ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > གསར་འགྱུར།

ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིན་དུ་ཚོགས་མགོ་བརྩམས།

སྤེལ་དུས 2022-10-18 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།

ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྙན་ཞུ་ཕུལ།

ལི་ཁེ་ཆང་གིས་ཚོགས་ཆེན་ལ་མགོ་འཛིན་མཛད། འཐུས་མི་དང་ཆེད་ཞུས་འཐུས་མི2340ཚོགས་ཆེན་ལ་ཞུགས།


ཟླ10པའི་ཚེས16ཉིན། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་མགོ་བརྩམས། ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྙན་ཞུ་ཕུལ།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེམས་ཤུགས་གཅིག་སྒྲིལ་གྱིས་བསྐྱར་དར་གྱི་འཆར་གཞི་གསར་པ་འབྲི། མཐུན་སྒྲིལ་འབད་འཐབ་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་གསར་པ་གཏོད།འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཚེས16ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས།

        ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་ཆེད་དུ་མཐུན་སྒྲིལ་འབད་འཐབ་བྱེདཅེས་པའི་སྙན་ཞུ་ཕུལ། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་བགྲོད་ལམ་གསར་པར་སྐྱོད་པ་དང་། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་པའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་རེད། ཚོགས་ཆེན་གྱི་བརྗོད་དོན་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། རང་རྟོན་རང་དར་དང་བདེན་སྲུང་གསར་གཏོད། ཡར་བརྩོན་ལྷུར་ལེན། ཞུམ་མེད་མདུན་སྐྱོད་བཅས་ཀྱིས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་སྤེལ་གྱི་ཆེད་དུ་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་དེ་ཡིན།

        མི་དམངས་ཚོགས་ཁང་ཆེན་མོར་རྔམ་བརྗིད་དང་ལྡན་ཞིང་། མི་ཁྲིའི་ཚོམས་ཁང་ཆེན་མོར་སྤྲོ་སེམས་རབ་ཏུ་འཁོལ། ཀྲུའུ་ཞི་སྟེགས་བུའི་སྟེང་ཕྱོགས་སུ“ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ”ཞེས་པའི་ཚོགས་རྟགས་བཀལ་ཡོད་པ་དང་། རྒྱབ་ཀྱི་དཀྱིལ་དབུས་ནི་ཟོ་ར་དང་ཐོ་འགོག་གིས་གྲུབ་པའི་ཏང་རྟགས་ཡིན་ལ། བཀྲག་མདངས་ལྡན་པའི་དར་དམར10་གཞོགས་གཉིས་སུ་བགོས་ནས་བཞག་འདུག ཉིས་ཐོག་དང་སུམ་ཐོག་གི་གཟིགས་སྟེགས་སྟེང་སོ་སོར“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་སྤེལ་གྱི་ཆེད་དུ་མཐུན་སྒྲིལ་འབད་འཐབ་བྱེད་དགོས”དང “རླབས་ཆེན། གཟི་བརྗིད། ཡང་དག་པའི་ཀྲུང་གོའི་གུང་ཁྲན་ཏང་ཁྲི་ལོ་ཤོག”ཅེས་པའི་སྦྱར་བྱང་བཀལ་འདུག


        ཟླ10པའི་ཚེས16ཉིན། ཀྲུང་གོའི་གུངཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་མགོ་བརྩམས། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཧུའུ་ཅིན་ཐའོ་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་པའི་ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཏིང་ཞུའེ་ཞང་། ཝང་ཁྲེན། ལིའུ་ཧོ། ཞུས་ཆི་ལེའང་། སུན་ཁྲུན་ལན། ལི་ཞི། ལི་ཆང་། ལི་ཧུང་ཀྲུང་། དབྱང་ཅེ་ཁྲེ། དབྱང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཁྲེན་ཆོན་ཀུའོ། ཁྲེན་རྨིན་ཨེར། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཧུའུ་ཅིན་ཐའོ། ལི་རུའེ་ཧོན། ཝུན་ཅ་པའོ། ཅ་ཆིང་ལིང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། སུང་ཕིང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ཧོ་ཀུའོ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི། ཡིའུ་ཆོན། ཀྲང་ཆིང་ལི་བཅས་ཡོད།

