ཀྲུང་གོའི་བོད་ལྗོངས་དྲ་བ། > 2022ལོའི་ཆེ་སྒྲིག > ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > གསར་འགྱུར།

མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་མུ་མཐུད་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ལ་གྲོས་བསྡུར་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུའི་བྱ་བའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་ལ་གྲོས་བསྡུར་བྱས་པ།

སྤེལ་དུས 2022-10-21 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྩོམ་པ་པོ།

           ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས18ཉིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་མུ་མཐུད་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ལ་གྲོས་བསྡུར་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུའི་བྱ་བའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་ལ་གྲོས་སྡུར་བྱས། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་སོགས་ཀྱི་འཐུས་མིས་གཏམ་བཤད་གནང་།

           འཐུས་མི་ཞིན་ཁྲང་ཞིང་གིས་གསུངས་རྒྱུར། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུའི་བྱ་བའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་ལ་རྦད་དེ་ཡིད་མཐུན་ཡོད། ཀྲུང་དབྱང་སྒྲིག་ཨུའི་བྱ་བའི་སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་བདེན་ལུགས་ཀྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་གསལ་བོར་མངོན་ཡོད་པ་མ་ཟད། དུས་རབས་གསར་པའི་ཏང་རང་ཉིད་གསར་བརྗེའི་རྒྱལ་ཁའི་ཉམས་མྱོང་མངོན་ལ། ལོ་བརྒྱའི་ཏང་ཆེན་པོའི་ཤེས་རབ་བཀྲ་ཞིང་གཟུགས་གཞི་དར་བའི་གསང་བ་གསལ་སྟོན་དང་། རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པའི་སྟེང་ལེགས་པོར་བསྐྱོད་པའི་བློ་རིག་གསལ་ཞིང་བློ་རྩ་བརྟན་པོ་ཁྱབ་པར་བྱས་ཤིང་། གོམ་གང་མདུན་སྤོས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་མངོན་པར་གསལ་བས། དེ་ནི་ཆབ་སྲིད་ཀྱི་ལངས་གནས་མཐོ་ལ། དཔེ་ལྟའི་འདུ་ཤེས་དྲག་པ། བདེན་འཚོལ་དངོས་གཉེར་དང་བདེན་སྲུང་གསར་གཏོད་ཀྱི་སྙན་ཞུ་བཟང་བོ་ཞིག་རེད། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱིས་ཏང་གི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་ཉིང་སྡུད་བྱས་ཡོད་པ་དང་། ཏང་གི་རྩ་བའི་ཁྲིམས་ཆེན་པོའི་བསམ་བློའི་སྟོབས་ཤུགས་དང་མཛུབ་ཁྲིད་ཀྱི་སྟོབས་ཤུགས་ཇེ་དྲག་ཏུ་བཏང་ལ། འགན་འཁྲི་ཁག་ཁུར་མངོན་པར་བྱས་པ་དང་། ཏང་ཡོངས་ཀྱི་འདོད་བློ་མཚོན་ཡོད། ང་ཚོས་སྔར་ལས་རང་རྟོགས་སྒོས"གཏན་ཕབ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། "འདུ་ཤེས་བཞི"ཇེ་དྲག་ཏུ་གཏོང་བ་དང"རང་རྟོན་བཞི"ཇེ་བརྟན་དུ་གཏོང་བ། "སྲུང་སྐྱོང་གཉིས"སྒྲུབ་ཐུབ་པ་བཅས་བྱས་ཏེ། སྔར་ལས་རང་རྟོགས་སྒོས་ཏང་གི་སྒྲིག་ཡིག་ལ་སློབ་སྦྱོང་བྱེད་པ་དང་ཏང་གི་སྒྲིག་ཡིག་བརྩི་སྲུང་བྱེད་པ། ཏང་གི་སྒྲིག་ཡིག་ལག་བསྟར་བྱེད་པ། ཏང་གི་སྒྲིག་ཡིག་ལ་སྲུང་སྐྱོང་བྱེད་པ། ཏང་ཡོན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འཐབ་ཇུས་ཀྱི་རིག་པ་གསལ་བོ་རྒྱུན་འཁྱོངས་བྱེད་པ། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ། “ངེས་པར་གསུམ”ལག་བསྟར་བྱེད་པ། དུས་རབས་གསར་པར་སྤྱོད་ཚུལ་བཟང་བོ་དར་སྤེལ་གཏོང་བ་དང་། སྤྱོད་ཚུལ་བཟང་བོས་བགྲོད་ལམ་གསར་པར་སྣེ་ཁྲིད་བྱེད་པ། སེམས་ཤུགས་གཅིག་མཐུན་དང་སྟོབས་ཤུགས་མཉམ་འདོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་བརྩོན་བྱེད་དགོས་པར་གསུངས།

