ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > བརྙན་ཐུང་།

བོད་ལྗོངས་ལྷོ་ཁ་ས་ཁུལ་ཁེ་གསུམ་སྡེ་ཁུལ་གྱི་འཕེལ་རྒྱས་ལ་གཟིཊ་དང་།

སྤེལ་དུས 2022-10-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
ཁེ་གསུམ་སྡེ་ཁུལ་གྱི་འཕེལ་རྒྱས་ལ་གཟིགས་དང་།
          གསར་འགོད་པ་བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་གཞི་རིམ་ཏང་ཀྲི་པུའི་གནས་ཡུལ་དང་པོ་ཡིན་པའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་གྱི་གྲོང་མི་ཨུ་ལྷན་དུ་སྐྱོད་སྐབས། གྲོང་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་གླུ་ལེན་གར་འཁྲབ་ཀྱིས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་འབུལ་བཞིན་འདུག
         ལོ་བཅུའི་རིང་། ཁེ་གསུམ་སྡེ་ཁུལ་གྱིས་ཞིང་ལས་འཕྲུལ་ཆས་ཀྱིས་རྨོ་འདེབས་བྱེད་པའི་ཆུ་ཚད་ཁྱབ་གདལ་ཧུར་ཐག་བཏང་ནས་ཞིང་འབྲེལ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད།                   
         2021ལོར། ཁེ་གསུམ་སྡེ་ཁུལ་གྱི་གྲོང་མི་ཨུ་ལྷན་གྱི་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་ཚད་དེ2012ལོའི32%ནས100%བར་འཕར་བ་དང་། གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ2012ལོའི་སྒོར9228.9ནས2021ལོའི་སྒོར27468.29བར་མང་དུ་སོང་ཡོད། ཁེ་གསུམ་འདི་ཉིད་ད་ཆ་ལྷོ་ཁ་གྲོང་ཁྱེར་གྱི་ཐོན་ལས་དར་རྒྱས་དང་འཚོ་བ་འབྱོར་ཕྱུག་ལྡན་པའི་དེང་རབས་ཅན་གྱི་སྡེ་ཁུལ་གསར་པ་ཞིག་ཏུ་གྱུར་ཡོད། 
རྩོམ་སྒྲིག་པ། སྣང་རྡོར།