ཚོགས་ཆེན་ལ་ལི་ཁེ་ཆང་གིས་མགོ་འཛིན་མཛད། སྔ་དྲོའི་དུས་ཚོད10ཡི་སྟེང་གྲོས་ཚོགས་མགོ་བརྩམས། ཚོགས་ར་ཡོངས་ཡར་ལངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེའི་རྗེས་སུ། བློ་མཐུན་ཡོངས་ཀྱིས་མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིང་། ཁྲེན་ཡུན་སོགས་འདས་པོ་རྒན་རབས་པའི་འབྱོར་མེད་གྲལ་རིམ་གསར་བརྗེ་པ་དང་གསར་བརྗེ་སྔོན་གཤེགས་དཔའ་བོ་རྣམས་ལ་ངག་བསྡམས་མྱ་ངན་ཞུས།

ལི་ཁེ་ཆང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་འོས་པའི་འཐུས་མི2296དང་ཆེད་ཞུས་འཐུས་མི83ཏེ། བསྡོམས་པས2379ཡོད་པ་དང་། དེ་རིང་དངོས་སུ་ཞུགས་པའི་མི2340ཡོད་པ་ཁྱབ་བསྒྲགས་བྱས། ཁོང་གིས་ཚོགས་ཆེན་ལ་ཟུར་ཞུགས་བྱས་པའི་ཏང་ཕྱིའི་གྲོགས་པོ་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས།


ཟླ10པའི་ཚེས16ཉིན། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་མགོ་བརྩམས། ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྙན་ཞུ་ཕུལ།

        ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་ཕུལ་བའི་སྙན་ཞུར་བསྡོམས་པས་ཁག15རུ་དབྱེ་ཡོད་དེ། གཅིག འདས་པའི་ལོ་ལྔ་ཡི་བྱ་བ་དང་དུས་རབས་གསར་པའི་ལོ་ངོ་བཅུའི་འགྱུར་ལྡོག་རླབས་ཆེན། གཉིས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ཡུལ་ཁམས་གསར་པ་གཏོད་པ། གསུམ། དུས་རབས་གསར་པ་དང་བགྲོད་ལམ་གསར་པའི་ཀྲུང་གོའི་གུང་ཁྲན་ཏང་གི་ལས་འགན་གསར་པ། བཞི། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་མགྱོགས་མྱུར་གྱིས་བསྐྲུན་ཏེ། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྔ། ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་ལ་འཇོན་མིས་འདེགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། དྲུག བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་སྟེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱེད་པ། བདུན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། བརྒྱད། རིག་གནས་ཀྱི་རང་རྟོན་རང་དར་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལ་གཟི་འོད་གསར་པ་བསྐྲུན་པ། དགུ དམངས་འཚོའི་བདེ་རྩ་ཆེ་རུ་བཏང་སྟེ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ།བཅུ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་སྤེལ་གཏོང་བ། བཅུ་གཅིག རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་མཐའ་གཅིག་ཏུ་སྲུང་འཛིན་བྱེད་པ། བཅུ་གཉིས། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་རྣམ་པ་གསར་པ་གཏོད་པ། བཅུ་གསུམ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བ། བཅུ་བཞི། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། བཅོ་ལྔ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོར་བསྐྱངས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་སོ།།

        ཞི་ཅིན་ཕིང་གིས་སྙན་ཞུའི་ནང་བསྟན་དོན། ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་ལྔའི་རིང་ལ། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཕྱོགས་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཅིག་གྱུར་འཆར་འགོད་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་བྱས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ་དང་། འབད་བརྩོན་དོན་ལྡན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་སྐུལ་འདེད་བཏང་ཡོད། ལོ་ལྔའི་རིང་ལ། ང་ཚོ་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། དུས་ཡུན་རིང་པོར་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་བསལ་བ་དང་། ཕུགས་ཡུན་དང་འབྲེལ་བའི་དོན་ཆེན་དོན་གལ་མང་པོ་བསྒྲུབས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཆེན་པོ་ལེན་པར་སྐུལ་འདེད་བཏང་ཡོད།

        དུས་རབས་གསར་པའི་ལོ་ངོ་བཅུའི་བྱ་བར་སྤྱི་བསྡོམས་གནང་སྐབས། ཞི་ཅིན་ཕིང་གིས་བསྟན་དོན། ལོ་བཅུའི་རིང་ལ། ང་ཚོ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་དོན་ཆེན་གསུམ་བརྒྱུད་པ་སྟེ། གཅིག་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་བསུས་པ་ཡིན། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པ་ཡིན། གསུམ་ནི་དབུལ་བྲལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་གྲུབ་བྱུང་སྟེ་ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་ཡིན། འདི་ནི་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡིན་ཞིང་། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དུ་འགོད་འོས་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡིན་ལ། འཛམ་གླིང་ལ་ཤུགས་རྐྱེན་གཏིང་ཟབ་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡང་ཡིན།