           འཐུས་མི་ཝུའུ་ཞའོ་ཅུན་གྱིས་གསུངས་རྒྱུར། ཀྲུང་དབྱང་སྒྲིག་ཨུའི་བྱ་བའི་སྙན་ཞུ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་གཉིས་ཀྱིས་གཅིག་རྒྱུན་གཅིག་འཛིན་བྱས་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་དང་། ཕྱོགས་ཡོངས་དང་གཏིང་ཟབ་པའི་ཤན་ཤུགས་གཅིག་བསྡུས་ཀྱིས་མངོན་པར་བྱས་ཡོད་ལ། རླབས་ཆེན་གྱི་རང་ངོས་གསར་བརྗེ་ཡིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་པའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ནང་སྙིང་གཏན་ཚིགས་གསལ་སྟོན་བྱས་ཡོད་པ་དང་། ནམ་ཡང་ལམ་དུ་ཡོད་པའི་རྣམ་རིག་གསལ་བོ་དང་བློ་རྩ་བརྟན་པོས་རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པར་ལེགས་པོར་བསྐྱོད་པའི་ཆབ་སྲིད་ཀྱི་བརྟན་ཚུགས་དང་ཆོད་སེམས་བརྟན་པོ་མངོན་བསྒྲགས་བྱས་ཡོད། ཏང་གི་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་གྱིས་ཏང་གི་གཞུང་ལུགས་གསར་གཏོད་གྱི་གྲུབ་འབྲས་གསར་པ་དང་། ཏང་དང་རྒྱལ་ཁབ་ལས་དོན་གྱི་འཕེལ་རྒྱས་གསར་པ། ཏང་གི་འཛུགས་སྐྲུན་ཐད་ཀྱི་རེ་བ་གསར་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཀོད་སྒྲིག་གསར་པ་བཅས་མངོན་པར་བྱས་ཡོད་པ་དང་། དེ་ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་པ་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་པས། སྔར་ལས་རང་རྟོགས་སྒོས"གཏན་ཕབ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། "སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་སྒྲུབ་པ། ཏང་གི་སྒྲིག་ཡིག་འདུ་ཤེས་དང་ཏང་གཤིས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཏང་གི་སྒྲིག་ཡིག་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་སློབ་སྦྱོང་བྱེད་པར་ཟུང་འབྲེལ་བྱེད་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་བློ་ཡིད་ཚིམ་པའི་ཁྲིམས་སྐྱོང་སྲིད་གཞུང་དང་སྲིད་གཙང་སྲིད་གཞུང་། ཞབས་ཞུ་རང་བཞིན་གྱི་སྲིད་གཞུང་བཅས་ཧུར་ཐག་གིས་འཛུགས་སྐྲུན་བྱས་ནས། མཚོ་སྔོན་གྱི་བྱ་བ་སྔར་ལས་བཟང་བོར་བསྒྲུབ་དགོས་པར་གསུངས།

