ་གུ་སྐྱེས་ཚད2012ལོའི73.58%ནས་མིག་སྔའི98.56%ཟིན་པ། བྱིས་པའི་འཚོ་བཅུད་ཐུམ་རིན་མེད་སྒོས་བོད་ལྗོངས་ཡོངས་ཀྱི་ཟླ6ནས་ཟླ36བར་གྱི་ཕྲུ་གུ་སྤྲད་པ་རེད། ཤེས་གསལ་ལྟར་ན། བོད་ལྗོངས་ཀྱིས་ཧུར་ཐག་གིས་སྦྲུམ་མ་སྨན་ཁང་ནས་བསྡད་དེ་ཕྲུ་གུ་སྐྱེས་པའི་གཟིགས་སྐྱོང་ལག་བསྟར་དོན་འཁྱོལ་བྱས་པས། རོང་འབྲོག་པའི་སྦྲུམ་མ་སྨན་ཁང་ནས་བསྡད་དེ་ཕྲུ་གུ་སྐྱེས་ན་སྨན་རིན་ཚང་མ་མེད་པར་བཟོ་བ་མ་ཟད། ད་དུང་ཐེངས་གཅིག་རང་བཞིན་གྱི་སྨན་ཁང་ནས་བསྡད་དེ་ཕྲུ་གུ་སྐྱེས་པའི་ཁ་གསབ་དངུལ1000དང་། སྔ་མོ་ནས་ཕྲུ་གུ་སྐྱེས་བར་གྲ་སྒྲིག་བྱེད་པའི་འཚོ་བའི་ཁ་གསབ་སྒོར300སྤྲད་པ་རེད། དེ་དང་ཆབས་ཅིག ལེགས་འགྱུར་བུ་བཙའི་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས་དམིགས་བསལ་མི་འབོར་གྱི་བུ་བཙའི་ཁྱིམ་ཚང་ལ་ཐུགས་ཁུར་བྱེད་པར་ཤུགས་སྣོན་བྱས་ཏེ། བུ་བཙའི་རྒྱབ་སྐྱོར་ཆ་འགྲིག་སྲིད་ཇུས་བཏོན་ནས་མི་འབོར་བགྲེས་སོང་ཅན་ལ་ཧུར་ཐག་སྒོས་ཁ་གཏད་པ་དང་སྨན་བཅོས་དང་ཁམས་གསོ་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ཡོད།
          བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས། དབུལ་ཐར་འགག་སྒྲོལ་རིང་། ང་ཚོས་བདེ་ཐང་རོགས་སྐྱོར་འགག་རྩའི་ལས་དོན་དུ་བརྩིས་ནས། གཏིང་ཟབ་པའི་སྒོ་ནས“སྐོར་གསུམ་གཅིག”དང་ལོ་གསུམ་གྱི་འགག་སྒྲོལ་འགུལ་སྐྱོད་སྤེལ་བས། ནད་ཀྱི་དབང་གིས་དབུལ་བོར་གྱུར་བའི་བྱང་བུ་བཙུགས་ཡོད་པའི་དབུལ་བོ་མི་འབོར་ཁྲི6.33ཡོངས་སུ་སེལ་ཞིང་། དེས་བོད་ལྗོངས་ཀྱིས་ལོ་རྒྱུས་རང་བཞིན་གྱི་དབུལ་ཕོངས་རྩ་བ་ནས་སེལ་པར་འཕྲོད་བསྟེན་བདེ་ཐང་ཕྱོགས་ཀྱི་བྱས་རྗེས་བཞག་ཡོད། 
          མིག་སྔར། བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད72.19ཐོན་ཞིང་། སྦྲུམ་པའི་འཆི་ཚད་དང་། ཕྲུ་གུ་འཆི་ཚད་སོ་སོར165.38ཁྲི10དང24.45‰ནས45.50/ཁྲི10དང7.5‰མར་ཆག་ཡོད། །
རྩོམ་སྒྲིག་པ། སྣང་རྡོར།