ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > བརྙན་ཐུང་།

འཐུས་མི་བསྟན་འཛིན་དོན་གྲུབ་ཀྱི་རྒྱན་གོས་དང་འབྲེལ་བའི་སྤོབས་སེམས།

སྤེལ་དུས 2022-10-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

        འཕོ་འགྱུར་བརྗོད་ཅིང་བདེ་སྐྱིད་གླེང་།
        ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་གྱི་བོད་ལྗོངས་ཀྱི་འཐུས་མི་ཚོ་ནི་ལས་རིགས་ཁག་དང་འཐབ་ཕྱོགས་མི་འདྲ་བ་ནས་ཡོང་བ་ཤ་སྟག་ཡིན་ཞིང་།  ཁོང་ཚོས་ཐེངས་འདིར་རང་ཉིད་ལ་དོན་སྙིང་ཆེན་པོ་ལྡན་པའི་རྒྱན་གོས་དག་གྱོན་ཡོད།  རྒྱན་གོས་དེ་དག་ནི་ཁོང་ཚོའི་མི་ཚེའི་སྤོབས་སེམས་ཀྱི་འབྱུང་ཁུངས་ཡིན་ལ།  བོད་ལྗོངས་ཀྱི་ལས་རིགས་ཁག་གི་འཕེལ་རྒྱས་དང་འགྱུར་ལྡོག་གི་དཔེ་མཚོན་གསོན་པོའང་ཡིན།
        བསྟན་འཛིན་དོན་གྲུབ།
        འཐུས་མི་བསྟན་འཛིན་དོན་གྲུབ་ལ་མཚོན་ན་ཁོའི་ལས་གོས་ཀྱིས་ཁོང་ལ་སྤོབས་སེམས་ཆེན་པོ་ཞིག་སྤྲོད་བཞིན་འདུག་སྟེ།  རྒྱུ་མཚན་ཁོང་ཚང་གི་མི་རབས་གསུམ་ཚང་མ་ཐོན་ལས་བཟོ་པ་ཡིན་པས་རེད།   
        ལས་ཀར་ཞུགས་ནས་ལོ22ཕྱིན་པའི་ཁོང་གིས་ཀྱང་ཕ་མེས་ཚོ་དང་འདྲ་བར་བོད་ལྗོངས་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལས་ལ་གཞོལ་རྒྱུ་བྱུང་བར་སྤོབས་སེམས་ཆེན་པོ་བྱེད་ཀྱི་ཡོད།
        ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་བོད་ལྗོངས་མཐོ་བརྩོན་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་སྤྱི་ཁྱབ་ཅིང་ལི་གཞོན་པ་བསྟན་འཛིན་དོན་གྲུབ་ཀྱིས།  “ངའི་ལུས་ལ་གྱོན་པའི་ལྭ་བ་འདི་ནི་ལས་གོས་ཡིན།  ལས་གོས་འདིའི་སྤུས་ཀ་ལེགས་ལ་འབག་བཙོག་བྱེད་སླ་བོ་མེད་པས།  ངས་རྒྱུན་དུ་འདི་གྱོན་ནས་ལས་ཀར་བསྐྱོད་ཀྱི་ཡོད།  ཐེངས་འདིར་བདག་གིས་ལས་གོས་འདི་ཁྱེར་ནས་པེ་ཅིང་དུ་ཡོང་དོན་ཡང་རང་ཉིད་ཐོན་ལས་ཀྱི་བཟོ་པ་ཞིག་ཡིན་པ་དང་།  ལས་གནས་འདིས་རང་ཉིད་ལ་སྤོབས་སེམས་ཆེན་པོ་བསྩལ་བས་ཡིན།”ཞེས་གསུངས། 
        ཐེངས་འདིའི་ཚོགས་འདུར།  ཁོང་གིས་ཆེད་དུ་ཁེ་ལས་བཅོས་བསྒྱུར་གྱི་བརྙན་ཐུང་ཞིག་ཁྱེར་ནས་ཡོང་ཡོད་ཅིང་།  དེའི་ནང་དུ1968ལོའི་ཟླ9པར་མའོ་ཀྲུའུ་ཞིས་བོད་ལྗོངས་ཀྱི་ཐོན་ལས་བཟོ་པའི་འཐུས་མི་སྟེ།  ལྷ་ས་ཨར་འདམ་བཟོ་གྲྭའི་འཐུས་མི་རིག་འཛིན་ཆོས་སྒྲོན་ལ་མང་གོ་སེར་པོའི་འདྲ་བཟོས་ཤིག་གནང་བའི་སྐོར་བརྗོད་ཡོད་པ་དང་།  མང་གོ་སེར་པོའི་འདྲ་བཟོས་དེ་ད་ལྟ་ཁེ་ལས་རིག་གནས་ཁང་གི་རིག་དངོས་ལས་ཆེས་རྩ་ཆེ་ཤོས་སུ་གྱུར་ཡོད།
        ཚོགས་རའི་ཡུལ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་མཐོང་པ་དང་སྐུ་དངོས་སུ་མཇལ་བ་མ་ཟད།  ཁོང་གིས་སྐུ་དངོས་སུ་གནང་བའི་མ་འོངས་འཆར་འགོད་ལའང་ཉན་རྒྱུ་བྱུང་བ་དེས།  བསྟན་འཛིན་དོན་གྲུབ་ཀྱི་སེམས་སུ་འགན་འཁྲི་ལྕི་ལ་བློ་སྟོབས་རབ་ཏུ་འཕེལ་བའི་སྣང་བ་ཞིག་སྦྱིན་ཡོད།           
        བསྟན་འཛིན་དོན་གྲུབ་ཀྱིས། “སྤྱི་ཁྱབ་ཧྲུའུ་ཅིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་དུ་ང་ཚོར་ལྗང་མདོག་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས་ཞེས་བསྟན་བྱུང་ལ།  ད་ལྟ་ང་ཚོས་ཀྱང་ལྗང་མདོག་བཟོ་ལས་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད།  བོད་ལྗོངས་ནི་སྔ་མོ་ནས་ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་བ་དང་།  མཁའ་རླུང་ཡང་གཙང་།  ང་ཚོས་མུ་མཐུད་དུ་ཚན་རྩལ་གསར་གཏོད་ཀྱི་ནུས་ཤུགས་ཆེ་རུ་བཏང་ནས།  ཁེ་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ང་ཚོ་ཁེ་ལས་ཀྱི་འགན་འཁྲི་ཡིན་ལ།  ང་རང་ཏང་གི་འཐུས་མི་ཞིག་ཡིན་པའི་འགན་འཁྲི་དང་ལས་འགན་ཡང་རེད། 
རྩོམ་སྒྲིག་པ། སྣང་རྡོར།