ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > པར་རིས།

རྒྱང་ལམ་གསར་པར་འབད་བརྩོན་གྱིས། དུས་རབས་གསར་པར་བྱས་རྗེས་འཇོག

སྤེལ་དུས 2022-10-24 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་དགའ་ཞེན་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་དཔེ་བཟང་བ་ཞིག་བརྩོན་ལེན་བྱེད་པར་ཁྲིད་སྟོན་བྱས་ཡོད། འདི་ནི2019ལོའི་ཟླ10ཚེས1ཉིན་བོད་ལྗོངས་ཆབ་མདོ་བྱམས་པ་གླིང་དགོན་པའི་དགེ་འདུན་པ་ཚོས་རང་ཉིད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བཞིན་པ།
  ཏང་གི་འོད་ཟེར་མཐའ་མཚམས་སུ་འཕྲོས། མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས། མི་རིགས་ཁག་གི་མང་ཚོགས་ཀྱིས་བབ་ཆགས་ལ་སྤྲོ་སེམས་འཁོལ་བའི་རྣམ་པའི་ཐོག་ནས་ཏང་གཅེས་རྒྱལ་གཅེས་ཀྱི་སེམས་པ་མཚོན་པར་བྱས་ཡོད། འདི་ནི2021ལོའི་ཟླ7ཚེས1ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་ཏང་ཡོན་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བའི“ནམ་ཡང་ཏང་གི་རྗེས་སུ་འབྲང”ཞེས་པ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།
  རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོར་ཕྱོགས་བསྡུས་ཚན་ཞིབ་ཐེངས་གཉིས་པར་གཞོགས་འདེགས་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གང་མགྱོགས་བསྐྲུན་པར་རམ་འདེགས་བྱས་ཡོད། འདི་ནི་2022ལོའི་ཟླ་5ཚེས་4ཉིན་ཇོ་མོ་གླང་མའི་རྩེར་འཛེག་མཁན་ཚན་རིག་རྟོག་ཞིབ་རུ་མིས་ཇོ་མོ་གླང་མའི་མཐོ་ཚད་སྨི་8830ཡི་སར་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་བདེ་བླག་ངང་འཛུགས་བཞིན་པ།
 
  སློབ་གསོ་འཕེལ་རྒྱས་བཏང་བས་མི་ཁག་གཅིག་དབུལ་སྒྲོལ་ཐུབ་ཡོད། 2016ལོ་ཚུན། རིམ་རྩིས་ལྟར་ན་འོས་འགན་སློབ་གསོའི་སློབ་གྲྭའི་གཞི་རྩའི་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་84.4བཏང་བ་དང་། སློབ་གསོའི་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་1433ལག་ལེན་བསྟར་བ། ཡིག་ཚགས་དང་གཱ་བཟོས་པ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་སློབ་གྲྭ་ཆེ་མོ་བ་མི་ཐེངས་ཁྲི་6.06ལ་རོགས་དངུལ་སྒོར་དུང་ཕྱུར་3.55སྤྲད་ཡོད། འདི་ནི་བོད་ལྗོངས་པ་སྣམ་རྫོང་གིས་ཧྲན་ཏུང་གི་ཞིང་འཕྲུལ་ལག་རྩལ་མཁས་ཅན་གདན་དྲངས་ནས་ས་གནས་དེ་གའི་དུད་ཚང་དབུལ་པོའི་བུ་ཕྲུག་ལ་གསོ་སྦྱོང་བྱེད་བཞིན་པ།
  སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ནུས་ལྡན་བྱུང་ཞིང་། འདི་ནི་རྒྱལ་ཁབ་རིམ་པའི་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་ཡིན་པ།
རྩོམ་སྒྲིག་པ། བདེ་སྒྲོན།