ཀྲུང་གོའི་བོད་ལྗོངས་དྲ་བ། > 2022ལོའི་ཆེ་སྒྲིག > ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > གསར་འགྱུར།

ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འགན་ཁུར་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོ་བྱ་བའི་གནས་ཚུལ་ཐད་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་བཏབ་པ།

སྤེལ་དུས 2022-10-21 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།

           བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོ་བྱ་བ་བདེ་བླག་ངང་ལེགས་འགྲུབ་བྱུང་ཞིང་། བདམས་ཐོན་བྱུང་བའི་འཐུས་མིའི་མིང་ཐོ་གསར་འགྱུར་སྨྱན་བྱད་སྟེང་ཁྱབ་བསྒྲགས་བྱས་ཡོད། ཉེ་ལམ། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འགན་ཁུར་པས་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོ་བྱ་བའི་འབྲེལ་ཡོད་གནས་ཚུལ་ཐད་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས།

           དྲི་བ། ཐོག་མར། ཁྱེད་ཀྱིས་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོ་བྱ་བའི་སྤྱིའི་གནས་ཚུལ་མཚམས་སྦྱོར་བྱེད་རོགས།

           དྲིས་ལན། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོ་བྱ་བ་དེ2021ལོའི་ཟླ11པ་ནས་བཟུང་མགོ་བརྩམས་ཏེ་ད་ལོའི་ཟླ7པར་ཡོངས་སུ་ལེགས་འགྲུབ་བྱུང་བ་ཡིན། རྒྱལ་ཡོངས་ཀྱི་འདེམས་བསྐོ་ལས་ཁུངས38ཀྱིས་སོ་སོར་ཏང་གི་འཐུས་མི་ཚོགས་ཆེན་དང་ཡང་ན་ཏང་གི་འཐུས་མི་གྲོས་ཚོགས་འཚོགས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་འཐུས་མི2296བདམས་ཐོན་བྱུང་ཡོད།

           ཏང་ཀྲུང་དབྱང་གིས་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོ་བྱ་བར་མཐོང་ཆེན་ཚད་མཐོན་པོ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་འཆར་འགོད་དང་བཀོད་སྒྲིག་མཛད་ཐོག མགོ་འཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་བསྡུས་ནས་ཆེད་དུ་ཞིབ་འཇུག་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོ་བྱ་བའི་སྐོར་གྱི་བརྡ་སྦྱོརལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། འཐུས་མི་འདེམས་བསྐོ་བྱ་བའི་སྤྱིའི་བླང་བྱ་དང་སྲིད་ཇུས་གཏན་འབེབས་གསལ་བོར་བྱས། འཐུས་མི་འདེམས་བསྐོ་བྱེད་པའི་བརྒྱུད་རིམ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་ཞུར་ཡང་ཡང་གསན་ཏེ་མཛུབ་སྟོན་གལ་ཆེན་གནང་ནས། ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་འོས་མིའི་ཐོབ་ཐང་ཆ་རྐྱེན་གཟབ་ནན་ཡོང་བ། ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་ནན་མོར་འཛིན་པ། འཐུས་མིའི་གྲུབ་ཚུལ་སྔར་ལས་ལེགས་བསྒྱུར་བྱེད་པ། སྒྲིག་ལམ་ནན་མོ་ཡོང་དགོས་པ་སོགས་ཀྱི་ཐད་ནས་བླང་བྱ་གསལ་པོ་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གལ་ཆེན་གྱིས་འཐུས་མི་འདེམས་བསྐོ་བྱ་བར་ཁ་ཕྱོགས་གསལ་པོ་བསྟན་པ་དང་རྩ་བའི་སྲུང་བྱ་འདོན་སྤྲོད་བྱས་ཡོད།

           ཏང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་བརྒྱུད། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཆེད་དུ་གྲོས་ཚོགས་བསྡུས་ཏེ་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོ་བྱ་བར་བྱེ་བྲག་གི་བཀོད་སྒྲིག་གནང་། འདེམས་བསྐོ་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་། ཏང་གི་སྒྲིག་ཡིག་རྩ་བའི་སྲུང་བྱར་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ངོ་བོའི་དགོངས་དོན་རྒྱུན་འཁྱོངས་བྱས་ཏེ། ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པ་དེ་འཐུས་མི་འདེམས་བསྐོ་བྱ་བའི་བརྒྱུད་རིམ་སོ་སོར་བསྟར་ལ་བརྒྱུས་པ་དང་། ཏང་ནང་གི་དམངས་གཙོ་འདོན་སྤེལ་གང་ལེགས་བྱས་པ། ཐོབ་ཐང་ཆ་རྐྱེན་གཟབ་ནན་དང་ཐོན་པའི་གོ་རིམ་དམ་ཚགས། འདེམས་བསྐོའི་སྒྲིག་ལམ་ནན་མོ་ཡོང་བ་བཅས་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་སྒོས་ལག་བསྟར་ཇུས་གཞི་བཟོས་ཐོག བྱ་བ་སོ་སོ་ཏན་ཏིག་སྒོས་ལེགས་པོར་བསྒྲུབས་ཡོད། རྒྱ་ཆེ་བའི་གཞི་རིམ་གྱི་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་དོ་ཁུར་ཟབ་མོ་གནང་བ་དང་ཧུར་ཐག་གིས་ཞུགས་ཏེ། དམངས་གཙོའི་ཁེ་དབང་ཡང་དག་པར་སྤྱད་ཐོག རང་ཉིད་ཀྱི་འདོད་བློ་ལེགས་པར་བརྗོད་ཡོད། བདམས་ཐོན་བྱུང་བའི་འཐུས་མི་རྣམས་སྤྱིའི་ཆ་ནས་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཆ་རྐྱེན་དང་མཐུན་ཞིང་། བསམ་བློའི་ཆབ་སྲིད་ཀྱི་བྱང་ཚད་ཅུང་མཐོན་པོ་ལྡན་པ་དང་སྤྱོད་ཚུལ་དང་གཤིས་སྤྱོད་བཟང་པོ་ཡོད་པའི་ཁར། ལས་དོན་གྲོས་སྡུར་གྱི་ནུས་པ་ཅུང་ཆེ་བས། རང་སོ་སོའི་ལས་རྐང་སྟེང་གྲུབ་འབྲས་མངོན་གསལ་བླངས་ཡོད་ཅིང་། གུང་ཁྲན་ཏང་ཡོན་ཁྲོད་ཀྱི་ཕུལ་བྱུང་ཅན་ཡིན། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོ་བྱ་བ་བདེ་བླག་ངང་ལེགས་འགྲུབ་བྱུང་བ་འདིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་ལེགས་པོར་འཚོགས་པར་རྨང་གཞི་གལ་ཆེན་བཏིངས་ཡོད།

           དྲི་བ། ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་གྲུབ་ཚུལ་དང་ཁྱབ་ཚུལ་གྱི་ཐད་ནས་ཁྱད་ཆོས་གཙོ་བོ་གང་དག་ཡོད་དམ།

           དྲིས་ལན། ཏང་ཀྲུང་དབྱང་གིས་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་གྲུབ་ཚུལ་ཐད་བླང་བྱ་གསལ་པོ་བཏོན་ཡོད། འཐུས་མི་འདེམས་བསྐོ་བྱེད་པའི་གོ་རིམ་ཁྲོད། འདེམས་བསྐོའི་ལས་ཁུངས་སོ་སོས་འཐུས་མིའི་གྲུབ་ཚུལ་གྱི་བསྡུར་ཚད་མངོན་འགྱུར་ཡོང་བ་དང་ཁྱད་པར་དུ་ཐོན་སྐྱེད་དང་བྱ་བའི་ལས་ཡུལ་དང་པོར་ཡོད་པའི་ཏང་ཡོན་འཐུས་མིའི་བསྡུར་ཚད་ཁག་ཐེག་བྱེད་པ་གཙོ་གནད་དུ་བཟུང་སྟེ། གཅིག་གྱུར་གྱིས་བསམ་བློ་གཏོང་བ་དང་བྱེད་ཐབས་སྣ་མང་སྤྱད་ནས། འཐུས་མིའི་གྲུབ་ཚུལ་ལུགས་དང་མཐུན་ཞིང་ཁྱབ་ཚུལ་རྒྱ་ཆེ་བར་ཁག་ཐེག་བྱས་ཡོད། བདམས་ཐོན་བྱུང་བའི་འཐུས་མིའི་གནས་ཚུལ་ལ་གཞིགས་ན། འཐུས་མིའི་གྲུབ་ཚུལ་དང་ཁྱབ་ཚུལ་ཅུང་ལུགས་མཐུན་ཡིན་པ་དང་། གྲུབ་ཚུལ་གྱི་བསྡུར་ཚད་སོ་སོ་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་པས། ཚབ་མཚོན་རང་བཞིན་རྒྱ་ཆེ་ལྡན་པ་རེད། ཁྱད་ཆོས་གཙོ་བོ་འདི་དག་ཡོད་དེ།

