ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འོད་སྟོང་འབར་བའི་གྲུབ་འབྲས།

ལོ་ངོ་བཅུའི་རིང་བོད་ལྗོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་བརྩམས་པ།

སྤེལ་དུས 2022-10-14 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་པ་དང་། བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་མཐའ་འཁྱོངས་བྱས་ཏེ། མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་བསྐྲུན་པའི་བྱ་གཞག་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོན་ཡོད།

པར་འདི་ནི་བོད་ལྗོངས་ནས་ཀྱི་ཟས་རིགས་རེད།
         ལོ་ངོ་བཅུའི་རིང་། བོད་རང་སྐྱོང་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་འཕེལ་རྒྱས་ལས་དོན་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་ཀྱི་བསྡོམས་འབོར་རྒྱ་སྐྱེད་དུ་བཏང་བ་དང་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་སུ་བཏང་བ། ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར2000ཡི“འགག་སྒོ་ཆེན་མོ”ལས་བརྒལ་ནས། མི་འགྱུར་རིན་ཐང་ལྟར་རྩིས་བརྒྱབ་ན2012ལོ་ལས་ལྡབ2.26འཕར་བ་དང་ལོ་རེར་ཆ་སྙོམས9.5%འཕར་བ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས2.9མཐོ་བ་དང་དཔལ་འབྱོར་འཕར་ཚད་བསྟུད་མར་ལོ་མང་རིང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། མིི་རེེར་སྙོམས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་བསྟུད་མར་སྒོར་ཁྲི་ཅན་གསུམ་གྱི་སྐས་རིམ་ལས་བརྒལ་བ་དང་། 2012ལོའི་སྒོར22762ནས2021ལོའི་སྒོར56831བར་འཕར་བ་དང2012ལོ་དང་བསྡུར་ན92.8%འཕར་ཡོད་ལ། ལྡབ་གཅིག་ཙམ་འཕར་ནས་ལོ་རེར་ཆ་སྙོམས7.6%འཕར་བ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས1.5མཐོ་བ་རེད། རྒྱལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་བསྡུར་ཚད57.2%ནས70.2%འཕར་ནས་བརྒྱ་ཆའི་གྲངས13ཇེ་མཐོར་ཕྱིན་ཡོད། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31ཁྲོད་ཀྱི་ཨང་རིམ2012ལོའི་ཨང29ནས2021ལོའི་ཨང24བར་ཇེ་མཐོར་ཕྱིན་ཡོད། 