        ཞི་ཅིན་ཕིང་གིས་གསུང་རྒྱུར། ལོ་ངོ་བཅུའི་རིང་ལ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དེས། རང་རེ་རྒྱལ་ཁབ་ཕྱོགས་ཡོང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་བགྲོད་ལམ་གསར་པར་སྐྱོད་པར་སྐུལ་འདེད་བཏང་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་དུ་བཏོད་པ་དང་། ཏང་གི་མགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ནས། འབྱོར་འབྲིང་ཞེས་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་གི་འདུན་མ་མངོན་འགྱུར་བྱུང་བ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཐད་ཚན་རིག་དང་མཐུན་ཞིང་ཆ་ཚང་བའི་འཐབ་ཇུས་བཀོད་སྒྲིག་གནང་ཞིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བཏོན་པར་མ་ཟད་ལག་ལེན་མཐར་ཕྱིན་བྱས་ལ། ཆབ་སྲིད་ཀྱི་སྙིང་སྟོབས་ཆེན་པོས་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། སྔར་ལས་ཡར་བརྩོན་རང་འགུལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་རྒྱུནའཁྱོངས་བྱས་པ་དང་། མར་ཁེ་སི་རིང་ལུགས་ཀྱིས་འདུ་ཤེས་ཆགས་སྟངས་ཁྱབ་ཁོངས་ཁྲོད་ཟིན་པའི་མཛུབ་སྟོན་གོ་གནས་ཀྱི་རྩ་བའི་ལམ་ལུགས་གཏན་འཁེལ་དང་རྒྱུན་འཁྱོངས་བྱས་ལ། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་བྱས། ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་། སྤྱི་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ལ། ཏང་གིས་དུས་རབས་གསར་པར་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་གཏན་འཁེལ་བྱས་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ཕྱོགས་ཡོངས་དང་ཡང་དག་སྒོས་སྐུལ་སྤེལ་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱས་པ་བཅས་ཀྱིས། ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་། དུས་མཚུངས་སུ་ངེས་པར་དུ་གསལ་བོར་མཐོང་དགོས་པ་ནི། ང་ཚོའི་བྱ་བར་ད་དུང་མི་འདང་ས་ཁ་ཤས་གནས་ཤིང་། དཀའ་ངལ་དང་གནད་དོན་མི་ཉུང་བར་འཕྲད་ཡོད་པ་དེ་ཡིན།

        ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པའི་ལོ་ངོ་བཅུའི་འགྱུར་ལྡོག་རླབས་ཆེན་ནི། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་སྟེང་དུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་ཡིན། ལོ་ངོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ལམ་བུར་བསྐྱོད་པའི་ཀྲུང་གོའི་གུང་ཁྲན་ཏང་ནི་གསར་བརྗེ་རང་བཞིན་གྱི་ཞུན་བརྡར་ཁྲོད་སྔར་ལས་ཞུམ་མེད་སྟོབས་དང་ལྡན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དུས་ནམ་ཡང་མགོ་ཁྲིད་ཀྱི་སྲོག་ཤིང་བརྟན་པོར་གྱུར་ཡོད། ཀྲུང་གོ་མི་དམངས་ཀྱི་མདུན་སྐྱོད་སྒུལ་ཤུགས་ནི་སྔར་ལས་ཆེ་ཞིང་འབད་འཐབ་སྙིང་སྟོབས་ནི་སྔར་བས་དཔའ་ངར་དང་ལྡན། ངེས་པར་རྒྱལ་བའི་འདུ་ཤེས་ནི་སྔར་བས་བརྟན་པས། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་ཡིད་ཆེས་བརྒྱ་འགྱུར་སྒོས་ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོར་འགྱུར་བ་དང་དེ་ནས་སྟོབས་ལྡན་དུ་འགྱུར་བའི་རླབས་ཆེན་མཆོང་སྐྱོད་ལ་སྐུལ་འདེད་གཏོང་བཞིན་ཡོད།