           གཅིག་ནི་ཐོན་སྐྱེད་དང་བྱ་བའི་ལས་ཡུལ་དང་པོར་ཡོད་པའི་ཏང་ཡོན་འཐུས་མིའི་བསྡུར་ཚད་ཁག་ཐེག་བྱུང་ཡོད། བདམས་ཐོན་བྱུང་བའི་འཐུས་མིའི་ཁྲོད། ཐོན་སྐྱེད་དང་བྱ་བའི་ལས་ཡུལ་དང་པོར་ཡོད་པའི་ཏང་ཡོན771ཡོད་པ་དང་། 33.6%ཟིན། དེའི་ཁྲོད། བཟོ་པའི་ཏང་ཡོན192(ཞིང་པ་ཞོར་ལས་པའི་ཏང་ཡོན26)ཡོད་པ་དང་། 8.4%ཟིན། ཞིང་པའི་ཏང་ཡོན85ཡོད་པ་དང་། 3.7%ཟིན། ཆེད་ལས་ལག་རྩལ་མི་སྣའི་ཏང་ཡོན266ཡོད་པ་དང་། 11.6%ཟིན་ཡོད།

           གཉིས་ནི་བུད་མེད་ཏང་ཡོན་གྱི་འཐུས་མི་ཇེ་མང་དུ་བཏང་བ་དང་། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་འཐུས་མིའི་བསྡུར་ཚད་བརྟན་སྲུང་བྱས་ཡོད། བདམས་ཐོན་བྱུང་བའི་འཐུས་མིའི་ཁྲོད་བུད་མེད་ཏང་ཡོན619ཡོད་པ་དང་། ཚོགས་ཆེན་བཅུ་དགུ་པ་དང་བསྡུར་ན68ཇེ་མང་དུ་སོང་ཞིང་། 27.0%ཟིན་ལ། བརྒྱ་ཆའི་ཆ2.8ཇེ་མཐོར་སོང་ཡོད། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན264ཡོད་པ་དང་། 11.5%ཟིན་ལ། གྲངས་ཉུང་མི་རིགས40ལ་ཁྱབ་ཡོད། ཞིང་ལྗོངས་དང་གྲོང་ཁྱེར31ཁྲོད། བུད་མེད་ཏང་ཡོན་གྱི་འཐུས་མིས་ཟིན་པའི་བསྡུར་ཚད་དེ་བུད་མེད་ཏང་ཡོན་གྱིས་རང་ས་ཁུལ་གྱི་ཏང་ཡོན་སྤྱི་གྲངས་ལས་ཟིན་པའི་བསྡུར་ཚད་ལས་མཐོ་བ་དང་། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་འཐུས་མིས་གྲངས་ཀ་ངེས་ཅན་ཟིན་ཡོད།

           གསུམ་ནི་འཐུས་མིའི་ཁྱབ་ཚུལ་རྒྱ་ཆེ་བ་ཡིན། བདམས་ཐོན་བྱུང་བའི་འཐུས་མི་རྣམས་ཕྱོགས་སོ་སོ་ནས་ཡོང་བ་ཡིན་ཏེ། དཔལ་འབྱོར་དང་ཚན་རྩལ། རྒྱལ་སྲུང་། སྲིད་ཁྲིམས། སློབ་གསོ། དྲིལ་སྒྲོག རིག་གནས། འཕྲོད་བསྟེན། ལུས་རྩལ་དང་སྤྱི་ཚོགས་དོ་དམ་སོགས་ཁྱབ་ཁོངས་སོ་སོ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་དང་གྲོང་རྡལ(སྲང་ལམ) སྡེ་བ(སྡེ་ཁུལ)སོགས་རིམ་པ་སོ་སོ། དེ་མིན་ལས་ཁུངས་དང་ཁེ་དོན་ལས་སྡེ་ཚན། མི་དམངས་ཚོགས་པ་སོགས་ཕྱོགས་སོ་སོའི་འཐུས་མི་ཡོད།

           བཞི་ནི་འཐུས་མིའི་ལོ་ཚོད་གྲུབ་ཚུལ་ལུགས་མཐུན་ཡིན། བདམས་ཐོན་བྱུང་བའི་འཐུས་མིའི་ཆ་སྙོམས་ཀྱི་ལོ་ཚོད་ལོ52.2ཡིན། དེའི་ཁྲོད། ལོ་ན55མན་གྱི་མི1371ཡོད་པ་དང་། 59.7%ཟིན། ལོ་ན45མན་གྱི་མི434ཡོད་པ་དང་། 18.9%ཟིན།

           ལྔ་ནི་འཐུས་མིའི་རིག་གནས་ཆུ་ཚད་ཅུང་མཐོ་བ་ཡིན། བདམས་ཐོན་བྱུང་བའི་འཐུས་མིའི་ཁྲོད། ཆེད་ཚན་སློབ་གྲྭ་ཆེན་མོ་ཡན་གྱི་བརྒྱུད་རིམ་ལྡན་པའི་འཐུས་མི2191ཡོད་པ་དང་། 95.4%ཟིན་ལ། ཚོགས་ཆེན་བཅུ་དགུ་པ་དང་བསྡུར་ན་བརྒྱ་ཆའི་ཆ1.2ཇེ་མཐོར་སོང་ཡོད། དེའི་ཁྲོད། སློབ་ཆེན་གྱི་བརྒྱུད་རིམ་ལྡན་པའི་འཐུས་མི826ཡོད་པ་དང་། 36.0%ཟིན་ལ། ཞིབ་འཇུག་སློབ་མའི་བརྒྱུད་རིམ་ལྡན་པའི་འཐུས་མི1210ཡོད་པ་དང་། 52.7%ཟིན།

           དྲུག་ནི་དུས་སྐབས་སོ་སོར་ཏང་ནང་དུ་ཞུགས་པའི་འཐུས་མི་ཡོད། བདམས་ཐོན་བྱུང་བའི་འཐུས་མིའི་ཁྲོད། དམངས་གཙོ་རིང་ལུགས་གསར་པའི་དུས་སྐབས་སུ་ཏང་ནང་དུ་ཞུགས་པ་ཡོད་ལ། སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་སུ་ཏང་ནང་དུ་ཞུགས་པ་ཡོད་ཅིང་། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པར་ཏང་ནང་དུ་ཞུགས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ཏང་ནང་དུ་ཞུགས་པ་ཡོད། དེའི་ཁྲོད། བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་ཏང་ནང་དུ་ཞུགས་པའི་མི2224ཡོད་པ་དང་། 96.9%ཟིན་པས། ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་གཙོ་གཞིར་གྱུར་ཡོད།

           གོང་གི་ཁྱད་ཆོས་འདི་དག་གིས་རང་རེའི་ཏང་ལ་གྲལ་རིམ་གྱི་རྨང་གཞི་བརྟན་པོ་དང་མང་ཚོགས་ཀྱི་རྨང་གཞི་རྒྱ་ཆེན་པོ་ཡོད་པ་དང་། གཅིག་རྒྱུན་གཅིག་འཛིན་དང་ནམ་ཡང་ཉམས་པ་མེད་པའི་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་ཡོད་པ་གསལ་བོར་མཚོན་ཡོད།   