           འཐུས་མི་ཁྲིན་རུའེ་ཧྥིན་གྱིས་བཤད་རྒྱུར། ཀྲུང་དབྱང་སྒྲིག་ཨུའི་བྱ་བའི་སྙན་ཞུར་མངོན་པར་གསལ་བའི་ཁྱད་ཆོས་གསུམ་ལྡན་ཡོད་དེ། གཅིག་ནི་གྲུབ་འབྲས་གསར་པས་སྤུས་ཚད་མཐོ་བ་མཚོན་པ་དང་། གཉིས་ནི་ཉམས་མྱོང་གསར་པས་ཆོས་ཉིད་ལ་དམ་འཛིན་བྱས་པ། གསུམ་ནི་བཀོད་སྒྲིག་གསར་པས་རྨང་གདངས་གཙོ་བོ་མངོན་པར་བྱས་པ་བཅས་རེད། ཏང་གི་སྒྲིག་ཡིག་ལ་དག་བཅོས་འོས་འཚམ་བྱས་པ་དེས། ཏང་གི་རྩ་བའི་ཁྲིམས་ཆེན་པོ་འདི་ཉིད་ཡང་བསྐྱར་དུས་བསྟུན་མདུན་སྐྱོད་བྱེད་དུ་བཅུག་པ་དང་། དུས་རབས་གསར་པ་དང་བགྲོད་ལམ་གསར་པའི་སྟེང་ཏང་གི་རྒྱལ་སྲིད་སྐྱོང་བའི་གཞུང་ལུགས་དང་ལག་ལེན་ཡང་བསྐྱར་དུས་བསྟུན་མདུན་སྐྱོད་བྱེད་དུ་བཅུག་ཅིང་། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་ཡང་བསྐྱར་དུས་བསྟུན་མདུན་སྐྱོད་བྱེད་དུ་བཅུག ཐོག་མཐའ་བར་གསུམ་དུ“ཡུན་གནས་གཉིས”ཀྱི་རིག་པ་གསལ་བོ་སྲུང་འཛིན་བྱེད་པ་དང་། “ནམ་ཡང་ལམ་དུ་ཡོད་པ་གཉིས”ཀྱི་བློ་རྩ་བརྟན་པོ་རྒྱུད་དུ་ཉར་བ། མཐའ་གཅིག་ཏུ་ཏང་གི་སྒྲིག་ཡིག་ལ་གོང་བཀུར་དང་ཏང་གི་སྒྲིག་ཡིག་ལ་སློབ་སྦྱོང་། ཏང་གི་སྒྲིག་ཡིག་ལག་བསྟར་བཅས་བྱས་ནས། གནས་ཚུལ་ཅི་འདྲའི་འོག་ཏུའང་ཆབ་སྲིད་ཀྱི་དད་སེམས་ལ་འགྱུར་བ་མེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་མེད་པ། ཆབ་སྲིད་ཀྱི་ཁ་ཕྱོགས་ཡོ་བ་མེད་པ་བཅས་བྱེད་དགོས་པར་གསུངས།

           འཐུས་མི་ཝང་དབྱང་གིས་བཤད་རྒྱུར། ཀྲུང་དབྱང་སྒྲིག་ཨུའི་བྱ་བའི་སྙན་ཞུ་ནི་དུས་རབས་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཞིབ་དཔྱོད་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྙན་ཞུ་ལེགས་པོ་ཞིག་རེད། ང་ཚོའི་ངེས་པར་དུ་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དེ་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་གི་རང་ཉིད་གསར་བརྗེ་དེ་ཡང་ནམ་ཡང་ལམ་དུ་ཡོད་པ་ཡིད་ལ་དམ་པོར་བཟུང་ནས། མདུན་བསྐྱོད་ཀྱི་ལམ་བུའི་སྟེང་སྔར་ལས་རིག་ལམ་གསལ་ཞིང་སྔར་ལས་བརྟན་པོ་ཡོང་བ་དང་། འདུ་ཤེས་རིག་ལམ་སྟེང་གཏན་སྲོལ་བརྩི་སྲུང་དང་གསར་གཏོད་འཚོལ་ཞིབ་བྱེད་པ། བྱེད་ཐབས་རྣམ་པའི་སྟེང་བཅོས་སྐྱོང་ལ་དོ་སྣང་དང་སྤུས་ཚད་མཐོར་འདེགས་བྱེད་པ། དཔུང་ཁག་འཛུགས་སྐྲུན་སྟེང་བློོ་དཀར་གཞུང་དྲང་དང་ཁག་འགན་ཁུར་བ་བྱེད་དགོས། ཏང་གི་སྒྲིག་ཡིག་བཟོ་བཅོས་བྱེད་པ་དེས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུས་གཏན་འཁེལ་བྱས་པའི་གཞུང་ལུགས་ལྟ་བ་དང་འཐབ་ཇུས་བསམ་བློ་མངོན་པར་མཚོན་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་བ་མངོན་ཞིང་། སྒོས་སུ་ཏང་གི་རང་ཉིད་གསར་བརྗེ་བྱེད་པ་དེ་ནམ་ཡང་ལམ་དུ་ཡོད་པ་ཏང་གི་སྒྲིག་ཡིག་དུ་བྲིས་པས། རྦད་དེ་ཡིད་འཐད་ཡོད་པ་དང་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་རྒྱུ་ཡིན་ཟེར།

