ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འོད་སྟོང་འབར་བའི་གྲུབ་འབྲས།

དུས་རབས་གསར་པར་བོད་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་སྐས་རིམ་གསར་པར་སླེབས་པ།

སྤེལ་དུས 2022-10-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
 གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་45.62དང་སྨི་ངོས་གྲུ་40.63སོ་སོར་ཟིན་པ།
         ཉེ་དུས། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ལྗོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་འཕེལ་རྒྱས་དང་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཁོར་ཡུག་མཛེས་སྡུག་ལྡན་པ་དང་། སྐྱེ་ཁམས་བཟང་བ། ཁྱད་ཆོས་མངོན་གསལ་དོད་པ། འཚོ་སྡོད་དང་ལས་ཀ་བྱ་རྒྱུར་འཚམ་པ་བཅས་ཀྱི་ས་མཐོའི་གྲོང་ཁྱེར་ཧུར་ཐག་བཏོད་པས། གྲོང་ཁྱེར་གྱི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲངས་འབོར་146ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་ཆུས་སུ་བསྐྲུན་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་334ཟིན་པ། 2021ལོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་36.61%ཟིན་ནས་2012ལོའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་13.86འཕར་ཡོད།
         གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། ལོ་བཅུའི་རིང་ལྗོངས་ཡོངས་ཀྱིས་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཁོངས་གཏོགས་ཀྱི་འཆར་འགོད་དང་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་81གི་སྤྱིའི་འཆར་འགོད་དང་། ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་3གྱི་སྲུང་སྐྱོབ་འཆར་འགོད། ཤང(གྲོང་རྡལ)260ཡི་འཆར་འགོད་བཅས་དང་དེ་བཞིན་གྲོང་ཚོ་1203གྱི་འཆར་འགོད་ལེགས་གྲུབ་ཟིན་ནས་ལྷ་ས་གྲོང་ཁྱེར་ལྟེ་བར་བྱེད་པ་དང་། གྲོང་ཁྱེར་དང་ས་གནས་6གནས་ཡུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ལྟེ་བ་གཉིས་པར་བྱེད་པ། དེ་མིན་གྲོང་ཁྱེར་དང་གྲོང་རྡལ་རྨང་གཞིར་བྱེད་པ་བཅས་ཀྱི་རིམ་གསུམ་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་ལེགས་སྒྲུབ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བར་མ་དངུལ་སྒོར་དུང་ཕྱུར་505.44བཏང་ནས་གྲོང་ཁྱེར་དང་ས་ཁུལ་3དང་རྫོང་དང་གྲོང་རྡལ་20ཡི་དྲོད་རླངས་མཁོ་འདོན་སྒྲིག་ཆས་གསར་སྐྲུན་བྱས་པ་དང་། གྲོང་ཁྱེར་དང་ས་ཁུལ་5དང་རྫོང་དང་གྲོང་རྡལ་6གི་ས་འོག་ཕྱོགས་བསྡུས་མདོང་ལམ་སྤྱི་ལེ་53.42བསྐྲུན་པ། གྲོང་ཁྱེར་དོ་དམ་གྱི་འགྲོ་ལམ་99དང་གྲོང་ཁྱེར་དོ་དམ་གྱི་ཟམ་པ་8བསྐྲུན་པ། ཆུ་མཁོ་འདོན་བཟོ་གྲྭ་63བསྐྲུན་ནས་གྲོང་ཁྱེར་གྱི་སྤྱི་པའི་ཆུ་མཁོ་འདོན་ཐུབ་ཚད་98.9%ཟིན་པ། ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་སྲུང་སྐྱོབ་དང་བེད་སྤྱོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ལྗོངས་ཡོངས་སུ་ཁྱོན་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་3དང་། གྲགས་ཅན་གྲོང་རྡལ་5 གྲགས་ཅན་གྲོང་ཚོ་4 ལོ་རྒྱུས་ཀྱི་ཁྲོམ་གཞུང་9 ལོ་རྒྱུས་ཀྱི་སྐྲུན་དངོས་98 ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་35བཅས་ཡོད་པས་ས་མཐོའི་ཁྱད་ལྡན་གྲོང་ཁྱེར་གྱི་རྣམ་པ་སྲུང་སྐྱོབ་དང་རྒྱུན་འཛིན་ནུས་ལྡན་ཐུབ་ཡོད།
         སྡོད་ཁང་མཁོ་འདོན་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། ལོ་བཅུའི་རིང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་དང་། རྫོང་དང་ཆུས། ཤང་གྲོང་བཅས་ཚང་མར་སྡོད་ཁང་འགན་ལེན་ཁྱོན་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་དང་སྡོད་ཁང་ལ་དཀའ་ངལ་ཡོད་པའི་ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་གཞི་རྩའི་ཆ་ནས་འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་ཐུབ་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་45.62ཟིན་པ་དེ་2012ལོ་ལས་མི་རེར་ཆ་སྙོམས་སྨི་ངོས་གྲུ་9.48མང་དུ་ཕྱིན་ཡོད།
         གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། མི་རིགས་ཀྱི་རིག་གནས་འགྲེམས་སྟོན་དང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས། སྤྲོ་གསེང་དང་སོས་དལ་མཉམ་འདྲེས་བཅས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་23བསྐྲུན་པས། མི་འཚོ་སྡོད་ཁོར་ཡུག་ལེགས་སུ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་ནུས་པ་ཆེ་རུ་ཕྱིན་ཡོད། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བསྡུ་འདྲེན་གཙང་སེལ་ལ་མུ་མཐུད་སྐུལ་འདེད་བཏང་བས་སྲིད་འཛིན་གྲོང་ཚོར་ཁྱབ་ཚད་92.7%ཟིན་ཡོད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་4.36སོགས་གཙོ་གནད་རོགས་སྐྱོར་བྱ་ཡུལ་རིགས་བཞིའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་དང་ཞིང་པའི་སྡོད་ཁང་ཁྲི་3.92ཀྱི་ཡོམ་འགོག་སྒྱུར་བཀོད་ལེགས་སྒྲུབ་བྱུང་ཡོད། གྲོང་གསེབ་སྡོད་ཁང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་ནས། 2021ལོར་ཞིང་འབྲོག་པ་མི་རེའི་ཆ་སྙོམས་སྡོད་ཁང་གི་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་40.63ཟིན་པ་དེ་2012ལོའི་ལོ་མཇུག་ལས་ཆ་སྙོམས་སྨི་ངོས་གྲུ་11.05མང་དུ་ཕྱིན་ཡོད།
རྩོམ་སྒྲིག་པ། སྣང་རྡོར།