ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > གསར་འགྱུར།

གྲོང་གསེབ་དར་རྒྱས་ལ་འབྲས་བཟང་སྨིན། གྲོང་མི་ཕྱུག་འགྱུར་གྱི་ངར་ཤུགས་འཕེལ།

སྤེལ་དུས 2022-02-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
       “ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ང་ཚོའི་མཉམ་སྡེབ་དཔལ་འབྱོར་ཆེད་དཀའ་སྤྱད་འབད་བརྩོན་བྱེད་མཁན་ལས་དོན་མི་སྣ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ལ་མཉམ་སྡེབ་ཁེ་སྤོགས་ཐེངས་དང་པོ་རག་བྱུང་བས་སླད་ཕྱིན་གྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་རྒྱུའི་རེ་བ་ཡོད”ཅེས་ཉེ་ཆར་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་མཚོ་སྟོད་གྲོང་ཚོའི་གྲོང་མིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་དང་པོ་དེ་བླངས་རྗེས་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས།
       ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ“ཞིང་གསུམ”ལས་དོན་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་དང་སྐུལ་ཁྲིད་བྱས་ཏེ་ནུས་ལྡན་གྱི་ཞིང་དར་ཞིང་ཕན་ཞིང་ཕྱུག་གི་བྱ་ཐབས་རབ་དང་རིམ་པ་སྤྱད་པ་དང་། ཞིང་ནང་ཆུ་བེད་ཀྱི་གཞི་རྩའི་འཛུགས་སྐྲུན་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་པ། ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་པ། སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བཅས་བྱུང་ནས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
       2021ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་དང་། ནས། སྔོ་ཚལ། ཤ་དང་དཀར་ཆུ་བཅས་ལ་ཐོན་འབབ་ཡག་པོ་བྱུང་བ་དང་ཐོན་ཚད་ཏུན་ཁྲི་106.15དང་། ཏུན་ཁྲི་80.12 ཏུན་ཁྲི་88 ཏུན་ཁྲི་81.07བཅས་སོ་སོར་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་སྒོར་དུང་ཕྱུར་63.57ཟིན་པ་དེ་དུས་མཚུངས་ལས་11.5%འཕར་བ། ཞིང་ཕྱུགས་ཐོན་ཟོག་ལས་སྣོན་བྱེད་ཚད་20%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་5འཕར་བ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་16935ཟིན་པ་དེ་དུས་མཚུངས་ལས་16%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཞིང་འབྲོག་ཁུལ་གྱི་རྣམ་པར་ལེགས་བཅོས་ཆེན་པོ་བྱུང་ནས་ཞིང་འབྲོག་པའི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་བཅས་རེད།
       གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ་དང་། “ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པ། “ཞིང་ལས་སྟོབས་ཆེར་གཏོང་བ་དང་། གྲོང་གསེབ་མཛེས་སྡུག་ལྡན་པ། ཞིང་པ་ཕྱུག་འགྱུར་ཡོང་བ”བཅས་བྱ་ཆེད་ཐབས་ལམ་གལ་ཆེན་མཁོ་འདོན་བྱས་ཡོད། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་ནི་ཞིང་པ་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་འགྱུར་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་རེད། གྲངས་གཞི་ལས་མངོན་པར། རང་ལྗོངས་ཀྱི་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་ནས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་གསར་པ་6172ཟིན་ཡོད་པ་རེད།
       ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་མག་ཤང་འོང་ཞབས་གྲོང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་ཀྲི་པུས་སྣེ་ཁྲིད་དེ་མཉམ་ལས་ཁང་འཛུགས་རྒྱུ་དེ་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་ཨང་དང་པོར་བརྩིས་ནས་དམ་འཛིན་མཐའ་འཁྱོངས་ཀྱིས་ཏང་ཀྲི་པུའི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་། མཉམ་ལས་ཁང་གི་ཚོགས་སྒྲིག་འཕེལ་རྒྱས། མང་ཚོགས་ཀྱི་རང་འགུལ་ནུས་པ་སོགས་ཀྱི་རྒྱུ་རྐྱེན་མཉམ་འདྲེས་ནུས་ལྡན་ཡོང་བར་བྱས་ཏེ་གྲོང་ཚོའི་ཏང་ཀྲི་པུའུ་ལྟེ་བར་བྱེད་པ་དང་གྲོང་མི་ཡོངས་ཀྱིས་བྱེད་པོ་བྱས་པའི་གྲོང་ཚོ་སྟོབས་ཆེར་གཏོང་བ་དང་དམངས་ཕྱུག་གི་ལམ་བུའི་ཐོག་སྐྱོད་པས་གྲོང་གསེབ་དར་རྒྱས་གཏོང་བའི་སྒུལ་ཤུགས་གསར་པ་འཕེལ་ཡོད། མིག་སྔའི་བར་གྲོང་ཚོ་དེའི་མཉམ་ལས་ཁང་2017ལོའི་24ནས་ད་ལྟའི་74བར་འཕེལ་རྒྱས་ཕྱིན་པ་དང་མཉམ་ལས་ཁང་ལ་ཞུགས་ཚད་100%ཟིན་པ་དང་། བོད་བྱ་གསོ་ཚགས་ཀྱི་གྲངས་འབོར་དེ་བྱ་དེ་100ནས་1800བར་མང་དུ་བཏང་བ་དང་2021ལོར་བོད་སྒོང་ཁྲི་3.2ལྷག་ཙམ་བཙོངས་པར་གྲོང་ཚོ་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་11དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་1486བྱུང་བ་རེད།
       སྤུས་ཚད་མཐོ་བའི་མཉམ་སྡེབ་དཔལ་འབྱོར་མེད་ན་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་མི་ཐུབ། ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་གིས་གོ་སྐབས་དམ་འཛིན་བྱས་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། ན་ནིང་ཟླ་10པར་སྐྱེད་པ་ཤང་གི་སྐྱེ་ཁམས་ཉམས་ལེན་གླིང་གི་སྔོ་ཚལ་དང་ཤིང་འབྲས་འཐུ་བའི་དུས་ཚིགས་སུ་ཡུལ་སྐོར་བ་མང་པོ་སླེབས་ནས་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མངོན། སྐྱེད་པ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཅ་ཅུན་གྱིས“ཉམས་ལེན་གླིང་གིས་སྦྲང་ནོར་བུ་གསོ་ཚགས་ཐོན་ལས་ལ་བརྟེན་པ་དང་ཞོར་དུ་ཤིང་འབྲས་བཏབ་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཡུལ་དེའི་མི་སེར་རྣམས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་ཡོད”ཅེས་བཤད་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།