ཀྲུང་གོའི་བོད་ལྗོངས་དྲ་བ། > 2022ལོའི་ཆེ་སྒྲིག > ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > པར་རིས་གསར་འགྱུར།

བོད་རང་སྐྱོང་ལྗོངས་ཀྱིས་མགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་བསྡུས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ།

སྤེལ་དུས 2022-10-28 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

 པར་འདི་ནི་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་མགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་ལ་མགོ་འཛིན་བྱས་པ་མ་ཟད་གསུང་བཤད་གནང་བའི་རྣམ་པ་རེད།

  ཟླ10པའི་ཚེས26ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱིས་མགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་བསྡུས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དོན་འཁྱོལ་བཅས་བྱ་རྒྱུ་ནི་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་སྡེ་ཁག་སོ་སོ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར། དོན་འཁྱོལ་བཅས་ནན་ཏན་བྱེད་པ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་དུས་རབས་གསར་བའི་ལོ་ངོ་བཅུའི་རིང་གི་འཕོ་འགྱུར་རླབས་པོ་ཆེ་དང་འབྲེལ་བ་དམ་ཟབ་བྱེད་པ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “ཡིད་རྟོན་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོོག་གཅིག་གྱུར་ཡོང་བ་བཅས་བྱས་ནས། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་བ་ཧུར་ཐག་གིས་བཏོད་དེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗིད་ཆེའི་འཆར་འགོད་དང་ཐབས་ཇུས་བཀོད་སྒྲིག་བོད་ལྗོངས་སུ་དོན་འཁྱོལ་ཐུབ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 
  ཝང་ཅུན་ཀྲེང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ནས་དགོངས་པ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ཕྱོགས་ཡོངངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཇེ་དྲག་ཏུ་གཏོང་དགོས། ཚོགས་ཆེན་ཉི་ཤུ་པའི་སྤྱི་ཡོོངས་སུ་ཁྱབ་པའི“རྩ་གནད”དང“སྲོག་རྩའི”བརྗོད་གཞིར་གོ་བ་གཏིང་ཟབ་བླངས་ནས་དར་ཆ་མཐོན་པོར་སྒྲེང་བ་དང་ཕུགས་འདུན་གྱི་འདུ་ཤེས་སྲ་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་གྱི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་དགོས། “དགོས་ངེས་གསུམ”ནི་རྒྱུགས་སྤྲོད་ལམ་བུ་གསར་བའི་ཐོག་ངེས་པར་དུ་རྒྱུན་འཁྱོངས་བྱེད་པའི་གཞི་རྩའི་ཆབ་སྲིད་ཀྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་། ལོ་རྒྱུས་ཀྱི་ཡིད་རྟོན་སྲ་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་ཇེ་དྲག་ཏུ་བཏང་ནས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཀྲག་མདངས་མཚེར་བའི་ལེའུ་གསར་བ་རྩོམ་དགོས། འདས་ཟིན་པའི་ལོ་ལྔའི་ལས་དོན་དང་དུས་རབས་གསར་བའི་ལོ་བཅུའི་རིང་གི་རླབས་ཆེན་འཕོ་འགྱུར་གྱི་རྡོ་རིང་ལོ་རྒྱུས་ཐོག་གི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྔར་བས་དཔའ་ངར་ཆེར་སྐྱེད་ཀྱི་རྣམ་པས་འབད་འབུངས་ཡར་བརྩོན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་ཞུགས་པ་དང་དུས་རབས་གསར་བར་བྱས་རྗེས་འཇོོག་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཛམ་གླིང་གི་ལྟ་བ་དང་བྱེད་ཐབས་སྨྲ་བར་གོ་བ་གཏིང་ཟབ་བླངས་ནས། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འགྱུར་མེད་དད་མོས་མཁན་དང་བློ་དཀར་ལག་ལེན་མཁན་བྱེད་དགོས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། འཐབ་ཇུས་བཀོད་སྒྲིག