ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > བརྙན་ཐུང་།

འཐུས་མི་ཤི་ལོག་སྒྲོལ་མའི་རྒྱན་གོས་དང་འབྲེལ་བའི་སྤོབས་སེམས།

སྤེལ་དུས 2022-10-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

         འཕོ་འགྱུར་བརྗོད་ཅིང་བདེ་སྐྱིད་གླེང་།
         ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་གྱི་བོད་ལྗོངས་ཀྱི་འཐུས་མི་ཚོ་ནི་ལས་རིགས་ཁག་དང་འཐབ་ཕྱོགས་མི་འདྲ་བ་ནས་ཡོང་བ་ཤ་སྟག་ཡིན་ཞིང་།  ཁོང་ཚོས་ཐེངས་འདིར་རང་ཉིད་ལ་དོན་སྙིང་ཆེན་པོ་ལྡན་པའི་རྒྱན་གོས་དག་གྱོན་ཡོད།  རྒྱན་གོས་དེ་དག་ནི་ཁོང་ཚོའི་མི་ཚེའི་སྤོབས་སེམས་ཀྱི་འབྱུང་ཁུངས་ཡིན་ཞིང་།  བོད་ལྗོངས་ཀྱི་ལས་རིགས་ཁག་གི་འཕེལ་རྒྱས་དང་འགྱུར་ལྡོག་གི་དཔེ་མཚོན་གསོན་པོའང་ཡིན།
         ཤི་ལོག་སྒྲོལ་མ།
         དགོང་ཟས་བཟས་རྗེས། ཤི་ལོག་སྒྲོལ་མས་དེ་རིང་གི་ལུས་སྦྱོང་བྱེད་འགོ་ཚུགས་ཤིང་། དེ་ནི་ཁོང་ལུས་རྩལ་པ་ཞིག་ཡིན་པའི་ངོས་ནས་ལོ་མང་རྒྱུན་འཁྱོངས་བྱས་པའི་གོམས་གཤིས་བཟང་པོ་ཞིག་རེད་ལ། ལུས་རྩལ་གྱོན་གོས་ཆ་ཚང་འདི་ཁོང་གིས་རྒྱུན་གཏན་ནས་ལུས་ཐོག་ཏུ་གྱོན་གྱི་ཡོད།
         ཤི་ལོག་སྒྲོལ་མ་དང་མཉམ་དུ་ཁོང་གི་ཉལ་ཁང་དུ་འབྱོར་སྐབས། ཁོང་གིས་འགྲུལ་སྒམ་ནས་རིན་ཐང་བྲལ་བའི་གསེར་གྱི་རྟགས་མ་ཞིག་བཏོན་བྱུང་།
         ལོ་འདི་དག་རིང་།  བོད་ལྗོངས་སུ་དམངས་ཡོངས་བདེ་ཐང་ལུས་སྦྱོང་གི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བས།  མི་དམངས་ཀྱི་གཟུགས་པོའི་བྱང་ཚད་ཇེ་ལེགས་སུ་ཕྱིན་པ་མ་ཟད།  བོད་ལྗོངས་ཀྱི་ལུས་རྩལ་བྱ་གཞག་དང་ལྷག་པར་དུ་རྩལ་འགྲན་ལུས་རྩལ་ཐད་ལའང་ཚད་བརྒལ་གསར་པ་རྒྱུན་ཆད་མེད་པར་བྱུང་ཡོད།
         ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་བོད་རང་སྐྱོང་ལྗོངས་རྩལ་འགྲན་ལུས་རྩལ་དོ་དམ་ལྟེ་གནས་སྦྱོང་བརྡར་ཁོའོ་ཡི་ཁོའོ་ཀྲང་ཤི་ལོག་སྒྲོལ་མས་གསུངས་དོན།  ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། མང་ཚོགས་ལུས་རྩལ་དང་རྩལ་འགྲན་ལུས་རྩལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པར་མགྱོགས་སུ་གཏོང་དགོས་ཞེས་བསྟན་པས།  དེས་ང་ཚོ་བོད་ལྗོངས་ཀྱི་ལུས་རྩལ་ལས་དོན་ལ་གནས་བབ་གསར་པ་དང་།  བླང་བྱ་གསར་པ།  ལས་འགན་གསར་པ་བཅས་བཏོན་ཡོད།                                  
         བོད་ལྗོངས་སུ་ལུས་རྩལ་པ་ཆུང་གྲས་རྩེ་གྲ་མང་པོ་ཡོད་པས་ངའི་ལས་འགན་ནི་ཁོང་ཚོ་འཚར་ལོངས་ཡོང་རྒྱུར་རོགས་རམ་བྱེད་པ་དང་ང་ཚོ་ཚང་མས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཕུལ་བྱུང་ལུས་རྩལ་ཤེས་ལྡན་མི་སྣ་དེ་བས་མང་པོ་གསོ་སྐྱོང་ཐུབ་པ་བྱ་རྒྱུ་དེ་རེད།  
རྩོམ་སྒྲིག་པ། སྣང་རྡོར།