           འཐུས་མི་ཀྲའོ་ཡུའེ་ཞྭ་ཡིས་བཤད་རྒྱུར། ཀྲུང་དབྱང་སྒྲིག་ཨུའི་བྱ་བའི་སྙན་ཞུ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཁམས་སྐྱོང་བ་དང་། དམངས་སེམས་སྲུང་བའི་དྲིས་ལན་ཡག་པོ་ཞིག་ཡིན་ལ། ང་ཚོའི་ཏང་གིས་རླབས་ཆེ་བའི་རང་ཉིད་གསར་བརྗེའི་ལོ་རྒྱུས་དུས་འཁོར་ལས་བརྒལ་བའི་ཀློག་འགྲེལ་ཞིག་ཡིན་ལ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་འཕེལ་རྒྱས་གྲུབ་འབྲས་ལ་སྐུལ་འདེད་གཏོང་བའི་རྩིས་ཐོ་ཞིག་ཡིན་པས། རྦད་དེ་ཡིད་འཐུན་ཡོད་ལ་སེམས་གཏིང་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཏང་གི་སྒྲིག་ཡིག་བཟོ་བཅོས་བྱེད་པ་དེས་ཏང་གིས་རྒྱལ་སྐྱོང་སྲིད་གཉེར་དང་། སྟོབས་ལྡན་རྒྱལ་ཁབ་བསྐྱར་དར་གྱི་འཐབ་ཇུས་བཀོད་སྒྲིག་གསལ་བོར་བྱས་ཤིང་། ལག་ལེན་རང་བཞིན་འབུར་དུ་བཏོད་པ་དང་གཏན་སྲོལ་རང་བཞིན་ཁོང་དུ་ཆུད་པར་བྱེད་པ། དུས་རབས་རང་བཞིན་མངོན་པར་མཚོན་ཡོད། ང་ཚོས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ཏན་ཏིག་གིས་ཏང་གི་སྒྲིག་ཡིག་ལ་ནན་ཏན་སྒོས་སློབ་སྦྱོང་དང་། ཏང་གི་སྒྲིག་ཡིག་བརྩི་སྲུང་ནན་མོ་བྱེད་པར་སློབ་གསོ་བཏང་ནས། ཏང་གི་སྒྲིག་ཡིག་གིས་ཏང་གི་ལས་དོན་ལ་སྐུལ་འདེད་དང་། ཏང་གི་འཛུགས་སྐྲུན་གྱི་མཛུབ་སྟོན་བྱེད་ནུས་འདོན་སྤེལ་བྱས་ཏེ། ཏང་གི་གསར་སྐྲུན་ནུས་ཤུགས་དང་གཅིག་སྒྲིལ་ནུས་ཤུགས། འཐབ་རྩོད་ནུས་ཤུགས་བཅས་མཐོར་འདེགས་སུ་གཏོང་དགོས་ཟེར།

