ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འོད་སྟོང་འབར་བའི་གྲུབ་འབྲས།

ལོ10རིང་སྐྱིད་གྲོང་འགག་སྒོ་ནས་མི་ཐེངས་ཁྲི67ལྷག་་་་་་

སྤེལ་དུས 2022-10-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

སྐྱིད་གྲོང་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།
          ཚེས17ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་སྐྱིད་གྲོང་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལོ10ཡི་རིང་། ས་ཚིགས་དེས་རྒྱལ་མཚམས་འཛུལ་གྲོལ་བྱེད་མཁན་མི་ཐེངས་ཁྲི67ལྷག་ཙམ་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་ཁྲི13ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་། དམངས་ཕན་ཁེ་ལས་ཀྱི་བྱ་ཐབས20ལྷག་ཙམ་བཏོན་པ། རོགས་སྐྱོབ་ཐེངས50ལྷག་ཙམ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་མཐའ་མཚམས་ཞིབ་བཤེར་ཞབས་ཞུའི་དོ་དམ་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་།

སྐྱིད་གྲོང་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་ལས་འཁྱུར་བྱས་པའི་ལས་བྱེད་པའི་སྣེ་ཁྲིད་དེ་གསར་དུ་བརྒྱབ་པའི་ར་སོག་ཟམ་ཆེན་ལ་ལྟ་སྐོར་བྱེད་བཞིན་པ།

སྐྱིད་གྲོང་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་ཕྱི་ཕྱོགས་སུ་སྐྱོད་སའི་འགག་སྒོའི་ཚོད་འཛིན་ས་ཁོངས་སུ་རླངས་འཁོར་ལ་དུག་སེལ་བྱེད་བཞིན་པ།
          སྐྱིད་གྲོང་འགག་སྒོ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་ཡོད་ཅིང་། 2017ལོར་རྒྱལ་སྤྱིའི་རང་བཞིན་གྱི་འགག་སྒོར་དངོས་སུ་གྱུར་པ་དང་། དེ་ནི་ཀྲུང་གོ་དང་ནེ་པ་ལའི་ཚོང་དོན་གྱི་སྐར་ཁུང་གལ་ཆེན་ཞིག་རེད།

སྐྱིད་གྲོང་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་འགག་སྒོའི་མཐའ་མཚམས་སྐོར་གཡེང་ལས་དོན་སྤེལ་བཞིན་པ།
          ཉེ་བའི་ལོ་ཤས་རིང་། ས་ཚིགས་དེས་འགག་སྒོའི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལྟེ་བའི་ལས་འགན་ལ་བརྩིས་ནས། ཀྲུང་ནེའི་མཐའ་མཚམས་ཀྱི་ཁྲིམས་འཛིན་མཉམ་ལས(སྐྱིད་གྲོང)དམིགས་བསལ་མཉམ་འབྲེལ་བཀོད་འདོམས་པུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཉམ་འགོག་མཉམ་སྲུང་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད། འགག་སྒོའི་མཐའ་མཚམས་ཀྱི་དངོས་རྫས་དང་ལག་རྩལ་འགོག་ཟོན་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཕྱོགས་མང་པོའི་ཐད་ནས་སྔོན་འགོག་དང་ཚོད་འཛིན་མ་ལག་བཏོད་དེ། ཡུལ་སྐོར་ཞིབ་བཤེར་རུ་ཁག་དང་འགན་ལེན་རུ་ཁག་གི་མི་སྣའི་འཁོར་རྒྱུག་ཐབས་ལམ་ཤར་བགྲོད་ཐུབ་པ་བྱས་པས་མི་དམངས་ཉེན་རྟོག་པའི་ཕྱོགས་བསྡུས་ལས་སྒོའི་ནུས་པ་མགྱོགས་མྱུར་ཆེ་རུ་ཕྱིན་པ་དང་དུས་མཚུངས་མཐའ་མཚམས་ཞིབ་བཤེར་ཞབས་ཞུའི་དོ་དམ་ནུས་པ་ཆེ་རུ་ཕྱིན་ཡོད། ས་ཚིགས་དེས་ད་དུང་རྒྱུན་རྣམ་ཅན་གྱི་སྦྱོང་བརྡར་དང་། སྐོར་གཡེང་ཞིབ་བཤེར། འཕྲལ་སྡོམ་རོགས་སྐྱོར་སོགས་ཀྱི་ལས་དོན་སྤེལ་ནས་མཐའ་འབྲེལ་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། འགག་སྒོའི་མཐའ་མཚམས་བདེ་འཇགས་དུས་བབ་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

2018ལོའི་ཟླ12པར་སྐྱིད་གྲོང་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་རྒྱལ་མཚམས་འཛུལ་གྲོལ་གྱི་ཞིབ་བཤེར་ལས་དོན་སྤེལ་བཞིན་པ།
          “རྒྱུད་གཅིག་ལམ་གཅིག”དང“ཨེ་ཤེ་ཡ་ལྷོ་མའི་སྐམ་སའི་བགྲོད་ལམ་ཆེན་པོར”དམིགས་ཏེ། ས་ཚིགས་དེས་རང་འགུལ་ངང་འགག་སྒོའི་འཕེལ་རྒྱས་འཆར་འགོད་ནང་ཞུགས་ནས་སྔོན་ལ་བོད་རང་སྐྱོང་ལྗོངས་སུ་འགག་སྒོའི་ཚོད་འཛིན་ས་ཁོངས་ཀྱི་འཆར་འགོད་འཛུགས་སྐྲུན་ལེགས་སྒྲུབ་བྱས་པ་རེད། ལག་ཁྱེར་དབྱེ་འབྱེད་དང་། ཁྲིམས་འཛིན་གྱོད་སྒྲུབ། གྲངས་གཞི་ཞིབ་འཇུག་བརྡར་གཅོད་སོགས་ཀྱི་ཆེད་ལས་རྣམ་པའི་ལས་སྒོའི་ཐད་མུ་མཐུད་དུ་ནུས་ཤུགས་བཏོན་ནས་སྐྱིད་གྲོང་གི“268”ལས་སྒོའི་སྤུས་རྟགས་བཏོད་དེ། ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་ཡོད།

2018ལོའི་ཟླ12པར་སྐྱིད་གྲོང་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་ཡུལ་སྐོར་བར་ཞབས་འདེགས་ཞུ་བཞིན་པ།
          ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། རྒྱ་ཆེའི་མི་དམངས་ཉེན་རྟོག་པས་མྱུར་དུ་སྤྱི་ཚོགས་ཐོག་དོ་དམ་དང་ཚོད་འཛིན་གྱི་ལས་དོན་ནང་ཞུགས་ཏེ། འགག་སྒོ་དོ་དམ་དང་། སྐོར་གཡེང་བྱས་ནས་སྔོན་འགོག་དང་ཚོད་འཛིན་དང་། བརྒྱུད་འདྲེན་ལྟ་སྐུལ་སོགས་ཀྱི་ལས་འགན་འཁུར་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པའི་ཁྱིམ་ཞེན་རྒྱལ་ཞེན་དང་འགན་འཁྲི་འཁུར་སེམས་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།
རྩོམ་སྒྲིག་པ། སྣང་རྡོར།