དམིགས་ཚད་ལས་འགན། ངོ་བོའི་ལས་འགན། གཙོ་གནད་རྩ་དོན་བཅས་ལ་གོ་བ་གཏིང་ཟབ་བླངས་ནས། བློ་བརྟན་འགྱུར་མེད་སྒོས་ཏང་གི་རྗེས་སུ་འབྲངས་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་ཞུགས་པ་དང་། མཛེས་སྡུག་ལྡན་པའི་བདེ་སྐྱིད་བོད་ལྗོངས་འཛུགས་སྐྲུན། ཐུན་མོང་ཐོག་རླབས་ཆེའི་བསྐྱར་དར་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་བྱེད་དགོས། རླབས་ཆེའི་རང་ཉིད་གསར་བརྗེ་ཡིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་པའི་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་དྲིལ་སྐུལ་འདེད་བཏང་སྟེ། “ནམ་ཡང་ལམ་ཏུ་སྐྱོད་པ་གཉིས”ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གཏིང་ཟབ་དང་རྒྱ་སྐྱེད་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། “བརྒྱུད་དགོས་ངེས་ཀྱི་བགྲོད་ལམ་ལྔ”ནི་ང་ཚོའི་ཏང་ལ་དུས་ཡུན་རིང་བའི་ལག་ལེན་ཁྲོད་ཐོན་པའི་ཆོས་ཉིད་རང་བཞིན་གྱི་ཤེས་རྟོགས་དང་། སེམས་ཤུགས་གཅིག་སྒྲིིལ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱེད་པ། ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་ཡར་ཐོན་བྱུང་བར་གོ་བ་གཏིང་ཟབ་ལེན་དགོས། མཐུན་སྒྲིལ་འབད་བརྩོན་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱི་ཆེས་མངོན་གསལ་དོད་པོས་བསམ་པའི་མཚོན་རྟགས་ཡིན་པར་གོ་བ་གཏིིང་ཟབ་ལེན་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མཐུན་སྒྲིལ་འབད་འཐབ་ཀྱི་རླབས་ཆེའི་དར་ཆ་ཡིན་པ་དང་། “གཏན་ཕབ་གཉིས”ནི་མཐུན་སྒྲིལ་འབད་འཐབ་ཀྱི་ཆབ་སྲིད་རྨང་གཞི། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་མཐུན་སྒྲིལ་འབད་འཐབ་ཀྱི་མདུན་སྐྱོད་བགྲོད་ལམ། རང་ཉིད་གསར་བརྗེ་ནི་མཐུན་སྒྲིལ་འབད་འཐབ་ཀྱི་འདེགས་སྐྱོར་ཁག་ཐེག་ཡིན་པ་བཅས་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་གོའི་ཕུགས་འདུན་ཐུན་མོང་མངོན་གྱུར་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་གོམ་གང་མདུན་སྤོས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་གཙོ་གནད་ཐབས་ཇུས་བཀོད་སྒྲིག་བྱ་སྤྱོད་ཐོག་བཀོལ་བ་དང་ཕན་འབྲས་མངོན་གསལ་ཐོན་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་བའི་ན་གཞོན་ལ་གནང་བའི་མངག་བཅོལ་ལ་གོ་བ་གཏིང་ཟབ་བླངས་ནས། ཏང་གི་ཚན་རིག་གཞུང་ལུགས་ཀྱིས་ན་གཞོན་གྱི་བསམ་བློར་དྲག་ཆས་སྤྲས་པ་དང་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིས་ན་གཞོན་ཚོར་སྐུལ་མ་བཏང་སྟེ། རྒྱ་ཆེའི་ན་གཞོན་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བར་སློབ་གསོ་ཁྲིད་སྟོན་བྱེད་དགོས་ཞེས་ནན་གྱིས་བསྟན། 
པར་འདི་ནི་ཚོགས་ཆེན་གྱི་ཡུལ་དངོས་རྣམ་པ་རེད།
