ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ།
སྤེལ་དུས 2022-10-24
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
དེ་རིང་། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་རྗེས། པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁའི་ངང་གྲོལ་བ་རེད།
བོད་ལྗོངས་ཀྱི་འཐུས་མི་ཚོས་ཡིད་ཆེས་དང་གྲུབ་འབྲས་ཀྱིས་གཏམས་བཞིན་དུ། རྒྱལ་ཡོངས་ས་གནས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་ལྷན་དུ་མཇུག་འགྲིལ་ཚོགས་འདུར་ཞུགས་པ་རེད།
བསྐྱར་དར་གྱི་ལམ་བུར་སྙིང་སྟོབས་རབ་ཏུ་འཕེལ་ཞིང་དད་སེམས་ཤིན་ཏུ་བརྟན།
ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་གྲོལ་ཞིང་། འཐུས་མི་ཚོས་ཚོགས་ཆེན་གྱི་དགོངས་དོན་དང་བསྐྱར་དར་གྱི་འཆར་གཞི་བསྣམས་ཏེ་འདི་ནས་སླར་ཡང་རྡོག་ཐོན་བྱེད།
རྩོམ་སྒྲིག་པ། བདེ་སྒྲོན།