ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > བརྙན་ཐུང་།

ཏང་རྟགས་དང་ཏང་དར་སྤྱོད་ལུགས་ལ་གཏན་འབེབས་གང་དག་ཡོད།

སྤེལ་དུས 2022-10-20 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

          ཏང་རྟགས་དང་ཏང་དར་སྐོར་ལ་ཞིབ་ཕྲའི་གཏན་འབེབས་གང་དག་ཡོད་དམ། ག་དུས་ལ་ཏང་རྟགས་དང་ཏང་དར་བཀོལ་དགོས་སམ། བརྙན་ཐུང་ཞིག་གི་ཐོག་ནས་ཤེས་ཐུབ་ཀྱི་ཡོད།  
          ཀྲུང་གོའི་གུང་ཁྲན་ཏང་གི་ཏང་རྟགས་དང་ཏང་དར་ནི་ཀྲུང་གོའི་གུང་ཁྲན་ཏང་གི་རྟགས་མཚན་དང་མཚོན་རྟགས་ཡིན། ཏང་རྟགས་ནི་ཟོར་དང་ཐོ་བ་ལས་གྲུབ་པའི་རི་མོ་ཞིག་ཡིན་པ་དང་། ཏང་གི་དར་ཆ་ནི་དར་ངོས་སུ་གསེར་མདོག་གི་ཏང་རྟགས་རི་མོ་བཙེམས་པའི་དར་དམར་ཞིག་ཡིན། 
          ཏང་རྟགས་དང་ཏང་དར་གྱིས་ཀྲུང་གོའི་གུང་ཁྲན་ཏང་ནི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་ལ། དུས་མཚུངས་སུ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཡིན་ཞིང་། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་ཡོང་བ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་པ་བཅས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཡིན་པ་གསལ་པོར་མཚོན།
          ཏང་རྟགས་སམ་ཡང་ན་ཏང་རྟགས་ཀྱི་རི་མོ་བེད་སྤྱོད་བྱ་དགོས་པའི་གནས་ཚུལ་ནི། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་། འཐུས་མིའི་གྲོས་ཚོགས། ས་གནས་ཀྱི་རིམ་ཁག་གི་འཐུས་མི་ཚོགས་ཆེན། འཐུས་མིའི་གྲོས་ཚོགས་བཅས་འཚོགས་སྐབས། མངོན་གསལ་ཆེ་བའི་གནས་སུ་ཏང་རྟགས་འགེལ་དགོས་པ་མ་ཟད། ཏང་རྟགས་ཀྱི་གཞོགས་གཉིས་སུ་དར་དམར་5རེ་འགེལ་དགོས། ཏང་གི་ཀྲུང་དབྱང་དང་ས་གནས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་སྐོང་འཚོགས་བྱས་སྐབས། མངོན་གསལ་ཆེ་བའི་གནས་སུ་ཏང་རྟགས་འགེལ་དགོས་པ། ཏང་གི་ཀྲུང་དབྱང་དང་ས་གནས་ཨུ་ཡོན་ལྷན་ཁང་དང་དེའི་ལས་དོན་སྡེ་ཁག ཏང་གི་ཀྲུང་དབྱང་དང་ས་གནས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་དམིགས་བསལ་ས་ཁོངས་སུ་མངག་གཏོང་བྱས་པའི་འཐུས་ཚབ་ལས་ཁུངས་དང་། དེའི་ལས་དོན་སྡེ་ཁག ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས། ཏང་ཙུའུ།ཏང་གི་གཞི་རིམ་རྩ་འཛུགས་བཅས་ཀྱི་ཐམ་ཀ་(ཐམ་དཔེ)ཡི་དཀྱིལ་དུ་ཏང་རྟགས་ཀྱི་རི་མོ་བརྐོས་ཡོད།
          ཏང་གི་དར་ཆ་སྤྱོད་དགོས་པའི་གནས་ཚུལ་ནི། ཏང་ཡོན་གསར་པ་ཏང་ནང་དུ་ཞུགས་པའི་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་བ་དང་། ཏང་ཡོན་སྒྲིག་འཛུགས་བྱས་ཏེ་ཏང་ནང་དུ་ཞུགས་པའི་དམ་ཚིག་བསྐྱར་དུ་སྦྱོང་བ། ཏང་ནང་དུ་རྟེན་འབྲེལ་དང་དྲན་གསོའི་བྱེད་སྒོ་གལ་ཆེན་སྤེལ་བ། ཏང་གི་ཀྲུང་དབྱང་དང་ས་གནས་ཨུ་ཡོན་ལྷན་ཁང་དང་དེའི་ལས་སྒྲུབ་སྡེ་ཁག་དང་།ཏང་གི་ཀྲུང་དབྱང་དང་ས་གནས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་དམིགས་འཛུགས་ས་ཁོངས་སུ་མངགས་པའི་འཐུས་ཚབ་ལས་ཁུངས་དང་དེའི་ལས་སྒྲུབ་སྡེ་ཁགཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས། ཏང་ཙུའུ་བཅས་ཀྱི་ཚོགས་ཁང་ལ་སྤྱོད་དགོས། 
          ཏང་རྟགས་དང་ཏང་དར་དང་། དེ་བཞིན་དེ་དག་གི་རི་མོ་བཅས་ནི་ཚོང་རྟགས་དང་ཆེད་ཁེའི་བདག་དབང་སྤྲད་པའི་ཕྱི་ཚུལ་ཇུས་འགོད་དང་ཚོང་ལས་ཀྱི་མཚམས་སྦྱོར་བརྡ་ཁྱབ་བཅས་དང་། སྒེར་གྱི་བྱེད་སྒོ། སྒེར་གྱི་གནས་ཡུལ་དང་མི་སྒེར་གྱི་དྲ་རྒྱའི་བར་སྟོང་གི་མཚོན་རྟགས་དངོས་པོ། མི་སྒེར་གྱི་རྒྱུན་མཁོའི་མཁོ་ཆས་དང་རྒྱུན་གཏན་འཚོ་བའི་སྒྲིག་ཆས་བཀོད་སྒྲིག་དང་། དེ་མིན་མི་འཚམ་པའི་གནས་ཡུལ་དང་། གནས་ཚུལ། ཁོར་ཡུག་བཅས་ལ་སྤྱོད་མི་ཆོག་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།