           དྲི་བ། ཀྲུང་གོའི་གུང་ཁྲན་ཏང་ལ་ཏང་ཡོན་ཁྲི9600ལྷག་ཡོད་པས། འདི་འདྲའི་ཏང་ཡོན་མང་པོ་ཞིག་གི་ཁྲོད་ནས་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཇི་ལྟར་བདམས་ཐོན་བྱུང་བ་ཡིན་ནམ།

           དྲིས་ལན། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ནི་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་སྒྲིག་ལམ་དང་གོ་རིམ་ལྟར་གཟབ་ནན་སྒོས་བདམས་ཐོན་བྱུང་བ་ཡིན།ཏང་ཀྲུང་དབྱང་གིསབརྡ་སྦྱོརདཔར་འགྲེམ་བྱས་ཏེ་འཐུས་མི་འདེམས་པའི་གནད་འགག་གཙོ་བོ་གསལ་བོར་བཏོན་ཡོད་ལ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིསཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོ་བྱ་བའི་བརྒྱུད་རིམ་རེའུ་མིགཅེས་པ་རྩོམ་སྒྲིག་དཔར་སྐྲུན་བྱས་ཤིང་། འདེམས་བསྐོའི་ལས་ཁུངས་སོ་སོས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་དམངས་གཙོ་དར་སྤེལ་གཏོང་བ་གཉིས་ཕན་ཚུན་གཅིག་གྱུར་ཡོང་བ་བྱས་ཏེ། འོག་ནས་གོང་དང་གོང་འོག་ཟུང་འབྲེལ། གྲོས་སྡུར་ཡང་ཡང་བྱེད་པ་དང་རིམ་པ་བཞིན་བསལ་འདེམས་བྱེད་པའི་བྱེད་ཐབས་སྤྱད་དེ་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོ་བྱས་པ་ཡིན། བྱེ་བྲག་གིས་བཤད་ན་གཤམ་གྱི་ཕྱོགས་འགའ་ཡོད་དེ།

           གཅིག་ནི་རྩ་འཛུགས་ནན་ཏན་བྱས་ནས་འོས་སྦྱོར་མིང་འདོན་བྱས་ཡོད། ཏང་ཀྲུང་དབྱང་གིས་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་མི་གྲངས་དེ་འདེམས་བསྐོའི་ལས་ཁུངས་སོ་སོར་བགོས་པ་དང་། འདེམས་བསྐོའི་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་གི་བླང་བྱ་དང་རང་ས་གནས་དང་ལས་ཁུངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བྱེད་སྟངས་འོས་འཚམ་སྤྱད་དེ་འོས་སྦྱོར་མིང་འདོན་བྱས་པ་དང་། ལ་ལས་བགོས་པའི་མི་གྲངས་ལྟར་བསྡུར་ཚད་འོས་འཚམ་གྱིས་རྒྱ་སྐྱེད་པ་དང་། རིམ་པ་བཞིན་མི་གྲངས་བགོས་ནས་འོས་སྦྱོར་མིང་འདོན་བྱས། ལ་ལས་བགོས་པའི་མི་གྲངས་ལྟར་མི་གྲངས་ཁ་ཚང་བོ་འོས་སྦྱོར་མིང་འདོན་བྱས་ལ། ལ་ལས་བྱེད་སྟངས་དེ་གཉིས་ཟུང་འབྲེལ་བྱས་ཏེ་འོས་སྦྱོར་མིང་འདོན་བྱས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ཏེ། དྲིལ་སྒྲོག་གཏིང་ཟབ་དང་སྐུལ་སློང་རྒྱ་ཆེར་བྱས་ཐོག རྒྱ་ཆེ་བའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་རྩ་འཛུགས་བྱས་ཏེ་འོས་སྦྱོར་མིང་འདོན་ནང་ཧུར་ཐག་གིས་ཞུགས་སུ་བཅུག་ཡོད།

           གཉིས་ནི་རྩ་འཛུགས་ཀྱི་རྟོག་ཞིབ་ནན་མོ་ཡོང་ཡོད། འདེམས་བསྐོའི་ལས་ཁུངས་སོ་སོས་འཐུས་མིར་འཛོམས་དགོས་པའི་ཆ་རྐྱེན་ལྟར། ཁྱོན་ཡོངས་ནས་རྟོག་ཞིབ་ཟབ་མོ་བྱས་པ་སྟེ། ཐབས་ལམ་མང་པོ་དང་རིམ་པ་མང་པོ། ཟུར་ཚད་མང་པོ་བཅས་ནས་གནས་ཚུལ་རྒྱུས་ལོན་བྱས་ཐོག ནན་ཏན་གྱིས་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ཏེ། འོས་མིར་རྟོག་ཞིབ་ཡང་དག་དང་རྣལ་མ་ཡོང་བར་བྱས་ཡོད། འདེམས་བསྐོའི་ལས་ཁུངས་སོ་སོས་རྟོག་ཞིབ་ཚན་ཆུང་བཙུགས་ཏེ། ཞིང་སྡེ་དང་སྡེ་ཁུལ། ཁེ་ལས། ལས་ཁུངས་སོགས་སྡེ་ཚན་སོ་སོར་ཟབ་ཞུགས་བྱས་ནས། རྒྱ་ཆེའི་ཏང་ཡོན་དང་མང་ཚོགས། ཏང་གི་འཐུས་མི་གྲོས་ཚོགས་ཀྱི་འཐུས་མི་བཅས་ཀྱི་བསམ་འཆར་ལ་གང་ལེགས་ཀྱིས་ཉན་ཞིང་། ནང་སྒོས་སུ་ཡན་ལག་དོ་དམ་སྡེ་ཁག་དང་འབྲེལ་གཏུག་ཞབས་ཞུ་སྒྲུབ་ཡུལ། ཉེ་འགྲམ་གྱི་མི་སོགས་གནས་ཚུལ་ཤེས་མཁན་གྱི་བསམ་འཆར་ལ་ཉན་པ་ཡིན།

           གསུམ་ནི་རིམ་པ་བཞིན་བསལ་འདེམས་དང་ལེགས་འདེམས་བྱས་ཡོད། གཞི་རིམ་ཏང་རྩ་འཛུགས་ནས་མགོ་བརྩམས་ཏེ། འོས་སྦྱོར་ལས་ཁུངས་ཀྱི་ཏང་རྩ་འཛུགས་ལ་སོང་བ་དང་། དེ་ནས་འདེམས་བསྐོའི་ལས་ཁུངས་ཀྱི་ཏང་རྩ་འཛུགས་ལ་སོང་ནས། རིམ་པ་བཞིན་འཐུས་མིའི་འོས་མི་བསལ་འདེམས་དང་ལེགས་འདེམས་བྱས་པ་ཡིན། གཞི་རིམ་ཏང་ཨུས་ཏང་ཀྲི་པུའུ་དང་ཏང་ཡོན་མང་ཤོས་ཀྱི་བསམ་འཆར་ལྟར། གཅིག་བསྡུས་སྒོས་ཞིབ་འཇུག་བྱས་ཏེ་འོས་སྦྱོར་བྱེད་དགོས་པའི་འོས་མི་བསལ་འདེམས་བྱས་པ་དང་། འོས་སྦྱོར་ལས་ཁུངས་ཀྱིས་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ་འོས་སྦྱོར་འོས་མི་གྲོས་སྡུར་གཏན་འཁེལ་བྱས་ལ། འདེམས་བསྐོའི་ལས་ཁུངས་ཀྱིས་སོ་སོར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས(བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས། ཏང་ཙུའུ་གྲོས་ཚོགས)དང་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། འཐུས་མིའི་འདེམས་སྒུག་པའི་ཐོག་མའི་འོས་མི་དང་གྲ་སྒྲིག་འོས་མིར་གཅིག་བསྡུས་ཞིབ་འཇུག་དང་གཏན་འཁེལ་བྱས། འདེམས་བསྐོའི་ལས་ཁུངས་ཁ་ཤས་ཀྱིས་འོས་སྦྱོར་འོས་མི་དང་ཐོག་མའི་འོས་མི། གྲ་སྒྲིག་འོས་མི་བཅས་གཏན་འཁེལ་བྱས་ཏེ་བརྒྱུད་རིམ་ཡོངས་སུ་ཆད་གྲངས་ཡོད་པ་དང་བསལ་འདེམས་དང་ལེགས་འདེམས་ཐུབ་པར་བྱས་ཡོད།

