ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > བརྙན་ཐུང་།

ཀྲུང་གོའི་གུང་ཁྲན་ཏང་གི་རང་ཉིད་གསར་བརྗེའི་ལམ་ལུགས་ཚད་ལྡན་མ་ལག་་་་་་

སྤེལ་དུས 2022-10-20 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

         ཟླ་10ཚེས་17ཉིན་གྱི་ཕྱི་དྲོར། ཚོགས་ཆེན་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་སུ་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཡོད། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཤིང་། གསར་འགོད་པའི་དྲི་བར་ལན་ཡང་བསྐྱོན་པ་རེད། 
         ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཐན་ཕེ་ཡན་གྱིས་ངོ་སྤྲོད་བྱས་དོན། རང་ཉིད་གསར་བརྗེ་བྱེད་ཕོད་པ་དེ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་མངོན་གསལ་དོད་ཤོས་ཀྱི་ཀུན་སྤྱོད་དང་དམིགས་བསལ་ལེགས་ཆ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་བརྒྱུད་ཀྱང་ད་དུང་ལང་ཚོ་རྒྱས་ལ་དཀའ་སྡུག་ཚད་མེད་མྱོང་ཡང་མི་རབས་ནས་མི་རབས་རྒྱུན་འཁྱོངས་ཐུབ་པའི་ཧ་ལས་ས་ཞིག་རེད། མངོན་གསལ་དོད་པའི་གཤིས་རྒྱུད་དང་དམིགས་བསལ་གྱི་ལེགས་ཆ་རྒྱུན་འཛིན་ཡག་པོ་དང་། སྲུང་འཛིན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་དགོས་ན་ལམ་ལུགས་ཀྱི་ནུས་པ་དང་ཁ་འབྲལ་ཐབས་མེད་པ་རེད།  
རྩོམ་སྒྲིག་པ། སྣང་རྡོར།