ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > པར་རིས་གསར་འགྱུར།

བོད་ལྗོངས་གཞིས་རྩེ་ཡིས་དབུལ་ཐར་གྲུབ་འབྲས་བརྟན་དུ་བཏང་ནས་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་བྱས་པ།

སྤེལ་དུས 2022-10-13 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
པར་འདི་ནི་གསོ་སྤེལ་རྟེན་གཞི་ནང་གི་ན་གཞོན་ཞིག་གིས་ལས་ཀ་བྱེད་བཞིན་པའི་ཚུལ་རེད།
  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་། བོད་རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པའི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར184.64ཧྲག་སྡུད་བྱས་ནས་གཅིག་བསྡུས་ངང་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་ཕྱོགས་སུ་སྤྱད་པས། བྱང་བུ་བཙུགས་པའི་དབུལ་ཕོངས་མི་འབོར་ཚང་མ་དབུལ་ཐར་བྱུང་བ་དང་། དབུལ་ཕོངས་གྲོང་ཚོ1669ཚང་མ་དབུལ་ཐར་བྱུང་ལ། དབུལ་ཕོངས་རྫོང18ཚང་མས་དབུལ་ཞྭ་ཕུད། དབུལ་ཕོངས་མང་ཚོགས་ཁྲི7“ཕྱོགས་གཅིག་གི་ས་ཆུ་ཡིས་ཕྱོགས་གཅིག་གི་མི་གསོ་མི་ཐུབ་པའི”ས་ཁུལ་ལས་ཐར་བ་བཅས་མངོན་འགྱུར་བྱུང་བ་མ་ཟད། དབུལ་ཕོངས་མི་རབས་སུ་བརྒྱུད་པ་བཀག་འགོག་བྱས། 
  དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་བྱེད་པའི་བགྲོད་ལམ་གསར་བའི་ཁྲོད། གཞིས་ཀ་རྩེ་ཡིས་དུས་དང་རྣམ་པ་ཀུན་ཏུ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ནུས་ལྡན་ངང་སྦྲེལ་མཐུད་བྱས་ནས། ཞིང་ཕྱུགས་ལས་དང་ཞིང་འབྲོག་ཁུལ་དེང་རབས་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་འགྲོ་བར་མངོན་འགྱུར་བྱེད་པའི་འཛིན་ལུང་དུ་བརྩིས་ནས། གཙོ་གནད་རོགས་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་བརྟན་བརླིང་རྒྱུན་འཁྱོངས་བྱེད་པའི་རྨང་གཞི་ཐོག “ཕྱོགས་སྒྱུར་གསུམ”དང་རིགས་དབྱེ་ལེགས་སྒྱུར་རྒྱུན་འཁྱོངས། རིམ་ལྡན་ལེགས་སྒྲིག བར་བརྒལ་བརྟན་བརླིང་། གྲོང་གསེབ་དར་སྤེལ་གྱི་བྱེད་ཐབས་སོ་སོ་དང་སྦྲེལ་མཐུད་དམ་ཟབ་བྱས་ནས། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་མགོ་འཛུགས་པ་དང་། ཞིང་འབྲོག་ཁུལ་ཁྱབ་ཁོངས་སྔར་ལས་རྒྱ་ཆེ་ཞིང་། རིམ་པ་སྔར་ལས་མཐོ་བ། སྤུས་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་དགོས།
  ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཐད། ནས་ཀྱི་གཟན་རྩྭ་དང་། ཇོ་རིའི་བོད་ལུག ཇོ་རིའི་འབྲི་གཡག ལྗང་མདོག་སྔོ་ཚལ། ཐང་ག་བོད་གདན། རིག་གནས་ཡུལ་སྐོར། སྐྱེ་ཁམས་མྱུག་ར། ལས་སྣོན་གཏིང་ཟབ། ཚོང་ཟོག་འཁོར་རྒྱུག་སོགས་ཀྱི་རོགས་སྐྱོར་ཐོན་ལས་གཙོ་བོར་འཛིན་པའི་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་དང་། གཙོ་གནད་འབུར་ཐོན་དང་ཕྱོགས་བཞིར་ཁྱབ་པ། འཁོར་སྐྱོད་ཚོང་གཉེར་ནང་ཞུགས་པའི་ཐོན་ལས་རྣམ་གྲངས་བཅས་བསྡོམས་པས་སྒོར་དུང་ཕྱུར39.4ཟིན་པ་དང་། ཡོང་འབབ་རྐྱང་རྐྱང་སྒོར་དུང་ཕྱུར8.91ཟིན་པས་ཚོ་སྲོག་གི་སྐྱེས་སྟོབས་རབ་ཏུ་རྒྱས་ཤིང་སྣེ་ཁྲིད་ཤུགས་ལྡན་གྱི་རྣམ་པ་ཞིག་ཆགས་ཡོད།