           བཞི་ནི་གྲོས་ཚོགས་ཀྱི་འདེམས་བསྐོར་རྩ་འཛུགས་ཞིབ་ཚགས་ཡོང་ཡོད། ཏང་གི་འཐུས་མི་ཚོགས་ཆེན་དང་ཡང་ན་ཏང་གི་འཐུས་མི་གྲོས་ཚོགས་ལེགས་པོ་ཞིག་འཚོགས་པར་གྲ་སྒྲིག་ཞིབ་མོ་བྱས་ཏེ། ཚན་རིག་དང་ལུགས་མཐུན་གྱི་འདེམས་བསྐོའི་བྱེད་ཐབས་བཟོས་ཡོད། འདེམས་བསྐོ་མ་བྱས་པའི་སྔོན་ལ་འོས་མིའི་མིང་ཐོ་ཐད་ནས་ནན་ཏན་གྱིས་གསལ་བཤད་ལེགས་པོ་བྱས་པ་དང་། ཏང་ཀྲུང་དབྱང་གི་དགོངས་དོན་དང་འཐུས་མིའི་ཆ་རྐྱེན། གྲུབ་ཚུལ་གྱི་བླང་བྱ་དང་འོས་མི་འདེམས་པའི་བརྒྱུད་རིམ་བཅས་གསལ་བོར་བཤད་པ་དང་། འདེམས་སྒུག་པ་མཚམས་སྦྱོར་བྱེད་སྟངས་འཐུས་ཚང་དུ་བཏང་ཞིང་། གྲོས་མོལ་གྲོས་སྡུར་གྱི་རྩ་འཛུགས་ལེགས་པོ་བྱས་ལ། འཐུས་མིས་དམངས་གཙོའི་ཁེ་དབང་ཡང་དག་སྒོས་སྤྱོད་པར་སྣེ་ཁྲིད་དེ། དམངས་གཙོ་དར་སྤེལ་དང་རྩ་འཛུགས་ཀྱི་འདོད་བློ་དོན་ཐོག་ཏུ་འཁྱོལ་བ་ཕན་ནུས་ལྡན་པས་གཅིག་གྱུར་ཡོང་བ་མངོན་འགྱུར་བྱས་ཏེ། འདེམས་བསྐོ་ཚད་ལྡན་དང་གོ་རིམ་ལྡན་པ། ལེགས་འགྲུབ་ཡོང་བ་བཅས་ཁག་ཐེག་བྱས་ཡོད།

           གསལ་བཤད་བྱེད་དགོས་པ་ཞིག་ནི། ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་བདམས་ཐོན་བྱུང་བའི་འཐུས་མི་ལ། ཚོགས་ཆེན་ཉི་ཤུ་པ་མ་འཚོགས་པའི་སྔོན་དུ་ད་དུང་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཐོབ་ཐང་ཞིབ་བཤེར་བྱས་ཏེ། ཐོབ་ཐང་ལྡན་པའི་འཐུས་མི་རྣམས་ཚོགས་ཆེན་ཉི་ཤུ་པར་ཞུགས་རྒྱུ་གཏན་འཁེལ་བྱ་རྒྱུ་ཡིན། རྒྱུན་སྲོལ་ལྟར། ཏང་ཀྲུང་དབྱང་གིས་ད་དུང་མགོ་ཁྲིད་ཀྱི་ལས་རྐང་ནས་བུད་པའི་ཏང་ཡོན་རྒན་པ་སྐོར་ཞིག་ཆེད་ཞུས་འཐུས་མིར་གཏན་འཁེལ་བྱས་ནས་ཚོགས་ཆེན་ལ་ཞུགས་རྒྱུ་ཡིན།

           དྲི་བ། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ནི་གུང་ཁྲན་ཏང་ཡོན་ཁྲོད་ཀྱི་ཕུལ་བྱུང་ཅན་ཡིན་པས། འཐུས་མི་བདམས་པའི་སྐབས་སུ་འཐུས་མིའི་སྤུས་ཚད་ཁག་ཐེག་ཇི་ལྟར་བྱས་པ་ཡིན།

           དྲིས་ལན། འཐུས་མིའི་སྤུས་ཚད་ཁག་ཐེག་བྱས་ཏེ། ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་པའི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་བདམས་ཆེད། འདེམས་བསྐོའི་ལས་ཁུངས་སོ་སོས་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་འགག་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཆབ་སྲིད་ཀྱི་ཚད་གཞི་དེ་གོ་གནས་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། སྤྱོད་གཙང་གི་ཚད་མཐའ་དམ་པོར་སྲུང་བ་དང་། རིམ་པ་རེ་རེ་བཞིན་ཞིབ་བཤེར་དང་ཤན་འབྱེད་གཟབ་ནན་བྱས་ཤིང་། དད་མོས་བརྟན་པོ་དང་ཆབ་སྲིད་ཐོག་ཉམས་སད་ཐེག་ཐུབ་པ། སྤྱོད་ཚུལ་ལེགས་པ། གཞུང་དྲང་སྤྱོད་གཙང་བཅས་ཀྱི་གུང་ཁྲན་ཏང་ཡོན་ཕུལ་བྱུང་ཅན་བདམས་ནས་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་རུ་བཞག་ཡོད།

           གཅིག་ནི་ཐོབ་ཐང་ཆ་རྐྱེན་གཟབ་ནན་བྱས་ཡོད། སྔོན་ཐོན་རང་བཞིན་གྱི་བླང་བྱ་འབུར་དུ་དོད་པ་དང་། ཏང་ཀྲུང་དབྱང་གི་གཏན་འཁེལ་ལྟར་འཐུས་མིར་ཚང་དགོས་པའི་བསམ་བློ་དང་ཆབ་སྲིད།ནུས་པ།སྤྱོད་ཚུལ།བྱས་རྗེས།ལས་འགན་སྒྲུབ་པ་སོགས་ཕྱོགས6གི་ཆ་རྐྱེན་ཚང་བའི་མི་འོས་སྦྱོར་མིང་འདོན་བྱས་ཏེ།གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ཚད་གཞི་རྒྱུན་འཁྱོངས་དང་བཟང་པོའི་ཁྲོད་ནས་ལེགས་པོ་འདེམས་པར་སྣེ་ཁྲིད་བྱས། འདེམས་བསྐོའི་ལས་ཁུངས་ཁ་ཤས་ཀྱིས་དབུལ་ཐར་འགག་སྒྲོལ་དང་རིམས་ནད་འགོག་སྡོམ། ཚན་རྩལ་གསར་སྐྲུན་སོགས་ཀྱི་དོན་དངོས་གནས་ཚུལ་དང་སྦྲེལ་ནས།འཐུས་མིའི་ཆ་རྐྱེན་སྔར་ལས་ཇེ་ཞིབ་ཏུ་བཏང་བར་མ་ཟད།འཐུས་མི་འོས་སྦྱོར་མིང་འདོན་བྱེད་པའི་ཁྲོད་དུ་དངོས་འབེབས་བྱས་ཡོད།

