ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འོད་སྟོང་འབར་བའི་གྲུབ་འབྲས།

ལོ་བཅུའི་རིང་བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་བྱེད་ཁྱོན་མགྱོགས་མྱུར་ཆེ་རུ་ཕྱིན་པ།

སྤེལ་དུས 2022-10-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          བོད་ལྗོངས་ནང་ཁུལ་གྱི་གནམ་ཐང་གི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་4560དང་དངོས་ཟོག་དང་སྦྲག་ཐོག་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་36.8ཟིན་པ།
          ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་དང་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་བཅུའི་རིང་བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་བྱུང་ཞིང་། རིམ་རྩིས་བྱས་ན་བོད་ལྗོངས་ནང་ཁུལ་གྱི་གནམ་ཐང་གིས་འགན་ལེན་ཏན་ཏིག་བྱས་པ་བརྒྱུད་དུས་གཏན་གནམ་གྲུ་འཕུར་བབ་བྱེད་ཚད་ཁྲི་43.8དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་4560 དངོས་ཟོག་དང་སྦྲག་ཐོག་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་36.8བཅས་ཟིན་པ་དེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོག་གོང་གི་བོད་ལྗོངས་སུ་གནམ་གྲུ་ཤར་གཏོང་ཐུབ་པའི་ལོ་47གྱི་བསྡོམས་འབོར་ལས་བརྒལ་བ་དང་དེ་གོང་གི་ལྡབ་3.4དང་། ལྡབ་2.8 ལྡབ་1.4བཅས་སོ་སོ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་གཞི་ཁྱོན་ལྡབ་འཕར་བྱུང་སྟེ། ལོ་རེར་གནམ་གྲུ་འཕུར་བབ་བྱེད་ཚད་2012ལོའི་ཁྲི་2.15ནས་2021ལོའི་ཁྲི་5.99བར་མང་དུ་ཕྱིན་པ་དང་ལོ་རེའི་ཆ་སྙོམས་འཕར་ཚད་12.1%ཟིན་པ་དང་། ལོ་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་2012ལོའི་མི་ཐེངས་ཁྲི་221.7ནས་2021ལོའི་མི་ཐེངས་ཁྲི་603.1བར་འཕར་བ་དང་ལོ་རེའི་ཆ་སྙོམས་འཕར་ཚད་11.8%ཟིན་པ། ལོ་རེར་དངོས་ཟོག་དང་སྦྲག་ཐོག་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་2012ལོའི་ཏུན་ཁྲི་1.65ནས་2021ལོའི་ཏུན་ཁྲི་5ལྷག་ཙམ་བར་འཕར་བ་དང་ལོ་རེའི་ཆ་སྙོམས་འཕར་ཚད་13.1%ཟིན་པ། དུས་མཚུངས་སུ་བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཁྲོད་དམངས་སྤྱོད་མཁའ་འགྲུལ་གྱིས་བཟུང་བའི་བསྡུར་ཚད་ལྡབ་འཕར་བྱུང་ཞིང་། བོད་ལྗོངས་ཀྱི་འགྲུལ་པ་སྐྱེལ་འདྲེན་བསྡོམས་འབོར་ཁྲོད་དམངས་སྤྱོད་མཁའ་འགྲུལ་གྱིས་བཟུང་བའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱི་བསྡུར་ཚད་2012ལོའི་15.28%ནས་2020ལོའི་32.15%བར་འཕར་བ་དང་འགྲུལ་པ་3.1ཁྲོད་ནས་1གིས་དམངས་སྤྱོད་མཁའ་འགྲུལ་འདེམས་པ་དང་། བོད་ལྗོངས་ཀྱི་འགྲུལ་པ་འཁོར་རྒྱུག་བསྡོམས་འབོར་ནང་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་འཁོར་རྒྱུག་བྱེད་ཚད་དེས་བཟུང་བའི་བསྡུར་ཚད་2012ལོའི་19.07%ནས་2020ལོའི་68.4%བར་འཕར་ཡོད།
རྩོམ་སྒྲིག་པ། སྣང་རྡོར།