པར་འདི་ནི་གཞིས་ཀ་རྩེའི་ཞིང་འབྲོག་མང་ཚོགས་ཀྱིས་སྟོན་བསྡུ་བཞིན་པའི་ཚུལ་རེད།

  མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་ཐད། གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་གྲོང་གསེབ62མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། དཔེ་སྟོན་ལ་སྣེ་ཁྲིད་དང“མཛེས་སྡུག་གྲོང་གསེབ·བདེ་སྐྱིད་ཁྱིམ་གཞིས”གཙོ་བོར་འཛིན་པའི་གཙོ་གནད་གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། གྲུབ་འབྲས་འབུར་ཐོན་དང་གྲོང་གསེབ་ཀྱི་རྣམ་པ་མཐོར་འདེགས། “དཀར་མདོག་འབག་བཙོག”བཅོས་སྐྱོང་། མི་ཕྱུགས་དབྱེ་དགར་འགག་སྒྲོལ་འགུལ་སྐྱོད་བཅས་རྒྱུན་མཐུད་ངང་སྤེལ་བས་འབྲས་བུ་མངོན་གསལ་ཡིན་ལ། སྤྱི་བའི་སྤྱོད་ཁང་ཁྱབ་གདལ་ཚད་མུ་མཐུད་དུ་མཐོ་རུ་ཕྱིན་ལ། ཤང་དང་གྲོང་རྡལ། སྒྲིག་གཞི་གྲོང་ཚོའི་གཞུང་ལམ་ཤར་གཏོང་ཚད་རང་སྐྱོང་ལྗོངས་ཀྱི་ཚད་གཞིར་སླེབས་ཤིང་། རྒྱ་ཆེའི་གྲོང་གསེབ་འཚོ་སྡོད་དང་ལས་ཞུགས་འོས་པའི་ཚད་ལ་སླེབས་ནས་སྔར་ལས་བདེ་སྐྱིད་ལྡན་པར་གྱུར་ཡོད།
  གནས་སྤོར་རྗེས་ཀྱི་རོགས་སྐྱོར་ཐད། གཅིག་སྡུད་རང་བཞིན་གྱི་བདེ་བཀོད་ས་ཚིགས232དང་། ཐར་ཐོར་དུ་ཡོད་པའི་བདེ་བཀོད་ས་ཚིགས14རུ་ཡུལ་གཞན་དུ་གནས་སྤོར་རྗེས་རྒྱུན་མཐུད་རོགས་སྐྱོར་དང“100% 6”གི་བྱེད་ཐབས་ཤུགས་ཆེན་པོས་སྐུལ་འདེད་བཏང་བ་བརྒྱུད། གྲོང་གསེབ་འཕེལ་རྒྱས་དང་མཉམ་འདྲེས་སྔར་ལས་དམ་ཟབ་ཡིན་པ་དང་། ཆ་འགྲིག་ཐོན་ལས། བཏུང་ཆུ་གློག་སྤྱོད། སྤོ་སྒུལ་འཕྲིན་གཏོང་། རླུང་འཕྲིན་བརྙན་འཕྲིན། སྨན་བཅོས་འཕྲོད་བསྟེན། ཆེད་མཁས་མཉམ་ལས་རྩ་འཛུགས་དང་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་སོགས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ནས། སྐྱེ་ཁམས་ཁ་གསབ་ལས་གནས་ཁྲི2.58དང་། མཉམ་ལས་ཁང་གི་ལས་གནས9000ལྷག སྤྱི་ཕན་ལས་གནས756བཅས་ཀྱིས་གནས་སྤོར་མང་ཚོགས་ལས་ཞུགས་བརྟན་བརླིང་དང་སེམས་བདེ་ངང་འཚོ་བ་སྐྱེལ་ཐུབ་པ་བྱུང་ལ་། “ས་ཚིགས་གཅིག”རང་བཞིན་གྱི་ཞབས་ཞུ་ཆེད་ཁུལ130ཡིས་གནས་སྤོར་མང་ཚོགས་ཀྱི་ཐག་གཅོད་དཀའ་བའི་དོན་ཐག་བཅད་པ་དང་དོན་དངོས་བསྒྲུབས་པས། གནས་སྤོར་མང་ཚོགས་ཀྱི་ཁོངས་གཏོགས་འདུ་ཤེས་ཇེ་ཆེར་སོང་ཞིང་། ཡིད་ཚིམ་ཚད་མུ་མཐུད་དུ་མཐོ་རུ་ཕྱིན་ལ། འཚོ་བ་སྔར་ལས་སྐྱིད་པར་གྱུར།
ངོ་སྤྲོད་ལྟར་ན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། གཞིས་ཀ་རྩེ་ཡིས་དུས་དང་རྣམ་པ་ཀུན་ཏུ་དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་གྱིས་སྦྲེལ་མཐུད་བྱས་པ་མ་ཟད། དེ་ནི་ཞིང་ཕྱུགས་ལས་སྤུས་མཐོ་ཕན་མཐོ་དང་། ཞིང་འབྲོག་ཁུལ་གྱི་འཚོ་སྡོད་དང་ལས་ཞུགས་ལ་འཚམ་པ། ཞིང་འབྲོག་མང་ཚོགས་ཕྱུག་བསྒྱུར་གྱི་བྱེ་བྲག་གི་འགུལ་སྐྱོད་དུ་བརྩི་བ་དང་། ཕྱོགས་ཡོངས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གཞིས་ཀ་རྩེ་གསར་བ་འཛུགས་སྐྲུན་བྱེད་པའི་ལག་བསྟར་རྨང་གཞིར་བཟུང་ནས། སྤྱི་ཚོགས་རང་ལུགས་ཀྱི་དེང་རབས་ཅན་གྱི་གཞིས་ཀ་རྩེའི་ལེའུ་གསར་བ་རྩོམ་རྒྱུ་རེད། །
རྩོམ་སྒྲིག་པ། བདེ་སྒྲོན།