ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > གསར་འགྱུར།

བློ་བརྟན་འགྱུར་མེད་ཏང་གི་རྗེས་སུ་འབྲངས། སྙིང་སྟོབས་ཆེར་སྐྱེད་རྒྱང་ལམ་གསར་པར་སྐྱོད།

སྤེལ་དུས 2022-10-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། རྩོམ་པ་པོ།
འདི་ནི་འཕྱོངས་རྒྱས་རྫོང་གི་ཞོལ་ཨ་ཅེ་ལྷ་མོའི་ལྷ་མོ་འཁྲབ་སྟོན་རུ་ཁག་གིས་གླུ་ལེན་གར་འཁྲབ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུ་བཞིན་པ།

འདི་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་དཔལ་འབྱོར་ལག་རྩལ་ཞིབ་འཇུག་ཁང་གི་ལས་བཟོ་དང་ཁྱིམ་མིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འགོ་ཚུགས་པའི་གནས་ཚུལ་གཟབ་རྒྱས་ལ་ལྟ་ཉན་བྱེད་བཞིན་པ།
          ཟླ་10ཚེས་16ཉིན། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་ཏང་ཡོན་དང་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་འགུལ་ཆེན་པོ་ཐེབས་བཞིན་འཕྲལ་དུ་འགོ་ཚུགས་ཀྱི་གནས་ཚུལ་གཟབ་རྒྱས་ལ་ལྟ་ཉན་བྱས་པ་དང་འབྲེལ་བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གནང་བའི་སྙན་སྒྲོན་ལ་ལྟ་ཉན་དང་སློབ་སྦྱོང་ནན་ཏན་བྱས་པ་རེད།
          སྔ་དྲོའི་ཆུ་ཚོད་10པར་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། མངའ་རིས་ས་ཁུལ་དགེ་རྒྱས་རྫོང་གི་བདེ་སྡོད་གླིང་དུ་ཏང་དར་ལྷབ་ལྷུབ་ཏུ་གཡོ་བ་དང་རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས་ནོར་བཟང་གི་ནང་མི་ཚང་མས་གཟབ་མཆོར་ལེགས་པར་སྤྲས་ཏེ་ཧྲ་ཧྥ་ཐོག་བསྡད་ནས་བློ་རྩེ་གཅིག་སྒྲིམ་ངང་ཐད་གཏོང་ལ་བལྟས་པ་དང་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས།
          “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོའི་འཚོ་བར་དགའ་འོས་པའི་འགྱུར་ལྡོག་མང་པོ་བྱུང་ཞིང་། ཡུལ་མི་ཚང་མ་སྡོད་ཁང་གསར་པར་སྤོས་པ་དང་། སྡོད་ཁང་གསར་པར་སྡོད་པ། ཁུལ་ཆུང་གི་ཁོར་ཡུག་ལེགས་སུ་ཕྱིན་པ། ལས་བྱེད་པ་དང་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་འདི་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་རེད”ཅེས་ཐད་གཏོང་ལྟ་ཞོར་ནོར་བཟང་གིས་མྱོང་ཚོར་ཆེན་པོས་བཤད།
སྐད་གསང་མཐོན་པོའི་རྒྱལ་གླུའི་སྒྲ་གྲགས་མ་ཐག་བོད་ལྗོངས་ཀྱི་སྤྱི་ལེ་4000ལྷག་ཙམ་གྱི་མཐའ་མཚམས་ལམ་ཐིག་གི་དམག་སྒར་རེ་རེ་བཞིན་དུ་བཀྲ་ཤིས་པའི་རྣམ་པ་ཞིག་མངོན། “མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཞིག་ཡོད་སྟབས་ང་ཚོར་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག”བརྙན་འཕྲིན་མདུན་དུ་འགོ་ཚུགས་མཛད་སྒོ་གཟབ་རྒྱས་ལ་ལྟ་བཞིན་པའི་ལྷོ་ཁའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་ཏང་ཡོན་མི་དམངས་ཉེན་རྟོག་པར་སེམས་འགུལ་ཆེན་པོ་ཐེབས་པ་དང་བྲང་ཁར་བཏགས་པའི་ཏང་རྟགས་ལས་འོད་ཆེན་པོ་འཕྲོ་བཞིན་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་དེར་ཐུན་མོང་ཐོག་བདེན་དཔང་བྱས་པ་རེད།
          “ལོ་བཅུ་པོ་འདིའི་རིང་ཡུལ་སྨད་ཤང་དེ་སྔའི་མི་གསུམ་ལས་མེད་པའི་ཤང་ནས་ད་ཆ་མི་200ལྷག་ཙམ་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོར་འཕེལ་རྒྱས་ཕྱིན་པ་དང་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་འཚོ་བ་ཉིན་རེ་བཞིན་གྲ་རྒྱས་སུ་སོང་ཡོད”ཅེས་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་ཡོན་ཧའོ་ཅེ་ཡིས“ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པའི་བརྩོན་ལེན་བྱེད་དགོས”ཞེས་སེམས་འགུལ་ཐེབས་བཞིན་བཤད།
          བོད་ལྗོངས་ཀྱི་ཤར་རྒྱུད་གྲོག་རོང་ནས་ནུབ་རྒྱུད་ཀྱི་ས་གཞི་ཆེན་པོ་དང་ཇོ་མོ་གླང་མའི་རི་གཤམ་ནས་བོད་བྱང་ཐང་བར་སྙིང་སྟོབས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་པ་ནི་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་ཏང་ཡོན་དང་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་དུ་གྱུར་ཡོད།
རྩོམ་སྒྲིག་པ། རིག་གྲོལ།