ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འོད་སྟོང་འབར་བའི་གྲུབ་འབྲས།

བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་མྱུར་པོ་བྱུང་བ།

སྤེལ་དུས 2022-10-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
ལྷ་མོ་འཁྲབ་སྟོན་བྱེད་བཞིན་པ།
          ཟླ10པའི་ཚེས9ཉིན་ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་གྲུབ་འབྲས་ཕྱོགས་བསྡུས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད།
         བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་ཀན་ལི་ཆོན་གྱིས། ལོ་བཅུ་པོ་དེ་ནི་བོད་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་ཤོས་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ལེགས་ཤོས། མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་ནང་ཞུགས་ཚོར་དང་། ཐོབ་ཚོར། བདེ་སྐྱིད་ཚོར་སེམས་བཅས་མངོན་གསལ་དོད་ཤོས་ཀྱི་ལོ་བཅུ་ཞིག་ཡིན་པས། རིག་གནས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། སེམས་པ་གཅིག་མཐུན་ཡོང་བ། ཡིད་ཆེས་བརྟན་དུ་གཏོང་བ་བཅས་ཀྱི་ཁྲོད་གཙོ་ཤུགས་དམག་གི་ནུས་པ་གང་ལེགས་མངོན་ཡོད་ཅེས་གསུངས་པ་རེད།
         ཀན་ལི་ཆོན་གྱིས་ངོ་སྤྲོད་བྱས་དོན། ལོ་བཅུའི་རིང་། བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་གྲུབ་འབྲས་གཟེངས་སུ་ཐོན་ཡོད། ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་4ལྷག་ཙམ་བཏང་བས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྣ་ཚོགས་ནུས་ལྡན་ངང་རྒྱུན་འཛིན་དང་། སྲུང་སྐྱོབ། འཕེལ་རྒྱས་བཅས་བྱུང་ཡོད། རིམ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་མ་ལག་རྒྱུན་མཐུད་འཐུས་ཚང་དུ་བཏང་ཞིང་། ལྗོངས་ཡོངས་སུ་ད་ཆ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་རྣམ་གྲངས་ཁག3(ལྷ་མོ་དང་། གླིང་སྒྲུང་། བོད་ལུམས་སོགས)ཡོད་པ་དང་། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས106དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ96  རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས460དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ522 རྣམ་གྲངས2034དང་མི1050གྲོང་ཁྱེར་དང་རྫོང་རིམ་པའི་མིང་གཞུང་ནང་བཅུག་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་རྫོང་དང་ཤང་གྲོང8དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)19 མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭའི་དཔེ་སྟོན་རྟེན་གཞི29བཅས་ལ་མིང་བཏགས་ཡོད། 2021ལོའི་ལོ་མཇུག་བར། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང121བཙུགས་ནས་དུད་ཚང2271གི་མི3053ལས་ཞུགས་ཐུབ་སྟེ་ཟླ་རེའི་འབབ་འཕར་སྒོར3200ལྷག་ཙམ་ལེན་རྒྱུ་ཡོད་པ་རེད།
         ལོ་བཅུའི་རིང་། བོད་ལྗོངས་ཀྱི་གཞི་རིམ་རིག་རྩལ་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཡོད། རྫོང་དང་ཆུས76གི་སྒྱུ་རྩལ་ཚོགས་པའི་གསར་བརྗེའི་རིག་རྩལ་ཚོགས་པའི་ནུས་པ་སྔར་བས་མངོན་གསལ་དོད་དུ་སོང་བ་དང་། སྲིད་འཛིན་གྲོང་ཚོ(གྲོང་ལྷན)5492ལ་རིག་རྩལ་འཁྲབ་སྟོན་ཁྱོན་ཡོངས་ནས་ཁྱབ་པ། རིག་རྩལ་དཔུང་ཁག་ཁྲི10ཡིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་འཁྲབ་སྟོན་བྱས་པ་བཅས་རེད། མ་དངུལ་སྒོར་དུང་ཕྱུར2ལྷག་ཙམ་བཏང་ནས་གྲོང་གསེབ་ཀྱི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་རྐང་འཛིན་པ་ཚུད་པའི་རིགས་ཁག་གི་རིག་གནས་ཤེས་ལྡན་མི་སྣ་མི་ཐེངས་ཁྲི4ལྷག་ཙམ་ལ་གསོ་སྦྱོང་བྱས་པ་རེད།

ལྷ་མོ་འཁྲབ་སྟོན་བྱེད་བཞིན་པ།
         ཀན་ལི་ཆོན་གྱིས། ད་དུང་ལོ་བཅུའི་རིང་། བོད་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ་དང་། རིག་གནས་སྒྲིག་བཀོད་དྲ་བ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ཡོད། ད་ཆ་ལྗོངས་ཡོངས་སུ་དཔེ་མཛོད་ཁང82དང་། མང་ཚོགས་སྒྱུ་རྩལ་ཁང(རིག་གནས་བྱེད་སྒོའི་ལྟེ་གནས)82 ཤང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས697བཅས་ཡོད་པ་དང་། རིག་གནས་ཐང་ཆེན1600ལྷག་ཙམ་བསྐྲུན་ཡོད་ཅིང་། རྫོང74ལ་གར་སྟེགས་རླངས་འཁོར་དང་དཔེ་དེབ་རླངས་འཁོར་བཀོད་སྒྲིག་བྱས་ཡོད་པས་རིམ་ལྔའི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་བ་སྤྱིའི་ཆ་ནས་ཆགས་ཡོད། དཔེ་སྟོན་འཛུགས་སྐྱོང་ལ་མུ་མཐུད་སྐུལ་སྤེལ་བཏང་ཡོད། ཉིང་ཁྲི་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། ལྷ་ས་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་བཅས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། ནག་ཆུ་དཔལ་མགོན་རྫོང་གི“གྲོང་གསེབ་ཀྱི་བརྩེ་སེམས། འབྲོག་ཁུལ་གྱི་སྐོར་སྐྱོད་རིག་གནས་ཞབས་ཞུའི་ལམ་སྲོལ”དང་། མངའ་རིས་སྒར་རྫོང་གི“རྫོང(ཆུས)སྒྱུ་རྩལ་ཚོགས་པའི་འཛུགས་སྐྲུན་ལམ་སྲོལ”སོགས་རྣམ་གྲངས7རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་རྣམ་གྲངས་གཏོད་པའི་ནང་བཅུག་ཡོད། ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ14བཙུགས་པ་དང་། རང་སྐྱོང་ལྗོངས་རིམ་པའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ89ལ་མིང་བཏགས་ཡོད།
རྩོམ་སྒྲིག་པ། སྣང་རྡོར།