ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > པར་རིས་གསར་འགྱུར།

མཛོད་དགེ་རྫོང་ཁྲལ་དོན་ཅུས་ཀྱིས་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ།

སྤེལ་དུས 2022-10-13 ཡོང་ཁུངས། མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། རྩོམ་པ་པོ།

           ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་འཁོར་73ལོན་པར་རྟེན་འབྲེལ་ཞུས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ་ཆེད། ཉེ་ཆར། མཛོད་དགེ་རྫོང་ཁྲལ་དོན་ཅུས་ཀྱིས་བརྗིད་ཉམས་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་ཏེ། རླབས་ཆེན་གྱི་མེས་རྒྱལ་ལ་གུས་འདུད་བླ་མེད་ཞུས།


           རྔམ་བརྗིད་ལྡན་པའི་བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་དང་བསྟུན་ནས། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་སྒྲེང་ཞིང་། ཡུལ་དངོས་ཀྱི་མི་སྣ་དག་རྒྱལ་དར་ལ་ཁ་ཕྱོགས་ནས་གུས་འདུད་ཞུས་ཤིང་། ཚང་མས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ནས་རླབས་ཆེན་གྱི་མེས་རྒྱལ་ལ་སྨོན་འདུན་ཞུས།


           རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པའི་ཁྲལ་དོན་ལས་བྱེད་པས། ལྷབ་ལྷུབ་ཏུ་སྐྱོད་པའི་སྐར་ལྔའི་དར་དམར་འོག ལས་འགན་གཟི་བརྗིད་ལྡན་ཞིང་འགན་འཁྲི་གལ་ཆེན་ཡིན་པའི་ཚོར་སྣང་ཟབ་མོར་སྐྱེས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། རིམས་འགོག་སྙིང་སྟོབས་རླབས་ཆེན་དང་ཁྲིམས་བཀུར་སྒྲིག་སྲུང་། ཁྲལ་དོན་རྒྱལ་ཁབ་སྟོབས་ལྡན་བཅས་ཀྱི་ཀྲུང་གོའི་ཁྲལ་དོན་སྙིང་སྟོབས་ཉམས་སུ་བླངས་ནས། བློ་གཅིག་སེམས་གཅིག་གིས་ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་ལ་ཞབས་འདེགས་ཞུས་ཏེ། སྤུས་ཚད་མཐོན་པོས་དུས་རབས་གསར་བའི་ཁྲལ་བསྡུ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་ཆེད། བྱས་རྗེས་གསར་བ་དེ་བས་ཆེན་པོ་འཇོག་རྒྱུ་ཡིན་པར་བསྟན།


           རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཛོད་དགེ་རྫོང་ཁྲལ་དོན་ཅུས་ཀྱི་ཅུས་ཀྲང་འཕྲིན་ལས་རབ་རྒྱས་ཀྱིས་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་བའི་ཐོག་ནས། མཛོད་དགེ་རྫོང་ཁྲལ་དོན་ཅུས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་སྐུལ་འདེད་བཏང་། མཛོད་དགེ་རྫོང་གི་ཁྲལ་དོན་མི་སྣས་ཏང་ལ་བློ་དཀར་སེམས་དཀར་དང་ཁྲལ་བསྡུའི་བྱ་གཞག་ལ་དོན་གཉེར་མཐའ་གཅིག་ཏུ་བྱས་ཏེ། སྦྱོར་བ་དངོས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་དགའ་བས་བསུས།

རྩོམ་སྒྲིག་པཞ རིག་གྲོལ།