པར་འདི་ནི་དུས་ཐུང་འབྲི་གཡག་གསོ་སྤེལ་དཔེ་སྟོན་རྟེན་གཞིའི་རྣམ་པ་རེད། 
         ལོ་ངོ་བཅུའི་རིང་། བོད་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཁྲིད་སྟོན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་གཞིར་བཟུང་། མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་མུ་མཐུད་གཏིང་ཟབ་དུ་བཏང་ནས། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་གྱི་གྲངས་འབོར་ལུགས་མཐུན་སྒོས་འཕར་སྣོན་དང་སྤུས་ཚད་བརྟན་པོའི་ངང་མཐོར་འདེགས་བྱུང་བར་སྐུལ་འདེད་བཏང་བ། ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་བསྟུད་མར་ལོ7རིང་ཏུན་ཁྲི100ཡན་དུ་ཟིན་པ་དང་། བོད་ལྗོངས་ཀྱིས་འབྲུ་རིགས་དང་སྣུམ་གྱི་ཐོན་འབབ་ཇེ་མཐོར་གཏོང་བའི་བྱ་འགུལ་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། ཐོན་འབབ་མང་བའི་གསར་གཏོད་བྱ་འགུལ་གཏིང་ཟབ་སྤེལ་བ་དང་། ཁྱད་ལྡན་འདེབས་འཛུགས་ལས་རིགས་ཀྱི་གནད་འགག་ལག་རྩལ་ལ་ཤུགས་སྣོན་བརྒྱབ་ནས་འདེབས་འཛུགས་ལས་རིགས་ནུས་མཐོ་སྒོས་འཕེལ་རྒྱས་སུ་ཕྱིན་པ། “བོད་ནས2000”དང་“ཧི་མ་ལ་ཡ22”“དགུན་ནས18”སོགས་ཁྱབ་གདལ་དུ་བཏང་བར་ཕན་འབྲས་ལེགས་པོ་ཐོན་པ། 2021ལོའི་འབྲུ་རིགས་ཀྱི་ཐོན་འབབ་སྤྱི་རྒྱ5692ལ་སླེབས་པ་དང2012ལོ་དང་བསྡུར་ན་སྤྱི་རྒྱ138ཇེ་མཐོར་ཕྱིན་ཡོད་ལ2.5%འཕར་བ་དང་ལོ་རེར་ཆ་སྙོམས0.3%འཕར་ཡོད། སྔོ་ཚལ་གྱི་ཐོན་འབབ་ཏུན་ཁྲི89.47ཟིན་པ་དང36.4%འཕར་བ་དང་། འོ་མའི་ཐོན་འབབ་ཏུན་ཁྲི48.85ཟིན་པ་དང90.5%འཕར་བ། ཕག་ཤ་དང་ལུག་ཤ་སྐམ་ཤའི་ཐོན་འབབ་ཏུན་ཁྲི26.95ཟིན་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད། ལོ་ངོ་བཅུའི་རིང་། ལྗོངས་ཡོངས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་སྤྱིའི་ཐོན་སྐྱེད་རིན་ཐང་ལྡབ2.6འཕར་བ་དང་ལོ་རེར་ཆ་སྙོམས13.7%འཕར་སྣོན་བྱུང་ཡོད། དེང་རབས་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་སུ་ཕྱིན་པ། 2021ལོར་ཞབས་ཞུའི་ལས་རིགས་ཀྱིས་དཔལ་འབྱོར་འཕར་སྣོན་ཐད་བྱས་རྗེས་འཇོག་ཚད55.7%ཟིན་པ་དང་། དེ་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་འགའི་རིང་། དངུལ་རྩ་དང་ཚན་རིག་ལག་རྩལ། ཆ་འཕྲིན་བརྒྱུད་སྒྲོག བོགས་གཏོང་། ཚོང་དོན་ཞབས་ཞུའི་ལས་རིགས་སོགས་འཐུས་ཚབ་དུ་བྱས་པའི་གསར་དར་ཞབས་ཞུའི་ལས་རིགས་ཀྱི་ཁྲོམ་རའི་བདག་གཉེར་བ་མགྱོགས་མྱུར་འཕར་ཡོད། 
         རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི་གཙོ་བོ་ཡིན་པའི་ཆ་ནས། བོད་རང་སྐྱོང་ལྗོངས་ཀྱིས་ཆུ་གློག་གཙོ་བོ་ཡིན་པའི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ། 2021ལོར་སྤྱིིའི་གློག་འདོན་ཚད་ཆན་ཝ་དུས་ཚོད་དུང་ཕྱུར112.77ཟིན་པ་དང2012ལོ་དང་བསྡུར་ན་ལྡབ6.7འཕར་བ། དེ་དང་ཆབས་ཅིག ཁྲོན་བོད་དང་མཚོ་བོད་དྲ་སྦྲེལ་བརྒྱུད་དེ་ལྗོངས་ཕྱིར་གློག་ཆན་ཝ་དུས་ཚོད་དུང་ཕྱུར91.75དབོར་འདྲེན་བྱས་པ་དང་། ཆུ་སྐམ་པའི་དུས་སུ་ལྗོངས་ཕྱིར་གློག་ཆན་ཝ་དུས་ཚོད་དུང་ཕྱུར94.30ནང་འདྲེན་བྱས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་འགན་སྲུང་ནུས་ལྡན་བྱས་པ་རེད།