  ཝང་ཅུན་ཀྲེང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་སྤྱི་འདོམས་བྱས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཧུར་ཐག་གིས་གཏོད་དགོས། “གཏན་ཕབ་གཉིས”དང“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་ལ་དངོས་སུ་སྒྱུར་བ་དེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་དོན་དངོས་བྱ་སྤྱོད་ཐོག་མངོན་པ་དང་། རང་ནུས་འགན་འཁྲི་སྒྲུབ་པ་དང་རང་ཉིད་ཀྱི་ལས་དོན་ལེགས་པོར་སྒྲུབ་པའི་དོན་དངོས་ཐོག་མངོན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན། ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། དེའི་ཁྲོད་ཀྱི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱས་ཏེ། གནས་ཚུལ་གསར་བར་ཧུར་ཐག་ཞིབ་འཇུག་དང་རང་འགུལ་ངང་གནད་དོན་གསར་བ་ཐག་གཅོད། ལམ་སྲོལ་གསར་བ་ནུས་ཤུགས་ཡོད་རྒུས་འཚོལ་ཞིབ་བཅས་བྱས་ནས། བྱ་གཞག་ཁག་ལ་ཡར་ཐོན་གསར་བ་འབྱུང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིིལ་སྒྲོག ལག་བསྟར། དོན་འཁྱོལ་བྱ་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་། དུས་རབས་གསར་བའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཟུང་འབྲེལ་ཏན་ཏིག་བྱས་ནས། “དོན་ཆེན་བཞིར”དམ་པོ་དམིགས་པ་དང“གསར་གཏོད་བཞི”ཤུགས་བསྣན་ཏེ་ཕྱོོགས་ཡོངས་ནས་རིམས་ནད་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱེད་པ། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ལས་དོན་ཁག་སྤྱི་འདོམས་བྱེད་པ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤྱི་འདོམས་བྱས་ནས་རིམས་ནད་འགོག་སྡོམ་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏོོང་བ་དང་། སྤྱི་ཚོགས་ངོས་སུ་ཕྱིར་སློག་པར་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། གནད་དོན་གྱི་ཕྱོགས་སྟོོན་དང་དམིགས་ཚད་ཕྱོགས་སྟོན། མཇུག་འབྲས་ཕྱོགས་སྟོན་བཅས་རྒྱུན་འཁྱོངས་བྱས་ནས་ལོ་མགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཧུར་ཐག་གིས་ལེགས་འགྲུབ་ཡོང་བར་བྱེད་པ་དང་། དོན་དངོས་ལས་དོན་གྱི་ཕན་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་དགོས། ཡང་དག་པའི་ཆབ་སྲིད་ཀྱི་རྒྱུགས་འབྲས་ལྟ་བ་བཙུགས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་མཛེས་པའི་འཚོ་བར་བཅངས་པའི་རེ་སྒུག་འདི་ཉིད་ཏང་དང་སྲིད་གཞུང་གི་ལས་དོན་ཡོད་ཚད་ཀྱི་རྐང་འཛུགས་ས་དང་གཞི་ཚུགས་སར་བརྩིས་ཏེ། མང་ཚོགས་ཉེ་འགྲམ་གྱི་དོན་དག་ཆུང་ངུ་དག་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་དོན་ཆེན་དུ་བཟུང་ནས་མང་ཚོགས་ཀྱི་རེ་སྒུག་དང་མང་ཚོགས་ཀྱི་དཀའ་ཁག་ལ་བསམ་གཞིགས་བཏང་ནས། མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་ཇེ་དྲག་ཏུ་གཏོང་བ་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱས་ནས་ཏང་གིས་བོད་ལྗོངས་ཀྱི་སྲིད་སྐྱོང་རྨང་གཞི་མུ་མཐུད་དུ་སྲ་བརྟན་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་དང་གཟབ་ནན་གཙོ་གཞིར་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱས་ནས་ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་མཐའ་འཁྱོངས་བྱེད་དགོས་ལ། དུས་རབས་གསར་བའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“ཁྱད་ཆོས་བཞི”ཡི་ཆབ་སྲིད་ཚད་གཞི་དང་།  