ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > པར་རིས་གསར་འགྱུར།

ཝང་དབྱང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་པ།

སྤེལ་དུས 2022-10-20 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།


ཟླ་10ཚེས་17ཉིན་བློ་མཐུན་ཝང་དབྱང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་པ། 

          ཚེས་17ཉིན་གྱི་སྔ་དྲོར། བློ་མཐུན་ཝང་དབྱང་ཁོང་གནས་སའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་སར་ཕེབས་ཏེ། འཐུས་མི་ཚོ་དང་ལྷན་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་རེད། ཝང་དབྱང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་སྙན་སྒྲོན་དེ་ནི་དར་འཕྱར་ཕྱོགས་སྟོན་དང་། བརྗོད་དོན་ཁ་གསལ། དགོངས་པ་གཏིང་ཟབ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་པས་སྙན་སྒྲོན་དེ་ནི་ཡིད་ཆེས་བརྟན་གཏོང་དང་། ཏང་སེམས་གཅིག་སྒྲིལ། དམངས་སེམས་དྲོད་པ། སེམས་པ་གཅིག་མཐུན་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་གྱི་ལེའུ་གསར་རྩོམ་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཀྱང་རེད། དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་ཀྱི་གནས་ཚད་གསར་པ་གཏན་འཁེལ་བྱས་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་བདེན་པའི་སྟོབས་ཤུགས་གསར་པ་བསྣན་པ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུར་འཐབ་ཇུས་ཐོག་ནས་ཁྲིད་སྟོན་གསར་པ་བྱས་ཡོད་པས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་དཔའ་ངར་ཞུམ་མེད་ངང་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་སྐུལ་ལྕག་ཧ་ཅང་ཆེན་པོ་ཐེབས་ངེས་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་གོང་བུ་གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་ཐུབ་ངེས་རེད་ཅེས་བསྟན་གནང་བ་རེད།

          ཝང་དབྱང་གིས། དུས་རབས་གསར་པའི་ལོ་བཅུའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་ནི་རྒྱུན་གཏན་དང་སྤྱིར་བཏང་ཞིག་གཏན་ནས་མིན། དུས་རབས་གསར་པའི་ལོ་བཅུའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་འཕོ་འགྱུར་རླབས་པོ་ཆེ་ཉིད་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་རྒྱུ་རེད་ལ་ལས་སླ་པོར་བྱུང་བ་ཞིག་ཀྱང་མ་རེད། “གཏན་འཁེལ་གཉིས”ནི་ཏང་ཡོངས་ཀྱི་འདོད་བློ་དང་དམངས་སེམས་གཏད་ཕྱོགས་རེད་ལ། ང་ཚོས་ངེས་གཏན་མེད་པ་ཡོད་ཚད་ལ་ཁ་གཏད་གཅོག་པའི་གཏན་འཁེལ་ཤོས་ཀྱང་རེད། དམིགས་ཚད་ཇི་ཙམ་བརྗིད་རླབས་ཆེ་བ་དང་། ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་བ། དུས་བབ་ཇི་ཙམ་རྙོག་འཛིང་ཆེ་བ་བཅས་ཀྱི་དུས་སུ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་དེ་ཙམ་གྱིས་གོ་བ་གཏིང་ཟབ་ལོན་པར་བྱེད་པ་དང་ཆབས་ཅིག སྔར་བས་རང་རྟོགས་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་ལ་དེ་ཙམ་གྱིས་སྲུང་སྐྱོང་དང་། སྔར་བས་རང་རྟོགས་ཀྱི་སྒོ་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱས་ཏེ། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསྟན་པའི་ཁ་ཕྱོགས་དེད་དེ་མདུན་སྐྱོད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

          ཝང་དབྱང་གིས། སེམས་ནུས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་ནི་ང་ཚོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་པའི་འགག་རྩ་རེད། དེས་ན་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་གཞི་རྩར་བཟུང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས་ཤིང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས། འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་ཡོང་བཞིན་པའི་རྒྱབ་ལྗོངས་འོག་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་སྐབས། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱས་ནས་རང་འགུལ་དང་། ལེགས་ཆ། འབྱུང་འགྱུར་བཅས་ཐོབ་པར་བྱེད་དགོས་ཞེས་བསྟན་གནང་བ་རེད།

          ཝང་དབྱང་གིས། དུས་རབས་གསར་པའི་ལོ་10ནི་བོད་ལྗོངས་ལ་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་འགྲོ་ཆེ་ཤོས། མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་བཅས་ཀྱི་ལོ་10རེད། སླད་ཕྱིན་བོད་རང་སྐྱོང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་པ། ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་པ། ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པའི་གདིང་རྩའི་འགལ་ཟླ་དང་གནད་དོན་ཐག་གཅོད་མང་ཙམ་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད། 

རྩོམ་སྒྲིག་པ།  རིག་གྲོལ།