ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འོད་སྟོང་འབར་བའི་གྲུབ་འབྲས།

ལོ་ངོ་བཅུའི་རིང་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར76བཏང་ནས་སྨན་བཅོས་མ་ལག་འཐུས་ཚང་དུ་བཏང་བ།

སྤེལ་དུས 2022-10-13 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
        ཟླ10པའི་ཚེས10ཉིན་བོད་ལྗོངས་ཀྱིས“བོད་ལྗོངས་ཀྱི་ལོ་ངོ་བཅུ་བོ་འདིའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་བརྒྱད་པ་བསྡུས་པ་རེད། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ལོ་ངོ་བཅུའི་རིང་། ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར76དོན་འཁྱོལ་བྱས་ཏེ། གཞི་རྩའི་ཆ་ནས་རང་སྐྱོང་ལྗོངས་དང་གྲོང་ཁྱེར(ས་ཁུལ)། རྫོང(ཆུས)། ཤང་དང་གྲོང་རྡལ། གྲོང་ཚོ་བཅས་རིམ་པ་ལྔའི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་དྲ་རྒྱ་བསྐྲུན་ནས་བོད་ལྗོངས་ཀྱི་སྨན་བཅོས་མ་ལག་འཐུས་ཚང་དུ་ཕྱིན་ཡོད། བོད་རང་སྐྱོང་ལྗོངས་སྨན་ཁང་དང་། རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་སོགས་གཙོ་གནད་རྣམ་གྲངས་རབ་དང་རིམ་པ་སྐྲུན་ཡོད་ལ། གྲོང་ཁྱེར་གྱི་གཞུང་བཙུགས་སྨན་ཁང་དང་། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི། སྤྱིི་བའི་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་ཡི་སྒྲིག་ཆས་དང་སྒྲིག་བཀོད་སྔར་བས་འཐུས་ཚང་ཡིན་པ་དང་། ཞབས་ཞུ་ཐེག་ནུས་རང་བཞིན་དང་སྟབས་བདེ་རང་བཞིན་རྒྱུན་མཐུད་ཇེ་མཐོར་ཕྱིན།
        སྐལ་བཟང་གཡུ་སྒྲོན་གྱིས་ང་ཚོས་མ་ལག་འཐུས་ཚང་དུ་གཏོང་བ་གཙོ་གནད་དུ་བཟུང་ནས་ཞན་ཆ་གསབ་པ་རྒྱུན་མཐུད་དང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྟབས་བདེ་རང་བཞིན་སྔར་བས་ཇེ་མཐོར་གཏོང་བ་དང་། མིག་སྔར། བོད་ལྗོངས་ཀྱི་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ལས་གཉེར་དཔང་ཡིག་ཡོད་པའི་སྨན་པ201ལོའི་མི660ནས2021ལོའི་མི2269བར་ཇེ་མང་དུ་ཕྱིན་ནས་ལྡབ2.43འཕར་བ། དེང་སྐབས་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་རེར་ཆ་སྙོམས་ལས་གཉེར་དཔང་ཡིག་ཡོད་པའི་སྨན་པ3.4ཡོད་པ། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ནད་ཁྲི3013ནས4066བར་ཇེ་མང་དུ་ཕྱིན་ནས34.9%འཕར་བ། སྒོ་བསྟེན་ཁང་དུ་ནད་བརྟག་ཚད་མི་ཐེངས་ཁྲི341.8ནས་མི་ཐེངས་ཁྲི394.38བར་འཕར་བ་དང15.4%འཕར་སྣོན་བྱུང་ཡོད། བོད་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོའི་འཕྲོད་བསྟེན་ཁང་སྟོངས་བ་ནས་ཡོངས་སུ་ཁེབས་ཡོད་ལ་གྲོང་ཚོ་ཚང་མར“གྲོང་ཚོ་གཅིག་ལ་སྨན་པ་གཉིས”མངོན་འགྱུར་བྱུང་སྟེ། བདེ་ཐང“སྒོ་སྲུང་མཁན”གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པ། 2021ལོར། ང་ཚོས་གོམ་གང་མདུན་སྤོས་ཀྱིས་གཞི་རིམ་གྱི་དྲ་རྒྱ་བརྟན་པོ་བཙུགས་ནས་བོད་ལྗོངས་ཀྱི་གྲོང་ཚོ་ཚང་མར་སྤྱི་བའི་འཕྲོད་བསྟེན་ཨུ་ལྷན་འཛུགས་རྒྱུ་ཡིན་ཞེས་བཤད། །
རྩོམ་སྒྲིག་པ། སྣང་རྡོར།