ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > གསར་འགྱུར།

གོང་དཀར་གནམ་ཐང་དུ་སྦྲག་བསྐུར་ལ“རང་འགུལ་ཅན”གྱི་དུག་སེལ་མངོན་འགྱུར་བྱུང་བ།

སྤེལ་དུས 2022-02-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ཉེ་དུས་ལྷ་ས་གོང་དཀར་གནམ་ཐང་གི་དངོས་ཟོག་ས་ཚིགས་ཁག་དང་པོའི་སྒུལ་བདེའི་དུག་སེལ་སྒྲིག་ཆས་ལ་ཞིབ་བཤེར་རྩིས་ལེན་དང་ཚོད་ལྟ་བདེ་བླག་ངང་ལེགས་གྲུབ་བྱུང་ནས་སྤྱོད་འགོ་ཚུགས་པ་ལས། ལྷ་ས་གོང་དཀར་གནམ་ཐང་དུ་སྦྲག་བསྐུར་ལ“རང་འགུལ་ཅན”གྱི་དུག་སེལ་མངོན་འགྱུར་བྱུང་བ་མཚོན་གྱི་ཡོད།
        དེ་གོང་ལྷ་ས་གོང་དཀར་གནམ་ཐང་གི་དངོས་ཟོག་ས་ཚིགས་ཀྱི་དངོས་ཟོག་ཚང་མར་མིས་དུག་སེལ་བྱེད་དགོས་པས་ལས་དོན་མི་སྣའི་ལས་འབོར་ཆེ་བ་མ་ཟད། དུག་སེལ་གྱི་བརྒྱུད་རིམ་ཡང་ཧ་ཅང་རྙོག་འཛིང་ཆེན་པོ་ཡོད། དེས་ན་ལྷ་ས་གོང་དཀར་གནམ་ཐང་དུ་སྒུལ་བདེའི་དུག་སེལ་སྒྲིག་ཆས་བཀོད་སྒྲིག་བྱས་ནས། འབྲེལ་ཡོད་ཚན་པའི་གཞོགས་འདེགས་འོག་སྒུལ་བདེའི་དུག་སེལ་སྒྲིག་ཆས་ཀྱི་སྒྲིག་བཟོ་དང་། རང་རྟེན་སྒྲིག་སྦྱོར། སྙོམ་སྒྲིག་ལས་དོན་བཅས་ལེགས་གྲུབ་བྱུང་བ་རེད།
        ད་ཐེངས་ལྷ་ས་གོང་དཀར་གནམ་ཐང་དངོས་ཟོག་ས་ཚིགས་ཀྱི་དུག་སེལ་སྒྲིག་ཆས་སྤྱད་པ་དེས། སྦྲག་བསྐུར་གྱི་དུག་སེལ་ཕན་ནུས་དང་ལས་ཕྱོད་ཧ་ཅང་ཆེ་རུ་ཕྱིན་པ་དང་། མྱུར་སྐྱེལ་དངོས་ཟོག་སྐྱེལ་རིང་གི་ནད་དུག་འགོ་བ་དང་མཆེད་པའི་ཉེན་ཁ་ཆུང་དུ་ཕྱིན་པ་མ་ཟད། ད་དུང་ལས་དོན་མི་སྣར་འགོ་བའི་ཉེན་ཁ་ཡང་ཆུང་དུ་ཕྱིན་ནས། མཁའ་འགྲུལ་ཟོག་འགྲེམས་ཁྱབ་ཁོངས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་གྱི་དགོས་མཁོ་བསྐངས་ཏེ། རང་ལྗོངས་ཀྱི་རྒྱ་ཆེའི་མང་ཚོགས་ཚོས་བློ་བདེ་པོས་སྦྲག་བསྐུར་ལེན་པར“བདེ་འཇགས་ཀྱི་སྒོ་མོ”བསྐྲུན་པས“ཕྱི་ནས་འགོ་བའི”འགག་སྒོ་ནུས་ལྡན་ངང་བརྟན་དུ་བཏང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།