ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > གསར་འགྱུར།

“འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པའི”བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་གྱི་པར་རིས་བདམས་བཀོད།

སྤེལ་དུས 2022-10-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

བོད་རང་སྐྱོང་ལྗོངས་དིང་རི་རྫོང་དུ་ཡོད་པའི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་སྦྲེལ་ཚུགས་ཏེ། ཇོ་མོ་གླང་མའི་5Gསྦྲེལ་ཚུགས་བཙུགས་པ་ལས་5Gབརྡ་རྟགས་ཇོ་མོ་གླང་མའི་བྱང་འདབས་ཀྱི་རི་འཛེག་ལམ་ཐིག་དང་དེ་བཞིན་རི་རྩེར་ཁྱབ་པ།


བོད་རང་སྐྱོང་ལྗོངས་མཚོ་གཉིས་རྫོང་དུ་ཡོད་པའི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་སྣུམ་སྣོན་ས་ཚིགས་ཏེ། མཚོ་གཉིས་སྣུམ་སྣོན་ས་ཚིགས་ཀྱི་ལས་བཟོ་ཚོས་གངས་འཁྱགས་ལ་མི་འཛེམས་པར་འབྲོག་པའི་སྦག་སྦག་ལ་སྣུམ་བླུག་བཞིན་པ།


མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་དུ་ཡོད་པའི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་མེ་འཁོར་བབས་ཚུགས་ཏེ། གདང་ལའི་བབས་ཚུགས་དེ་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཀུང་སིས་བསྐྲུན་པ་དང་ད་ཆ་མཚོ་བོད་ལྕགས་ལམ་གྱི་ཡུལ་སྐོར་ལྗོངས་གཟིགས་བབས་ཚུགས་གལ་ཆེན་ཞིག་ཏུ་གྱུར་པ།


སི་ཁྲོན་ཞིང་ཆེན་འདབ་པ་རྫོང་དུ་ཡོད་པའི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་དམངས་སྤྱོད་གནམ་ཐང་སྟེ། འདབ་པའི་ཉི་སྟེང་གནམ་ཐང་སྤྱོད་འགོ་ཚུགས་པ་ནས་ད་བར་དུས་གཏན་གནམ་གྲུ་ཐེངས་ཁྲི་2ཙམ་འཕུར་བ་དང་འགྲུལ་པ་མི་ཐེངས་ཁྲི་170ཙམ་སྐྱེལ་འདྲེན་བྱས་པ།


བོད་རང་སྐྱོང་ལྗོངས་མཚོ་སྨད་རྫོང་དུ་ཡོད་པའི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་རླུང་གློག་ས་ཚིགས་ཏེ། མཚོ་སྨད་གྲི་གུ་རླུང་གློག་ས་ཚིགས་ནས་ལོ་རེར་དྲ་ཞུགས་ལ་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་ཁྲི་5900ཟིན་པ།


བོད་རང་སྐྱོང་ལྗོངས་འདམ་གཞུང་རྫོང་དུ་ཡོད་པའི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་འོད་ཤུགས་གློག་ཁང་སྟེ། ཡངས་ཡིད་འོད་ཤུགས་གློག་ཁང་གིས་འདི་ལོའི་ཟླ་དགུ་པའི་ཟླ་མཇུག་བར་རིམ་རྩིས་བྱས་ན་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་ཁྲི་3800ཟིན་པ།

          དཀའ་སྤྱད་སྡུག་རུས་བྲག་གཤགས་ལམ་བུ་བཏོད། འགག་སྒྲོལ་དཀའ་སེལ་ཞུམ་མེད་མདུན་དུ་བསྐྱོད། ལོ་བཅུའི་རིང་། རང་རྒྱལ་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་གངས་ལྗོངས་ས་མཐོར“ཀྲུང་གོའི་མཐོ་ཚད”ཟམ་མི་ཆད་པར་གསར་དུ་བཏོད་པ་དང་། སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་རེ་རེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་མངོན་པར་བྱས་པས། གངས་ལྗོངས་ས་མཐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བཞིན་ཡོད།

          མཚོ་བོད་ས་མཐོ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ས་མཐོ་ཞིག་ཡིན་པས“ས་གོ་ལའི་གླིང་སྣེ་གསུམ་པ”ཞེས་འབོད་ཀྱི་ཡོད་ཅིང་། འདི་གར་རི་བོ་མཐོ་ཞིང་ཐང་ཡངས་ལ་ས་གཤིས་ཀྱི་ཆགས་ཚུལ་ལའང་འགྱུར་ལྡོག་མང་པོ་འགྲོ་གི་ཡོད། སྔར་ནས་ད་བར་མི་རྣམས་ཀྱིས་སྙིང་རུས་ཆེན་པོས་གངས་ལྗོངས་ཀྱི་ཕྱི་ནང་འབྲེལ་མཐུད་ཐུབ་པའི་འགྲོ་ལམ་ཞིག་བཙལ་དང་འཚོལ་མུས་རེད། ཇ་རྟའི་ཚོང་ལམ་ཐོག་ལྷང་ལྷང་དུ་གྲགས་པའི་སྐེ་དྲིལ་གྱི་སིང་སྒྲས་ཡིད་དུ་འོང་བའི་དྲན་འཆར་གྱི་ཕ་མཐར་ཁྲིད། ཁྲོན་བོད་དང་མཚོ་བོད་སོགས་གཞུང་ལམ་ཤར་གཏོང་ཐུབ་པ་དེས་ས་མཐོའི་འགྲིམ་འགྲུལ་གྱི་མ་ལམ་གཅོ་བོར་གྱུར་པ་དང་མཚོ་བོད་ལྕགས་ལམ་དེ་མཚོ་བོད་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་རྡོ་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད། གནམ་ཐང་སྒོ་རྩར་བསྐྲུན་ནས་མཁའ་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ་ནི་ས་མཐོའི་མི་དམངས་ཀྱི་རེ་སྒུག་ཆེན་པོ་ཞིག་རེད།

          ལོ་བཅུ་པོ་འདིའི་རིང་། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་སྦྲེལ་ཚུགས་དང་། ས་བབ་མཐོ་ཤོས་ཀྱི་མེ་འཁོར་བབས་ཚུགས། ས་བབ་མཐོ་ཤོས་ཀྱི་སྣུམ་སྣོན་ས་ཚིགས། ས་བབ་མཐོ་ཤོས་ཀྱི་འོད་ཤུགས་གློག་ཁང་། ས་བབ་མཐོ་ཤོས་ཀྱི་དམངས་སྤྱོད་གནམ་ཐང་། ས་བབ་མཐོ་ཤོས་ཀྱི་རླུང་གློག་ས་ཚིགས་སོགས་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་པའམ་ཡང་ན་རྒྱས་སྐྲུན་བྱས་ཤིང་། འཛམ་གླིང་ཡང་རྩེས་འཛུགས་སྐྲུན་པ་ཚང་མའི་འགན་འཁྲི་དང་ལས་འགན་བདེན་དཔང་བྱས་ཡོད་ལ། སྐྱེ་བོ་ཚང་མའི་འབད་འཐབ་དང་ཕུགས་འདུན་ཡང་གཅིག་ཏུ་འདུས་ཡོད། ང་ཚོས་མིག་རྒྱང་རིང་པོས་མདུན་སྐྱོད་ཀྱི་གོམ་སྟབས་གཏན་ནས་མཚམས་འཇོག་བྱེད་མྱོང་མེད།

རྩོམ་སྒྲིག་པ།  རིག་གྲོལ།