           འཐུས་མི་ཚེ་རིང་ཐར་གྱིས་བཤད་རྒྱུར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས“ཡུན་གནས་གཉིས”དང་“ནམ་ཡང་ལམ་དུ་ཡོད་པ་གཉིས”ལ་དམིགས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་ཆབ་སྲིད་སྒྲིག་ལམ། ཆབ་སྲིད་བདེ་འཇགས་བཅས་འབུར་ཐོན་དུ་བྱས་ནས། སྤྱོད་སྟངས་འཛུགས་སྐྲུན་དམ་འཛིན་སྒོས་གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་གཙོ་གནད་ཁོང་དུ་ཆུད་པ་འབུར་ཐོན་དང་། སྔོན་བརྡ་འགོག་སྲུང་ལྟ་སྐུལ་འབུར་ཐོན། སྒྲིག་ལམ་ཁྲིམས་སྲོལ་མཉམ་འདྲེས་འབུར་ཐོན། དངོས་ཐོག་བདེན་འཚོལ་འབུར་ཐོན་དུ་བཟུང་ནས། དྲང་བདེན་དྲང་བཞག་ཡོང་བར་བྱེད་དགོས། ཏང་གི་སྒྲིག་ཡིག་བཟོ་བཅོས་དེ་ཏང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ཞིང་། ཏང་དང་དམངས་སེམས་ལ་བསྟུན་ནས། དུས་རབས་ཀྱི་བླང་བྱ་མཚོན་པ་དང་། སྒྲིག་སྲོལ་ལམ་ལུགས་བརྩི་སྲུང་བྱས་ཏེ། ང་ཚོའི་ཏང་གིས་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པ་མངོན་པར་མཚོན་ནས། ཏང་གི་སྒྲིག་སྲོལ་ལ་ཚན་རིག་རང་བཞིན་དང་དབང་གྲགས་རང་བཞིན་གྱི་དགོངས་དོན་རྒྱུན་འཁྱོངས་བྱེད་དུ་བཅུག་ཡོད་པས། དེ་ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་སེམས་ཤུགས་གཅིག་སྒྲིལ། འགྲན་རྩོད་ལ་གདོང་གཏོད་པ། ནུས་ཤུགས་མཐོར་འདེགས་བཅས་ལ་ཕན་པ་ཡོད་ཟེར།

           འཐུས་མི་ཝང་ལིན་ཧུའུ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྲ་བརྟན་གྱི་མགོ་ཁྲིད་འོག རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཡིག་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་འཁྲི་ལག་ཏུ་བསྟར་ཏེ། བློ་བརྟན་འགྱུར་མེད་ངང་སྒྲིག་སྲོལ་ནན་སྲུང་དང་རུལ་སུངས་ལ་ངོ་རྒོལ་བྱས་ཏེ། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་སྐུལ་འདེད་བཏང་སྟེ་ལོ་རྒྱུས་རང་བཞིན་དང་གསར་སྐྲུན་རང་བཞིན་གྱི་གྲུབ་འབྲས་བླངས། ཏང་གི་སྒྲིག་ཡིག་བཟོ་བཅོས་བྱེད་པ་དེས་ཏང་གི་སྒྲིག་ཡིག་གི་སྤྱིའི་གཏན་འཇགས་རྒྱུན་འཁྱོངས་བྱེད་ཐུབ་པ་མ་ཟད། ཏང་གི་གསར་གཏོད་གཞུང་ལུགས་དང་ལག་ལེན་ཉམས་མྱོང་མངོན་ཐུབ་ཅིང་། ཏང་ཡོངས་ཀྱི་བློ་གྲོས་དང་ཐུན་མོང་གི་འདོད་བློ་གཅིག་བསྡུས་སྒོས་མངོན་ཐུབ་ལ། ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་ཏང་ཡོངས་ཀྱི་བྱ་སྤྱོད་ཚད་ལྡན། ཏང་ཡོངས་ཀྱི་བྱ་བར་མཛུབ་སྟོན་བྱེད་པར་ཕན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་དང་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་མདུན་སྐྱོད་བྱེད་པར་ཕན་པ་ཡོད་པས། རྦད་དེ་འཐད་པ་ཡིན་ཟེར།