           གཉིས་ནི་ཆབ་སྲིད་ཀྱི་འགག་སྒོ་དམ་པོར་བསྲུངས་ཡོད།འོས་མི་ལ་སྤྱི་ཁྱབ་ཀྱིས་རྩ་འཛུགས་རྟོག་ཞིབ་གཟབ་ནན་བྱས་པ་དང་།ཆབ་སྲིད་སྤུས་ཚད་ཀྱི་རྟོག་ཞིབ་ལེགས་པོ་བྱས་ཏེ།འོས་མིའི་ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་གོ་རྟོགས་ནུས་པ།ཆབ་སྲིད་ལག་བསྟར་ནུས་པ་བཅས་དང་།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་སྟངས། “འདུ་ཤེས་བཞི”ཇེ་དྲག་དང་།“རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པ་སོགས་ཕྱོགས་ཀྱི་མངོན་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ།འདེམས་བསྐོའི་ལས་ཁུངས་ཁ་ཤས་ཀྱིས་འོས་མིའི་ཆབ་སྲིད་ཚད་གཞིའི་ཐད་ཀྱི་བྱེ་བྲག་གི་བླང་བྱ་ཇེ་ཞིབ་ཏུ་བཏང་ཡོད། ཆབ་སྲིད་སྟེང་ནས་ཚད་མི་ལོངས་པ་རྣམས་འདེམ་ཤོག་གཅིག་གིས་ཕྱིར་བསློགས་པ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་མི་བརྩི་བའམ།“ཡོད་པ་བདུན”དང“ངོ་གཉིས་མ”སོགས་ཀྱི་གནད་དོན་ཡོད་པ་རྣམས་མཐའ་གཅིག་ཏུ་བཀག་ཡོད།

           གསུམ་ནི་སྤྱོད་གཙང་གི་འགག་སྒོ་དམ་པོར་བསྲུངས་ཡོད། “ངེས་པར་བཞི”ཡི་བརྟག་དཔྱད་བླང་བྱ་དང་སྤྱོད་གཙང་བསམ་འཆར་གྱི“མིང་རྟགས་བཀོད་པ་གཉིས”ཀྱི་གཏན་འཁེལ་དངོས་འབེབས་ནན་མོ་བྱས་པ་དང་།སྐོར་གཟིགས་སྐོར་ཞིབ་དང་ཡིག་སྐུར་ངོ་གཏུག རྩིས་བཤེར།ཆེད་དམིགས་ལྟ་ཞིབ་སོགས་ཀྱི་གྲུབ་འབྲས་ཕྱོགས་བསྡུས་བཀོལ་སྤྱོད་བྱེད་པ། མགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་བུ་ཕྲུག མནའ་མ་དང་མག་པ་སོགས་ཀྱིས་ཚོང་ལས་གཉེར་བ་དང་ཁེ་ལས་བསྒྲུབས་པའི་གྲུབ་འབྲས་ལེགས་པར་བཀོལ་བ་དང་ཚད་ལྡན་དུ་གཏོང་བ། ཏང་གི་སྒྲིག་ཁྲིམས་ཀྱི་སྲིད་དོན་ཆད་གཅོད་གནས་ཚུལ་དང་དམངས་གཙོ་འཚོ་བའི་ཚོགས་འདུ། རྩ་འཛུགས་འཚོ་བའི་ཚོགས་འདུ་སོགས་ལས་བཏོན་པའི་བསམ་འཆར་གསེད་གྲོལ་གཏོང་བ།ཕྱོགས་བསྡུས་དབྱེ་ཞིབ་དང་ཞིབ་བཤེར་ནན་མོ་བྱེད་པ་བཅས་ཀྱིས། འོས་མི་ལ“ལུས་ཡོངས་ཞིབ་བཤེར”བྱས་ཤིང་། འཐུས་མིའི་འོས་མི་ལ་མི་འཚམ་པ་རྣམས་ལེགས་སྒྲིག་བྱས་ཡོད། དངུལ་རྩ་དང་ཁེ་ལས་སོགས་ཕྱོགས་ཀྱི་འོས་མིས་སོ་སོར་སྲིད་འཛིན་ཁྲིམས་སྐྱོང་དང་ལས་རིགས་ལྟ་སྐུལ་དོ་དམ་སྡེ་ཁག་གི་བསམ་འཆར་ལ་ཉན་ཏེ། སྤྱོད་ཚུལ་སྟེང་གནད་དོན་ཡོད་པ་དང་ཡང་ན་གནད་དོན་རྩད་གཅོད་ལེགས་པོ་བྱས་མེད་པ།

དོགས་གནད་མ་བསལ་བ་སོགས་འཐུས་མིའི་འོས་མི་རུ་མི་འཇོག་པར། གནད་དོན་ཡོད་བཞིན་དུ་འོས་མི་རུ་འདེམས་པ་དང་གནད་དོན་ཡོད་བཞིན་དུ་འཐུས་མི་རུ་འདེམས་པ་མཐའ་གཅིག་ཏུ་བཀག་ཡོད།

           བཞི་ནི་ཐོབ་ཐང་གི་འགག་སྒོ་དམ་པོར་བསྲུངས་ཡོད།ཏང་ཡོན་མགོ་ཁྲིད་ལས་བྱེད་པ་དང་།ཐོན་སྐྱེད་དང་བྱ་བའི་ལས་ཡུལ་དང་པོ་རུ་ཡོད་པའི་ཏང་ཡོན། བཟོ་པ་དང་ཞིང་པ།ཆེད་ལས་ལག་རྩལ་མི་སྣ་བཅས་ལས་ཐོན་པའི་ཏང་ཡོན་གྱི་ཁྱབ་ཁོངས་སྔར་ལས་དབྱེ་མཚམས་ལེགས་པོར་བགར་བ་དང་།འོས་མིའི་ཐོབ་ཐང་ལ་ཞིབ་བཤེར་ནན་མོ་བྱས་ཏེ།ཐོབ་ཐང་ངོ་མ་མིན་པ་དང་མི་གཞན་གྱི་ཚབ་བྱེད་པ་སོགས་ཀྱི་སྣང་ཚུལ་གཏན་འགོག་བྱས་ཤིང་། ཐོབ་ཐང་མང་པོ་ཡོད་པའི་འོས་མི་ལ་འདེམས་བསྐོའི་ལས་ཁུངས་ཁ་ཤས་ཀྱིས་ཐོབ་ཐང་ངོས་འཛིན་རེའུ་མིག་བཟོས་ཏེ། ཡུལ་དངོས་ནས་བརྟག་ཞིབ་བྱས་པ་དང་།ངལ་རྩོལ་གན་རྒྱ་དང་ལས་འགན་འཁུར་བའི་ཡིག་ཆ། ཁྱིམ་ཐོ་བདེན་དཔང་སོགས་ལ་ཞིབ་བཤེར་བྱས་ལ། བྱ་བའི་ངོ་བོ་ལྟར་གཙོ་ཕལ་དང་འཐུས་ཚབ་རང་བཞིན་གྱི་ངོས་འཛིན་བྱས་ཏེ། འོས་མིའི་ཐོབ་ཐང་འགག་སྒོ་དམ་པོར་བསྲུངས་བ་ཡིན།

           བྱ་བ་དངོས་ཀྱི་ཁྲོད། འདེམས་བསྐོའི་ལས་ཁུངས་སོ་སོས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ལག་བསྟར་དང་འགག་སྒྲོལ་འཐབ་འཛིང་ཆེན་པོ་གསུམ་ལེགས་པོར་རྒྱག་པ། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ། གནོད་འགོག་གནོད་སྐྱོབ་སོགས་བྲེལ་དཀའ་ཉེན་ཆེའི་ལས་འགན་དང་དཀའ་སྡུག་ཆེ་བའི་ཁོར་ཡུག་ཁྲོད་གྲུབ་འབྲས་འབུར་ཐོན་བླངས་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་འོས་སྦྱོར་བྱས། སྡོམ་རྩིས་བྱས་པ་ལྟར་ན། ཐོན་སྐྱེད་དང་བྱ་བའི་ལས་ཡུལ་དང་པོ་རུ་ཡོད་པའི་ཏང་ཡོན་འཐུས་མིའི་ཁྲོད། ཞིང་ཆེན་གྱི་ཅུན་རིམ་པ་ཡན་གྱི་གཟི་བརྗིད་མཚན་སྙན་ཐོབ་མཁན710ཡོད་པས། ཐོན་སྐྱེད་དང་བྱ་བའི་ལས་ཡུལ་དང་པོ་རུ་ཡོད་པའི་ཏང་ཡོན་འཐུས་མིའི་སྤྱི་གྲངས་ཀྱི92.1%ཟིན་ཡོད།