        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལེའུ་གསར་པ་བསྟུད་མར་འབྲི་བ་ནི། དེང་རབས་ཀྲུང་གོའི་གུང་ཁྲན་ཏང་མིའི་རྔམ་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན། ལག་ལེན་གྱི་རྨང་གཞིའི་སྟེང་གཞུང་ལུགས་གསར་སྐྲུན་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་ན། ཐོག་མར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། དེའི་ཁྲོད་བསྟར་ལ་བརྒྱུས་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་ལེགས་པོ་དང་བཀོལ་སྤྱོད་ལེགས་པོ་བྱེད་དགོས། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་། རང་རྟོན་རང་སྤེལ་རྒྱུན་འཁྱོངས། བདེན་སྲུང་གསར་སྐྲུན་རྒྱུན་འཁྱོངས། གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས། གནམ་འོག་ཡིད་ལ་འཛིན་པ་རྒྱུན་འཁྱོངས་བཅས་བྱེད་དགོས།

དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཀྲུང་གོའི་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན་གླེང་སྐབས། ཞི་ཅིན་ཕིང་གིས་བསྟན་དོན། ད་ལྟ་ནས་བཟུང་། ཀྲུང་གོའི་གུང་ཁྲན་ཏང་གི་ལྟེ་གནས་ལས་འགན་ནི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་གོ་མི་རིགས་རླབས་ཆེན་བསྐྱར་དར་འབྱུང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཡིན། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་། རྩ་དོན་ཆེན་པོ་ངེས་པར་དུ་ཡིད་ལ་དམ་པོ་འཛིན་པ་སྟེ། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་སྙིང་སྟོབས་སྐུལ་སྤེལ་གཏོང་བ་རྒྱུན་འཁྱོངས་བྱེད་པ་བཅས་ཡིན།


ཟླ10པའི་ཚེས16ཉིན། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་མགོ་བརྩམས། ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྙན་ཞུ་ཕུལ།

        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ངེས་པར་ཆ་ཚང་དང་ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་བཅོས་བསྒྱུར་བྱེད་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་གཞི་ཡིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཕན་ཚུན་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་མགྱོགས་མྱུར་གྱིས་སྐྲུན་དགོས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་དང་།གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད།ཁྱབ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད།ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཅས་བྱེད་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། ཚན་རྩལ་ནི་ཐོན་སྐྱེད་ནུས་པ་ཨང་དང་པོ་དང་། མཇོན་མི་ནི་ཐོན་ཁུངས་ཨང་དང་པོ། གསར་སྐྲུན་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་།འཇོན་མིས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་བྱས་ཤིང་།འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་བཏོད་དེ།འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་བསྟུད་མར་བསྐྲུན་དགོས། སློབ་གསོ་དམིགས་སུ་བཟུང་ནས་འཕེལ་རྒྱས་གཏོང་བ་དང་ཚན་རྩལ་རང་ཚུགས་རང་སྤེལ་ཡོང་བ། འཇོན་མིས་སྒུལ་ཤུགས་ལ་སྣེ་ཁྲིད་པ་བཅས་རྒྱུན་འཁྱོངས་བྱས་ཏེ།སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དང་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན།འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་བཅས་མགྱོགས་མྱུར་གྱིས་སྐྲུན་དགོས།

        ཞི་ཅིན་ཕིང་གིས་གསུངས་དོན། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་དང་། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་གཅིག་གྱུར་ཡོང་བ་བྱེད་དགོས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་འགན་སྲུང་ལ་ཤུགས་སྣོན་པ་དང་། གྲོས་མོལ་དམངས་གཙོ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ།གཞི་རིམ་དམངས་གཙོ་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། ཁྲིམས་སྐྱོང་གི་རྨང་གཞི་སྲ་བརྟན་དང་སྔོན་དཔག་བརྟན་བརླིང་། ཁེ་ཕན་ཡུན་རིང་ཡོང་བའི་འགན་སྲུང་ནུས་པ་ངེས་པར་དུ་འདོན་སྤེལ་གང་ལེགས་བྱས་ཏེ།ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས། རྩ་ཁྲིམས་སྲོག་ཤིང་ཡིན་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་།ཁྲིམས་ལྟར་སྲིད་སྐྱོང་བར་སྐུལ་འདེད་ཏན་ཏིག་གཏོང་བ།ཁྲིམས་འཛིན་དྲང་གཞག་དང་གཟབ་ནན་ཡོང་བར་བྱེད་པ་བཅས་ཀྱིས། ཁྲིམས་སྐྱོང་རྒྱལ་ཁབ་མགྱོགས་པོར་འཛུགས་སྐྲུན་བྱེད་དགོས།