           འཐུས་མི་པད་གོས་བཤད་རྒྱུར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་བརྗོད་དོན་གསལ་ཞིང་། གཏིང་ཟབ་པའི་སྒོ་ནས་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་བརྒལ་བའི་དྲིས་ལན་གཉིས་པར་འགྲེལ་བཤད་བྱས་ཤིང་། རང་ཉིད་གསར་བརྗེ་དང་སྤྱོད་གཙང་སྒྲིག་བརྩིའི་འཐབ་ཇུས་བྱེད་ཐབས་བཀོད་སྒྲིག་བྱས། རང་ཉིད་གསར་བརྗེ་དེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གོ་རིམ་ཧྲིལ་བོར་སྦྲེལ་ཏེ། བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣོན་དགོས། ཀྲུང་གོའི་རྣམ་པ་གསར་བའི་སྲིད་ཏང་སྒྲིག་སྲོལ་གྱི་ཕན་ནུས་འདོན་སྤེལ་བྱེད་པ་དང་། ཏང་ཁག་སོ་སོ་དེ་ང་ཚོའི་ཏང་གི་ལག་རོགས་དང་ལས་གྲོགས་བཟང་བོར་འགྱུར་བར་སྣེ་ཁྲིད་དེ། ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་དེ་ཏང་གི་རང་ཉིད་གསར་བརྗེའི"སྐར་བསྣོན་རྣམ་གྲངས"ཤིག་ཏུ་འགྱུར་བར་བྱེད་དགོས། ཏང་ཕྱིའི་ལྟ་སྐུལ་གྱི་ནད་འཇོམས་ནུས་པ་སྤྱད་ནས། ཏང་གི་ངོ་བོ་མི་འགྱུར་བར་ཁག་ཐེག་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པར་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་དབུལ་དགོས་ཟེར།

           འཐུས་མི་དབྱང་ཀྲི་ཝུན་གྱིས་བཤད་རྒྱུར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཏང་སྲོལ་སྲིད་གཙང་དང་རུལ་སུངས་ལ་འཐབ་རྩོད་བྱེད་པའི་ཡང་དག་གི་གནས་བབ་ཁོང་དུ་ཆུད་པ་དང་། བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་ཆོད་སེམས་མངོན་ཡོད་ལ། མི་དམངས་དཀྱིལ་སྙིང་དུ་བྱེད་པའི་འཕེལ་རྒྱས་བསམ་བློ་དང་སྦྲེལ་ནས་མི་དམངས་རྩ་བར་འཛིན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྲིད་གཉེར་དམངས་ཀྱི་ཆེད་དང་སྒྲིག་སྐྱོང་དམངས་ཀྱི་ཆེད་ཡིན་པའི་འགན་འཁྲི་མངོན་པར་བྱེད་དགོས། ཏང་གིས་དུས་རབས་གསར་བར་མུ་མཐུད་དུ་རང་ཉིད་གསར་བརྗེའི་ཉམས་མྱོང་རྩ་ཆེན་གྱི་ངོ་བོ་གསལ་བོར་བཏང་སྟེ། དུས་རབས་གསར་བའི་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་ཚན་རིག་གི་ཁ་ཕྱོགས་མཁོ་འདོན་བྱས་ཡོད། ཏང་གི་སྒྲིག་ཡིག་བཟོ་བཅོས་བྱེད་པ་དེས་ཏང་གི་ལོ་བརྒྱའི་འབད་བརྩོན་གྱི་གྲུབ་འབྲས་དང་ལོ་རྒྱུས་ཉམས་མྱོང་དེ་ཏང་གི་སྒྲིག་ཡིག་ནང་འབྲི་རྒྱུ་ཡིན་པས། རྦད་དེ་ཡིད་འཐད་ཡོད་ལ་ལྷག་བསམ་རྣམ་དག་གིས་སྲུང་སྐྱོང་བྱ་རྒྱུ་ཡིན་ཟེར།

           ཧན་ཧྲི་དང་ཉིའུ་ཧྲིན་ཡིའུ། ཅའོ་ཀྲིན། མཱ་ཞའོ་ཡུས། ཝང་ཏིན་པང་། འབའ་ཚེ་ལོ། དབྱང་ཡོན། ཁྲིན་ཀྲི་ཞིའུ། ཀྲང་ཅིན་མའེ། ལུའི་ཀང་། ཚའེ་ཁྲིན་ཡུང་། ཆན་ཅན་ཧྭ། ཆི་ཧོང་ཧྥང་། ཀྲང་ཞའོ་ཅུན། ཀྲུའུ་ཀྲན་མིན། ཆོས་དབྱིངས་སྐྱིད། ཀུ་ཅུན། ལིའུ་ཞིའུ་ཆིན་སོགས་འཐུས་མིས་ཀྱང་གཏམ་བཤད། །

རྩོམ་སྒྲིག་པ།  རིག་གྲོལ།