           དྲི་བ། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་ཁྲོད། གཞི་རིམ་གྱི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཞུགས་པའི་ཚད་ག་འདྲ་ཡིན་ནམ།

           དྲིས་ལན། ཏང་ཀྲུང་དབྱང་གིས་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འོས་སྦྱོར་མིང་འདོན་ནི་གཞི་རིམ་ནས་མགོ་རྩོམ་དགོས་པ་དང་།གཞི་རིམ་གྱི་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་རྫོགས་དེའི་ནང་དུ་ཞུགས་དགོས་པའི་བླང་བྱ་བཏོན་ཡོད། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་འཐུས་མི་འདེམས་བསྐོ་བྱེད་པའི་གནས་ཚུལ་ལ་བལྟས་ན། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་འདེམས་བསྐོ་བྱ་བར་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་བཅངས་ཡོད་པས། དེའི་ནང་དུ་ཞུགས་པའི་བརྩོན་སེམས་ཧ་ཅང་མཐོ། འདེམས་བསྐོའི་ལས་ཁུངས་སོ་སོས་བྱེད་ཐབས་སྣ་མང་སྤྱད་དེ་རྩ་འཛུགས་སྐུལ་སློང་བྱས་ཤིང་། གཞི་རིམ་གྱི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་བྱས། མང་ཚོགས་ལམ་ཕྱོགས་སུ་བསྐྱོད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱས་པ་དང་ཟུང་དུ་སྦྲེལ་ཏེ། འཐུས་མི་འདེམས་བསྐོ་བྱེད་པའི་བྱ་བ་དང་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བླང་བྱར་གཅིག་གྱུར་གྱིས་བསམ་བློ་གཏོང་བ། ཏང་ཡོན་ཚོགས་ཆེན་འཚོགས་པ་དང་ཏང་གི་སློབ་ཁྲིད་བྱེད་པ། ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་བྱེད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་སྤྱོད་པ། རྒྱང་རིང་སློབ་གསོ་དང་ཏང་འཛུགས་དྲ་བ་སོགས་ཀྱི་བྱེད་ཐབས་མང་པོ་སྤྱོད་པ་བཅས་ཀྱིས། གཏིང་ཟབ་ཏན་ཏིག་དང་བདེ་འཇགས་བརྟན་བརླིང་གིས་དྲིལ་སྒྲོག་དང་སྐུལ་སློང་བྱས། སྐོར་སྐྱོད་ཏང་ཡོན་དང་ལས་འཁྱུར་དང་ལས་བྲལ་ངལ་གསོ་བྱས་པའི་ཏང་ཡོན། ཏང་ཡོན་རྒན་པ་དང་ལུས་སྟོབས་ཞན་པའི་ཏང་ཡོན། ལས་རྣམ་གསར་པ་དང་ལས་ཞུགས་གསར་པའི་ཁྲོད་ཀྱི་ཏང་ཡོན་སོགས་ཀྱི་དོན་དངོས་གནས་ཚུལ་ལ་དམིགས་ནས། ཁ་པར་གཏོང་བ་དང་འཕྲིན་ཡིག་སྐུར་བ། ཁྱིམ་དུ་སོང་ནས་འཚམས་འདྲི་བྱེད་པ་སོགས་ཀྱི་རྣམ་པས་གནས་ཚུལ་སྤེལ་བ་དང་བསམ་འཆར་ལ་མཉན། འདེམས་བསྐོའི་ལས་ཁུངས་ཁ་ཤས་ཀྱིས་ཏང་གི་བརྗོད་དོན་ཉིན་མོ་དང“གཞི་རིམ་དུ་འགྲོ་བ་དང་དྲོད་སྐྱིད་སྐྱེལ་བ”ཡི་བྱ་འགུལ་དང་སྦྲེལ་ཞིང་། ཁ་ཤས་ཀྱིས་སྐོར་སྐྱོད་ཡིག་སྒམ་འཛུགས་པ་དང་རྟ་རྒྱབ་ཀྱི་དྲིལ་སྒྲོག་རུ་ཁག་འཛུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། རྒྱ་ཆེའི་ཏང་ཡོན་རྣམས་འོས་སྦྱོར་མིང་འདོན་གྱི་ནང་དུ་ཞུགས་སུ་བཅུག འདེམས་བསྐོའི་ལས་ཁུངས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཡོངས་རྫོགས་ཞུགས་པ་མངོན་འགྱུར་བྱུང་ཞིང་།ཏང་ཡོན་ཞུགས་པའི་ཚད་ཆ་སྙོམས་ཀྱིས99.5%ལ་སླེབས་ཡོད། རྒྱ་ཆེའི་ཏང་ཡོན་རྣམས་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་འོས་མི་འདེམས་པར་ཞུགས་ཏེ། གཟི་བརྗིད་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་སོང་བ་དང་། ཕུགས་འདུན་དད་མོས་ཀྱི་སློབ་གསོ་དང་ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་དང་ཏང་གི་ལོ་རྒྱུས་བཅས་ཀྱི་སློབ་གསོ་ཐེངས་ཤིག་མྱངས་པས། བསམ་བློའི་ངོས་ཟིན་ཇེ་མཐོར་སོང་ཡོད་པར་བཤད་ལ།ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་དེང་སྐབས་ཀྱི་བྱ་བ་སྣ་ཚོགས་ཏན་ཏིག་གིས་ལེགས་པོར་བསྒྲུབས་ཏེ། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་རྒྱུའི་བསམ་ཚུལ་བསྟན།

           དྲི་བ། ཐེངས་འདིའི་འཐུས་མི་འདེམས་བསྐོའི་བྱ་བས་ཏང་ནང་ཁུལ་གྱི་དམངས་གཙོ་སྤུས་ཚད་ཇེ་མཐོ་དང་ཕན་འབྲས་དངོས་ཐོན་པའི་ཐད་བྱེད་ཐབས་གང་དག་བཏོན་ཡོད་པ་དང་། རྒྱ་ཆེའི་ཏང་ཡོན་གྱི་འདོད་བློ་ཇི་ལྟར་མཚོན་ཡོད་དམ།

           དྲིས་ལན། ཏང་ཀྲུང་དབྱང་གིས་ནན་གྱིས་བསྟན་དོན། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོ་ཡིས་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་བཏང་བ་དང་།དམངས་གཙོའི་སྤུས་ཀ་དང་ཕན་འབྲས་དངོས་མཐོར་འདེགས་གཏོང་བར་དོ་སྣང་བྱས་ཡོད།འདེམས་བསྐོའི་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་གི་བླང་བྱ་ནན་ཏན་གྱིས་ལག་ལེན་དང་དངོས་འབེབས་བྱས་པ་དང་།ཏང་ཡོན་དང་འཐུས་མིའི་དམངས་གཙོ་དབང་ཆར་བརྩི་བཀུར་དང་འགན་སྲུང་བྱས་ཤིང་།ཆ་རྐྱེན་སྐྲུན་གང་ཐུབ་ཀྱིས་ཏང་ཡོན་གོ་རིམ་ལྡན་པའི་སྒོ་ནས་དེའི་ནང་དུ་ཞུགས་པར་ཁྲིད་སྟོན་བྱས་ཏེ། འཐུས་མི་འདེམས་བསྐོའི་བྱ་བ་དེ་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་དང་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་པའི་རྒྱལ་ཁའི་ལག་ལེན་ཐེངས་ཤིག་ཏུ་བཏང་བས། གྲུབ་འབྲས་མི་དམན་པ་ཐོབ་ཡོད། གཙོ་བོ་གཤམ་གྱི་ཕྱོགས་འདི་དག་ཏུ་མངོན་ཡོད་པ་སྟེ།