ནུས་པར་བརྟེན་ནས་ལས་བྱེད་པ་བེད་སྤྱོད་དང་རྒྱུགས་འབྲས་དངོས་ལ་བརྟེན་ན་མི་བཀོལ་བའི་ཕྱོགས་སྟོན་བཙུགས་ནས། བློ་སེམས་དཀར་ལ་ཁག་ཁུར་ཡོད་པ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་མོ་འཁུར་བའི་བྱང་ཚད་མཐོ་བའི་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་སྡེ་བསྐྲུན་དགོས། “དགོས་ངེས་གསུམ”ཡིད་ལ་དམ་པོར་བཅངས་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། འཐབ་རྩོད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འཐབ་རྩོད་ཀྱི་ནུས་པ་ཇེ་མཐོར་གཏོང་བ། འགལ་ཟླ་དང་རྩོད་གཞིའི་མདུན་དུ་དཀའ་གནད་ལ་མི་སྐྲག་པར་གདོང་ཐུག་བྱེད་ཕོད་པ། དཀའ་གནད་ཀྱི་མདུན་དུ་རང་སྲོག་འབེན་དུ་འཇོག་ཕོད་པ། ཏང་དང་མི་དམངས་ཀྱི་ཁེ་ཕན་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་དང་བསྒྲགས་གཏམ་ཡོད་ཚད་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བའི་བྱ་གཞག་མདུན་སྐྱོད་ཡོང་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 
  ཝང་ཅུན་ཀྲེེང་གིས་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྦྱོང་བྱེད་ཕྱོགས་དར་སྤེལ་དུ་བཏང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་དགོས་ཤིང་། མགོ་ཁྲིད་རྩ་འཛུགས་དང་རིམ་པ་སོ་སོའི་ཏང་སྲིད་ཀྱི་མགོ་ཁྲིད་བློ་མཐུན་གཙོ་བོས་དངོས་སུ་དམ་འཛིན་དང་སྣེ་ཁྲིད་ནས་དམ་འཛིན་བྱེད་པར་ཤུགས་སྣོན་བརྒྱབ་ནས། ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཁག་སོ་སོ། ལས་རིགས་ཁག་གི་དོན་དངོས་དང་ཟུང་འབྲེལ་ཧུར་ཐག་བྱས་ཏེ། ལག་བསྟར་དོན་འཁྱོལ་གྱི་ཞིབ་ཕྲའི་བྱེད་ཐབས་ཞིབ་འཇུག་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས་ཚོགས་ཆེན་གྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱེད་པ། སློབ་སྦྱོང་དང་གསོ་སྦྱོང་གི་ལས་དོན་ལ་དམ་འཛིན་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རིམ་པ་སོ་སོའི་ཏང་ཨུའི་ལྟེ་གནས་ཚན་ཆུང་དང་། ཏང་གི་སློབ་གྲྭའི་སློབ་སྦྱོང་ནང་དོན་གལ་ཆེན་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ངེས་སྦྱོང་སློབ་ཚན་དུ་བརྩིས་ཏེ། རྣམ་པ་སྣ་ཚོགས་དང་རིམ་པ་དབྱེ་བ། ཡོངས་སུ་ཁྱབ་པའི་སློབ་སྦྱོང་གསོ་སྦྱོང་གཏིང་ཟབ་སྤེལ་བ་དང་། ཁོངས་གཏོགས་ཡོངས་སུ་སློབ་སྦྱོང་དང་། ལས་གནས་མཉམ་འདྲེས་བྱས་ནས་སློབ་སྦྱོང་། བསམ་གཞིགས་གཏིང་ཟབ་བྱས་ནས་སློབ་སྦྱོང་། གནད་དོན་ཁྲིད་ནས་སློབ་སྦྱོང་བཅས་བྱས་ནས། མི་སེམས་ལ་ཟུག་པར་བྱེད་པ་དང་བྱ་སྤྱོད་དང་འདུ་ཤེས་གཉིས་གཅིག་གྱུར་ཡོང་བར་བྱེད་དགོས། དྲིལ་སྒྲོག་དང་སྒྲོག་འགྲེལ་ཁྱབ་གདལ་དུ་གཏོང་བ་དང་། བྱ་ཡུལ་ཅན་དང་རིགས་དབྱེ་ཅན། མཉམ་འགུལ་ཅན་ལ་དོ་ཁུར་བྱས་ནས་མང་ཚོགས་ཀྱིས་གོ་སླ་བའི་སྐད་ཆ་དང་ལྟ་འདོད་ཉན་སྤྲོའི་བྱེད་ཐབས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལས་ཁུངས་དང་ཁེ་ལས། རོང་འབྲོག་ཁུལ། སློབ་གྲྭ སྡེ་ཁུལ། དགོན་སྡེ། དྲ་རྒྱ་བཅས་སུ་བསྐྱོད་པར་སྐུལ་འདེད་བཏང་ནས། ལས་བྱེད་མང་ཚོགས་ཀྱིས་གོ་བ་ལེན་ཐུབ་པ་དང་ཁོང་དུ་ཆུད་པ། དོན་འཁྱོལ་ཡོང་བར་བྱེད་དགོས། སྤྱོད་ཚུལ་འགན་སྲུང་ཇེ་དྲག་ཏུ་བཏང་ནས་སྤྱོད་ཚུལ་མི་ལེགས་པ་ནིི་ང་ཚོས་ལས་དོན་ཁྲོད་ཀྱི་དགྲ་བོ་ཆེ་ཤོས་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རླབས་ཆེའིི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས། བོད་ལྗོངས་སྔ་རབས་པའི་སྙིང་སྟོབས་བཅས་དར་སྤེལ་དུ་གཏོང་བ་དང་། དངོས་ཐོག་བདེན་འཚོལ། དངོས་སྒྲུབ་དངོས་འཛིན་བཅས་ལག་ལེན་ནན་ཏན་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་ལས་དོན་ཁག་བོད་ལྗོངས་སུ་ལག་བསྟར་དོན་འཁྱོལ་ཐུབ་པར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་གྱིས་བསྟན། །
རྩོམ་སྒྲིག་པ། བདེ་སྒྲོན།