        ཞིན་ཅིན་ཕིང་གིས་བསྟན་དོན། གཅིག་བསྡུས་ནུས་པ་དང་སྣེ་ཁྲིད་ནུས་པ་དྲག་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཁྱབ་སྒོས་ལག་བསྟར་བྱེད་པ།སྤྱི་ཚོགས་དཔལ་ཡོན་གྱི་ཆུ་ཚད་མཐོ་རུ་འདེགས་པ།རིག་གནས་ལས་དོན་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་དུ་གཏོང་བ་བཅས་ཀྱིས། ཀྲུང་ཧྭ་དཔལ་ཡོན་གྱི་བརྒྱུད་སྒྲོག་ནུས་པ་དང་ཤུགས་རྐྱེན་ནུས་པ་ཇེ་དྲག་ཏུ་གཏོང་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ལེགས་པོ་དང་སྲུང་སྐྱོང་ལེགས་པོ། འཕེལ་རྒྱས་ལེགས་པོ་བཅས་བྱེད་པ་དང་།མི་དམངས་ཀྱིས་ཆེས་སེམས་ཁུར་དང་ཆེས་ཐད་ཀར་ཆེས་མངོན་སུམ་གྱི་ཁེ་ཕན་གནད་དོན་དམ་པོར་བཟུང་ནས།ཅི་ཐུབ་གང་ཐུབ་དང་ནུས་པས་ལྕོགས་ཚོད་བྱེད་དགོས། ལས་བགོས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ལས་ཞུགས་དམིགས་སུ་འཛིན་པའི་འཐབ་ཇུས་ལག་བསྟར་བྱེད་པ།སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྐྱོན་དང་བྲལ་བའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ངེས་པར་དུ་བརྟན་པོར་འཛུགས་པ་དང་།མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བའི་མཐོ་ཚད་ནས་འཕེལ་རྒྱས་ཇུས་འགོད་བྱེད་དགོས། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཏུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་།ཁོར་ཡུག་སྦགས་བཙོག་གི་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་ཇེ་མཐོར་བཏང་ནས། ཐཱན་རྩེ་གནོན་དང་ཐཱན་སྙོམས་འཛིན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ཏེ།རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཡོངས་སུ་བརྒྱུད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ་དང་།རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་ཇེ་དྲག་ཏུ་གཏོང་བ།སྤྱི་པའི་བདེ་འཇགས་ཀྱི་བཅོས་སྐྱོང་ནུས་པ་མཐོར་འདེགས་གཏོང་བ།སྤྱི་ཚོགས་ཀྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱས་ཏེ། མི་དམངས་དམག་དཔུང་དེ་མྱུར་དུ་འཛམ་གླིང་གི་དམག་དཔུང་རྩེ་གྲ་རུ་བསྐྲུན་རྒྱུ་ནི། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་ཡོངས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བླང་བྱ་ཡིན། དམག་སྦྱོང་དམག་གྲབས་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། དམག་དོན་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། གཅིག་འགྲིལ་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་དགོས།

        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེ་བའི་གསར་གཏོད་ཅིག་ཡིན་ལ། ཞང་ཀང་དང་ཨའོ་མོན་ཕྱིར་ལོག་རྗེས་ཡུན་རིང་དར་རྒྱས་བརྟན་རླིང་ཡོང་བ་རྒྱུན་སྲུང་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཆེས་ལེགས་པོ་ཡིན་པས།ངེས་པར་དུ་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་ལྟར་ཞང་ཀང་སྐྱོང་བ་དང་ཨའོ་མོན་སྐྱོང་བ་རྒྱུན་འཁྱོངས་དང་།ཀྲུང་དབྱང་གི་ཕྱོགས་ཡོངས་དོ་དམ་བཅོས་སྐྱོང་དབང་ཆ་དོན་འཁྱོལ་བྱེད་པ། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བ”དང“རྒྱལ་གཅེས་པས་ཨའོ་མོན་སྐྱོང་བ”ཡི་རྩ་དོན་དོན་འཁྱོལ་བྱེད་པ།ཞང་ཀང་དང་ཨའོ་མོན་སྔར་ལས་བཟང་པོའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་རྒྱབ་སྐྱོར་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བར་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།ཆེས་ཆེ་བའི་ལྷག་བསམ་དང་ཆེས་ཆེ་བའི་ཧུར་ཐག་གིས་ཞི་བདེ་གཅིག་གྱུར་གྱི་མདུན་ལྗོངས་བརྩོན་དགོས་མོད།འོན་ཀྱང་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་འདོན་པའི་གདམ་ཀ་སོར་བཞག་བྱེད་དགོས། མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བ་ངེས་པར་དུ་མངོན་འགྱུར་བྱེད་དགོས་ལ་མངོན་འགྱུར་ཡོང་ཁོ་ཐག་ཡང་ཡིན།

        ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་སོགས་སྔར་བྱུང་མ་མྱོང་བའི་ཕྱོགས་སུ་འཕེལ་བཞིན་ཡོད། ཀྲུང་གོས་ཁེར་རྐྱང་རང་བདག་གི་ཞི་བདེ་ཕྱི་འབྲེལ་སྲིད་ཇུས་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་བྱེད་པ་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་རྒྱལ་ཁབ་སོ་སོར་འཕེལ་རྒྱས་དང་མཛའ་བརྩེ་ངང་མཉམ་ལས་བྱེད་པ། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཚུལ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱིས།ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་ལག་རྡང་གཅིག་ཏུ་སྦྲེལ་ནས་མིའི་རིགས་ཀྱི་མཛེས་པའི་མ་འོངས་པ་སྐྲུན་རྒྱུའི་མོས་འདུན་ཡོད།

        ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཡོངས་ཀྱིས་ངེས་པར་དུ་ཏང་ནན་གྱིས་སྐྱོང་བ་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་གི་རང་སྟེང་གསར་བརྗེ་ནམ་ཡང་ལམ་དུ་ཡོད་པས། ལྷོད་གཡེང་དང་བག་གཡེང་གཏན་ནས་བྱེད་མི་རུང་བ་དང་ཐང་ཆད་པ་དང་སུན་སྣང་གི་སེམས་ཁམས་གཏན་ནས་ཡོད་མི་རུང་བར། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་དང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་བཏང་ནས། ཏང་གི་རང་སྟེང་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་དགོས་པ་ཡིད་ལ་དམ་པོར་འཛིན་དགོས།

        ཁོང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་བསྣན་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་ཡོང་བ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། ཏང་གི་རང་སྟེང་གསར་བརྗེའི་ལམ་ལུགས་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་མོ་ཕྲག་ཏུ་ལེན་པའི་སྤུས་མཚག་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་པ།ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་ཇེ་དྲག་ཏུ་གཏོང་བ།གཟབ་ནན་གྱི་བྱེད་ཕྱོགས་ཀྱིས་སྲོལ་བཟང་སྒྲིག་ནན་ཡོང་བ་རྒྱུན་འཁྱོངས་བཅས་བྱས་ཏེ། རུལ་རྒོལ་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་ཡུན་རིང་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། ཏང་གིས་རླབས་ཆེན་འབད་འཐབ་ལ་བརྟེན་ནས་ལོ་བརྒྱའི་བྱ་གཞག་རླབས་ཆེན་བསྐྲུན་ཡོད་པས།རླབས་ཆེན་འབད་འཐབ་གསར་པར་བརྟེན་ནས་རླབས་ཆེན་བྱ་གཞག་གསར་པ་སྐྲུན་ཐུབ་ཁོ་ཐག་ཡིན།

        ཞི་ཅིན་ཕིང་གིས་སྙན་ཞུ་འབུལ་བའི་གོ་རིམ་ཁྲོད། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲ་ཡང་ཡང་གྲག

        ད་ལྟ་འགན་བཞེས་པ་དང་སྔོན་ཆད་འགན་བཞེས་མྱོང་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་ཏང་ཕྱིའི་མི་སྣ། པེ་ཅིན་དུ་ཡོད་པའི་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།ཏང་ཁག་གང་ལའང་མི་གཏོགས་འཐུས་མི། ཆོས་ལུགས་ལས་རིགས་ཁག་གི་འཐུས་མི། པེ་ཅིན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་རྒྱུན་ཨུའི་ཁྲོད་ཀྱི་དམངས་གཙོ་ཏང་ཁག་གམ་ཏང་ཁག་གང་ལའང་མི་གཏོགས་པ་དང་ཆོས་ལུགས་ལས་རིགས་ཁག་གི་མི་སྣ་བཅས་སྐུ་མགྲོན་བྱས་ཏེ་ཚོགས་ཆེན་ལ་ཟུར་ཞུགས་བྱས་ཡོད། ཏང་ནང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་རྣམས་ཀྱང་ཚོགས་ཆེན་ལ་ཟུར་ཞུགས་བྱས་ཡོད།

        རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ2500ལྷག་གིས་མགོ་རྩོམ་མཛད་སྒོའི་གནས་ཚུལ་གཟབ་རྒྱས་བཅར་འདྲི་དང་འགོད་སྤེལ་བྱས།  །

རྩོམ་སྒྲིག་པ། རིག་གྲོལ།