           གཅིག་ནི་བསམ་འཆར་སྡུད་ལེན་གང་ལེགས་བྱས་ཡོད།“གསུམ་སྤར་གསུམ་འབེབས”ཀྱི་བྱེད་ཐབས་སྤྱད་དེ་འཐུས་མིའི་འོས་མི་འོས་སྦྱོར་བྱས་ཏེ།གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་བསམ་འཆར་སྡུད་ལེན་གང་ལེགས་བྱས། ཏང་ཀྲི་པུའུ་ཡིས་ཏང་ཡོན་མང་ཆེ་ཤོས་ཀྱི་བསམ་འཆར་ལྟར་འོས་མི་འོས་སྦྱོར་བྱས་པ་དང་།འོས་སྦྱོར་ལས་ཁུངས་ཀྱིས་གོང་ཞུ་བྱས་པའི་འོས་སྦྱོར་འོས་མིར་ཞིབ་འཇུག་བསལ་འདེམས་དང་འདེམས་བསྐོའི་ལས་ཁུངས་ཀྱིས་ཐོག་མའི་འོས་མིའི་རྟོག་ཞིབ་བྱ་ཡུལ་གྱི་མིང་ཐོ་གཏན་འཁེལ་བྱས་པའི་སྐབས་སུ། ཏང་རྩ་འཛུགས་མང་ཆེ་ཤོས་དང་ཏང་ཡོན་མང་ཆེ་ཤོས་ཀྱི་བསམ་འཆར་ལྟར་གཏན་འཁེལ་བྱས་ཏེ།འཐུས་མིའི་འོས་མིས་རྒྱ་ཆེའི་ཏང་ཡོན་གྱི་འདོད་བློ་མཚོན་ཐུབ་པར་ཁག་ཐེག་བྱས་ཡོད།

           གཉིས་ནི་འཐུས་མིའི་འོས་མི་ལ་མཉམ་དུ་ཞིབ་འཇུག་དང་གཏན་འཁེལ་བྱས་ཡོད། དམངས་གཙོ་གཅིག་བསྡུས་ལམ་ལུགས་ནན་ཏན་གྱིས་ལག་བསྟར་བྱས་ན། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་གཏོང་ཐུབ་པར་མ་ཟད།ཏང་རྩ་འཛུགས་ཀྱི་མགོ་ཁྲིད་འགག་སྲུང་ནུས་པ་འདོན་སྤེལ་བྱེད་ཐུབ། གོང་ཞུ་འོས་སྦྱོར་འོས་མི་བདམ་པ་དང་འཐུས་མི་བདམ་པའི་ཐོག་མའི་འོས་མི་དང་གྲ་སྒྲིག་འོས་མི་གཏན་འཁེལ་བྱེད་པ་སོགས་ཀྱི་སྐབས་སུ། ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས(བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཏང་ཙུའུ་གྲོས་ཚོགས)དང་ཡང་ན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས(བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཏང་ཙུའུ་གྲོས་ཚོགས)བསྡུས་ནས་མཉམ་དུ་ཞིབ་འཇུག་བྱས། ཏང་ཨུ(ཏང་ཙུའུ)ཡི་དོན་གྲོས་ལམ་ལུགས་ལྟར་མཉམ་དུ་ཐག་གཅོད་བྱས་པ་ལས།མི་གཅིག་གིས་བཤད་པ་ལྟར་ཐག་བཅད་མི་ཆོག འདེམས་བསྐོའི་བྱ་བའི་ཁྲོད་འཕྲད་པའི་གནད་དོན་ཆེ་རིགས་ལ་མཉམ་དུ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱས་ཡོད།

           གསུམ་ནི་ཆད་གྲངས་རྟོག་ཞིབ་དང་ཆད་གྲངས་འདེམས་བསྐོ་རྒྱུན་འཁྱོངས་བྱས་ཡོད། རྩ་འཛུགས་རྟོག་ཞིབ་ཁྲོད། ཆད་གྲངས་རྟོག་ཞིབ་དང་རྟོག་ཞིབ་སྔོན་བརྡ་གཏོང་བ་སྤྱི་ཁྱབ་ཀྱིས་ལག་བསྟར་བྱས་ཤིང་། རིམ་པ་བཞིན་ཆད་གྲངས་བསལ་འདེམས་དང་ཕྱོགས་བསྡུས་གཤིབ་བསྡུར་ལེགས་འདེམས་བྱས་པར་མ་ཟད། ཐོག་མའི་འོས་མི་སྤྱི་བསྒྲགས་བྱས་ཏེ། འོས་མི་ནི་རྩ་འཛུགས་སེམས་བདེ་བ་དང་ཏང་ཡོན་ཡིད་ཆེས་པ། མང་ཚོགས་ཀྱིས་ཁས་ལེན་པར་ཁག་ཐེག་བྱས། གྲོས་ཚོགས་སྟེང་འདེམས་བསྐོ་བྱེད་སྐབས། བདམ་བྱའི་འོས་མི་མཚམས་སྦྱོར་བྱེད་ཐབས་ལེགས་བསྒྱུར་བྱེད་པ་དང་མཚམས་སྦྱོར་ནང་དོན་ཕུན་ཚོགས་སུ་བཏང་ནས། འདེམས་བསྐོ་བྱེད་མཁན་གྱིས་བདམ་བྱའི་འོས་མི་ལ་རྒྱུས་ལོན་ཚད་ཇེ་མཐོར་བཏང་། ཆད་གྲངས་འདེམས་བསྐོ་ལག་བསྟར་བྱས་པར། ཆད་གྲངས་ཀྱི་བསྡུར་ཚད་ཚང་མ15%ལས་མཐོ།

           དྲི་བ། ཚང་མས་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་པའི་བྱ་བའི་དར་སྲོལ་ལ་ཐུགས་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པས། ཁྱེད་ཀྱིས་འདེམས་བསྐོའི་སྒྲིག་ལམ་ནན་མོ་བྱེད་ཚུལ་དང་།སྲོལ་བཟང་སྤྱོད་བཟང་ཡོང་བར་ཁག་ཐེག་བྱེད་པའི་གནས་ཚུལ་མཚམས་སྦྱོར་ཞིག་བྱེད་རོགས།

           དྲིས་ལན། ཏང་ཀྲུང་དབྱང་གིས་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་བྱ་བས་ཆབ་སྲིད་སྒྲིག་ཁྲིམས་དང་རྩ་འཛུགས་སྒྲིག་ཁྲིམས། འདེམས་བསྐོའི་སྒྲིག་ཁྲིམས་བཅས་ནན་མོ་བྱས་ཏེ།སྲོལ་བཟང་སྤྱོད་བཟང་ཡོང་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།འདེམས་བསྐོའི་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་གི་བླང་བྱ་ལྟར།སྒྲིག་ཁྲིམས་དང་སྒྲིག་ལམ་ནམ་ཡང་གཙིགས་སུ་འཛིན་པ་དང་། སྒྲིག་ཁྲིམས་ནན་སྲུང་དང་ལྟ་སྐུལ་དོ་དམ་ནན་མོ་བྱས་ཏེ། སེམས་ཐག་ཆོད་པའི་རྣམ་འགྱུར་དང་འཕྲལ་ཐག་ཆོད་པའི་བྱེད་ཐབས་ཀྱིས་སྤྱོད་བཟང་སྒྲིག་ནན་ཡོང་བ་བྱས་ཡོད།