པར་འདི་ནི་གདན་ཞུ་ཚོགས་འདུ་ཆེ་གྲས་ཀྱི་ཡུལ་དངོས་རྣམ་པ་རེད།
         ལོ་ངོ་བཅུའི་རིང་། བོད་རང་སྐྱོང་ལྗོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་གཏིང་ཟབ་དོན་འཁྱོལ་བྱས་ནས་ནུས་ཤུགས་ཡོད་རྒུས་དམངས་འཚོར་འགན་ལེན་བྱས། ལྷག་པར་དུ2015ལོ་ནས2021ལོའི་བར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་བསྟུད་མར་ལོ་བདུན་རིང་རྒྱལ་ཡོངས་ཀྱི་མདུན་གྲལ་སུ་སླེབས་པ། 2012ལོ་ནས2021ལོའི་བར་ལྗོངས་ཡོངས་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས12.6%འཕར་བ་དང་། དུས་མཉམ་གྱི་མི་རེའི་ཆ་སྙོམས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི་ལོ་རེའི་ཆ་སྙོམས་འཕར་ཚད་བརྒྱ་ཆའི་གྲངས4.9ལས་མགྱོགས་པ། དེའི་ཁྲོད་གྲོང་རྡལ་གྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས10.9%འཕར་བ་དང་། ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས12.9%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་ཧེ་བག་རིམ་བཞིན་ཇེ་ཆུང་དུ་ཕྱིན་ནས་ཡོང་འབབ2012ལོའི3.22ནས2.75བར་ཆག་པ། སྡོད་དམངས་ལས་ཞུགས་ཀྱི་གཞི་ཁྱོན་མུ་མཐུད་རྒྱ་སྐྱེད་དུ་ཕྱིན་པ་དང་ལས་ཤོར་བྱུང་ཚད་ཅུང་དམའ་བའི་ཆུ་ཚད་དུ་རྒྱུན་འཁྱོངས་ཐུབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་ལྗོངས་ཀྱི་ལས་ཞུགས་གཞི་ཁྱོན་མུ་མཐུད་རྒྱ་སྐྱེད་དུ་ཕྱིན་པ། 2021ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་ལས་ཞུགས་མི་གྲངས12.6%འཕར་བ་དང་། རོང་འབྲོག་པ་སྤོ་སྒྱུར་ལས་ཞུགས་བྱས་པའི་མི་གྲངས54%འཕར་བ། གྲོང་རྡལ་དུ་ལས་ཞུགས་སྟོངས་བའི་ཁྱིམ་ཚང་བསྟུད་མར་ལོ་བཅུའི་རིང་འགུལ་རྣམ་གཙང་སེལ་བྱས་པ། ཉེ་བའི་ལོ་ལྔའི་རིང་། བོད་རང་སྐྱོང་ལྗོངས་ཀྱི་ལོ་འདིའི་མཐོ་སློབ་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་ཚད95%ཡན་དུ་རྒྱུན་འཁྱོངས་ཐུབ་པ་དང་། ཁྲོམ་རར་ལས་ཞུགས་ཐུབ་ཚད70%ཡན་དུ་སླེབས་པ། གྲོང་རྡལ་དུ་ལས་ཤོར་བརྟག་དཔྱད་བྱས་པ་ཡུན་རིང5%ནང་ཁུལ་དུ་རྒྱུན་འཁྱོངས་ཐུབ་པ་དང་། སྲིད་གཞུང་གི་ལོ་འཁོར་གྱི་སྔོན་དཔག་དམིགས་ཚད་ཁྱབ་ཁོངས་ནང་ཁུལ་དུ་རྒྱུན་འཁྱོངས་ཐུབ་པ། རྒྱལ་ཡོངས་དང་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)བཅུ་གཉིས་ཁྲོད་ཚང་མ་ཅུང་དམའ་བའི་ཆུ་ཚད་དུ་གནས་ཡོད། །
རྩོམ་སྒྲིག་པ། སྣང་རྡོར།