           གཅིག་ནི་སློབ་གསོས་སྣེ་ཁྲིད་པར་ཤུགས་བསྣན་ཡོད། སློབ་གསོ་སྔོན་དུ་འཇོག་པ་དང་ཉེན་བརྡ་སྔོན་དུ་འཇོག་པ།སྔོན་འགོག་སྔོན་དུ་འཇོག་པ་བཅས་རྒྱུན་འཁྱོངས་བྱས་ཏེ།ཏང་ཡོན་ལས་བྱེད་པ་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་སྒྲིག་ཁྲིམས་ནན་མོ་སྐོར་གྱི་གཏན་འཁེལ་སྣ་ཚོགས་སློབ་སྦྱོང་བྱས་པ་དང་།ནང་སྒོས་སུ“གཏན་འགོག་བཅུ”ཡི་སྒྲིག་ཁྲིམས་བླང་བྱ་ཡིས། ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་རང་རྟོགས་བྱེད་དགོས་པའི་སློབ་གསོ་བཏང་བ་དང་ཁྲིད་སྟོན་བྱས་ཏེ།སྒྲིག་ལམ་དང་སྒྲིག་ཁྲིམས་ནན་སྲུང་བྱས། ཉེན་བརྡ་རྒྱུན་གཏོངསོགས་ཉེན་བརྡའི་སློབ་གསོ་གློག་བརྙན་ལ་བལྟ་རུ་བཅུག་པ་དང་།ཧུའུ་ནན་ཧིན་དབྱང་དང་སི་ཁྲོན་ནན་ཁྲོན། ལིའོ་ཉིང་སོགས་ཀྱི་འདེམས་ཤོག་འཕེན་སྐུལ་དང་ངོ་བརྒྱུད་ཀྱིས་འདེམས་སུ་འཇུག་པ་དང་། འདེམས་བསྐོ་ལ་གཏོར་བརླག་གཏོང་བའི་དཔེ་མཚོན་གྱོད་དོན་བེད་སྤྱོད་གང་ལེགས་བྱས་ཏེ་ཉེན་བརྡའི་སློབ་གསོ་བཏང་བ་དང་། བསླབ་བྱ་ཟབ་མོ་ལེན་དུ་བཅུག་ནས། གཅིག་ཤེས་ཀུན་གྲོལ་གྱིས་བསླབ་བྱ་ལེན་དུ་བཅུག་ཡོད།

           གཉིས་ནི་འགན་འཁྲི་དངོས་འབེབས་ནན་མོ་བྱས་ཡོད། རིམ་པ་བཞིན་དུ་བྱ་བའི་འགན་འཁྲི་གསལ་བོ་བྱེད་པ་དང་།སྐུལ་འདེད་ཁྲིད་སྟོན་དང་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་འདྲི་རྩད་སོགས་ལ་ཤུགས་སྣོན་པ། རིམ་པ་བཞིན་དུ་གནོན་ཤུགས་སྟེར་བ་བཅས་ཀྱིས། སྒྲིག་ཁྲིམས་སྣ་ཚོགས་དངོས་འབེབས་ཡོང་བ་བྱས་ཡོད། འོས་སྦྱོར་མིང་འདོན་དང་རྩ་འཛུགས་བརྟག་བཤེར། གྲོས་ཚོགས་སྟེང་འདེམས་པ་སོགས་ཀྱི་ལྷུ་ཚིགས་སོ་སོར། སྒྲིག་ཁྲིམས་ནན་མོ་བྱེད་དགོས་པ་ཡང་ནས་བསྐྱར་དུ་ནན་བཤད་བྱས་པ་དང་། མགོ་ཁྲིད་ལས་བྱེད་པར་སྣེ་ཁྲིད་སྒོས་ལག་བསྟར་བྱས་ཏེ་མིག་དཔེ་སྟོན་དགོས་པའི་བླང་བྱ་བཏོན། འདེམས་བསྐོའི་ལས་ཁུངས་ཁ་ཤས་ཀྱིས་འཐུས་མི་ཚོགས་པའི་ཚོགས་གཙོ་དང་འབྲེལ་གཏུག་མཁན་གྱི་སྒྲིག་ཁྲིམས་ལྟ་སྐུལ་ཞིབ་བཤེར་འགན་འཁྲིའི་ཞིབ་ཐོ་བཙུགས་པ་དང་། ཁས་ལེན་ཡི་གེ་འབྲི་རུ་བཅུག་ནས། ཚོགས་པའི་རྗེས་འབྲངས་ནས་ལྟ་སྐུལ་དོ་དམ་དང་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ཁྲིམས་ཉི་མ་རེར་ཡར་ཞུ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས། འགན་འཁྲི་གནད་སར་འབྱོར་བ་དང་མི་སྣ་གནད་སར་འབྱོར་བ།བྱ་བ་གནད་སར་འབྱོར་བ་བཅས་བྱས་ཡོད།

གསུམ་ནི་གོ་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཚད་ཇེ་དྲག་ཏུ་བཏང་ཡོད། གནད་དོན་འབྱུང་སླ་བའི་གནས་དང་ལྟ་རྟོག་བྱ་ཡུལ་གཙོ་བོར་དམིགས་ནས།དྲན་སྐུལ་དང་ལྟ་སྐུལ་དོ་དམ་བྱེད་པའི་ནང་རྐྱེན་བཙུགས་པ་དང་འཐུས་ཚང་དུ་བཏང་ཞིང་།ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་གཏན་འཁེལ་ནན་སྲུང་བྱེད་དགོས་པའི་སྐུལ་འདེད་བྱས། ཞིང་ལྗོངས་དང་གྲོང་ཁྱེར་ཁ་ཤས་ཀྱིས“12380”ཁ་པར་དང་ཡིག་སྐུར་ངོ་གཏུག དྲ་བ། འཕྲིན་ཐུང་སོགས“གནས་བཞི་གཞི་           གཅིག་གི་གཏུག་བཤེར་སྟེགས་བུ་བཙུགས་ནས།སྒྲིག་འགལ་སྲོལ་འགལ་གྱི་གནད་དོན་ནན་སྲུང་བྱས། འདེམས་བསྐོའི་ལས་ཁུངས་ཁ་ཤས་ཀྱིས་ལྟ་སྐུལ་སློབ་སྟོན་ཚན་ཆུང་བཙུགས་པ་དང་།སྐོར་ཞིབ་ལྟ་སྐུལ་དང་སྒེར་ནས་བཅར་འདྲི་བྱེད་པ།མངོན་ཞིབ་ལྐོག་འདྲི་སོགས་ཀྱི་རྣམ་པ་སྤྱད་དེ་འཐུས་མི་འདེམས་བསྐོའི་གོ་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཚད་ཇེ་དྲག་ཏུ་བཏང་། བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་བརྒྱུད།སྒྲིག་འགལ་བྱ་སྤྱོད་འབྱུང་བ་ནུས་ཡོད་ཀྱིས་བཀག་ནས།སྲོལ་བཟང་སྤྱོད་བཟང་ཡོང་བར་ཁག་ཐེག་བྱས་ཡོད།

           སྤྱིའི་ཆ་ནས་བལྟས་ན།ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་བྱ་བ་བདེ་བླག་ངང་འགྲུབ་ཡོད། འདེམས་བསྐོའི་ལས་ཁུངས་སོ་སོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་བྱ་བ་ལེགས་པོར་སྒྲུབ་པ་དེ་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་ཟུང་དུ་སྦྲེལ་ཞིང་།རྒྱ་ཆེའི་ཏང་ཡོན་རྩ་འཛུགས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་།ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་སློབ་སྦྱོང་གཏིང་ཟབ་བྱེད་པ།དཔེ་མཚོན་དྲིལ་སྒྲོག་དང་སྤྱོད་བཟང་དར་སྤེལ་གཏོང་བ།རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པར་ཁྲིད་སྟོན་བྱེད་པ། རང་རྟོགས་སྒོས“འདུ་ཤེས་བཞི”ཇེ་དྲག་དང“རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། བསམ་བློ་དང་ཆབ་སྲིད་དང་འགུལ་སྤྱོད་བཅས་ཀྱི་སྟེང་ནས་ནམ་ཡང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་ཡོང་བ་བྱས་ཡོད། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོ་བྱས་པའི་གོ་རིམ་དེ་ནི་དངོས་གནས་ཞི་ཅི་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གོ་རིམ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་མཐའ་འཁྱོལ་བྱེད་པའི་གོ་རིམ། ཕུགས་འདུན་དད་མོས་སློབ་གསོ་དང་ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་དང་ཏང་གི་ལོ་རྒྱུས་སློབ་གསོ་ཡི་གོ་རིམ། ཏང་ནང་གི་ཆབ་སྲིད་འཚོ་བ་གསོན་ཉམས་ལྡན་པའི་སྒོ་ནས་ལག་ལེན་དང་དམངས་གཙོ་གཅིག་བསྡུས་ལམ་ལུགས་སློབ་གསོ་ཡི་གོ་རིམ་བཅས་སུ་འགྱུར་དུ་བཅུག་ཡོད། །

རྩོམ་སྒྲིག་པ། རིག་གྲོལ།