ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། > གསར་འགྱུར།

བོད་ཀྱི་ལོ་གསར་གྱི་ངལ་གསོའི་དུས་ཚོད་འདི་ལྟར་བཀོད་སྒྲིག་བྱས་འདུག

སྤེལ་དུས 2022-02-28 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
༢༠༢༢ལོའི་བོད་ཀྱི་ལོ་གསར་གྱི་ངལ་གསོའི་བཀོད་སྒྲིག་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་བརྡ་ཐོ།
གྲོང་ཁྱེར་བཅའ་སྡོད་ཚན་པ་རྣམས་ལ།
           ༼རྒྱལ་ཡོངས་ལོ་གསར་དུས་སྐབས་དང་དྲན་གསོའི་ཉིན་མོའི་ངལ་གསོའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་ཐབས་༽ཀྱི་གཏན་འབེབས་གཞིར་བཟུང་། ༼གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་དུས་ཆེན་དེ། གྲངས་ཉུང་མི་རིགས་ཁག་གི་གནས་སྡོད་ས་ཁུལ་གྱི་ས་གནས་མི་དམངས་སྲིད་གཞུང་གིས་མི་རིགས་ཁག་གི་གོམས་སྲོལ་གཞིར་བཟུང་སྟེ། ངལ་གསོའི་དུས་ཚོད་གཏན་འཁེལ་བྱ་དགོས་པའི་༽དགོངས་དོན་ལྟར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་རེ་ཞུ་བྱས་ཏེ་ཆོག་མཆན་ཐོབ་པ་བརྒྱུད། ད་ལྟ་༢༠༢༢ལོའི་བོད་ཀྱི་ལོ་གསར་གྱི་ངལ་གསོའི་དུས་ཚོད་བཀོད་སྒྲིག་གི་བརྡ་ཐོ་གཤམ་གསལ་ལྟར་ཡིན། 
           ༢༠༢༢ལོའི་བོད་ཀྱི་ལོ་གསར་ལ་ངལ་གསོ་ཉིན་༧ཡོད་པ་སྟེ། ༢༠༢༢ལོའི་ཟླ་༣ཚེས་༢ཉིན་ནས་ཟླ་༣ཚེས་༨བར་ངལ་གསོ་འཇོག་རྒྱུ་དང་། ཟླ་༢ཚེས་༢༦ཉིན་༼གཟའ་སྤེན་པ་༽དང་ཟླ་༣ཚེས་༡༣ཉིན་༼གཟའ་ཉི་མ་༽ལས་ཀ་ཡིན། 
           དུས་ཆེན་རིང་། རྒྱ་ཆེའི་གྲོང་མི་ཚོས་དོགས་ཟོན་གྱི་འདུ་ཤེས་གོང་མཐོར་ཏན་ཏིག་བཏང་ནས་རང་ཉིད་ལ་འགོག་སྲུང་ཡག་པོ་བྱ་དགོས། ཕྱིར་སྐྱོད་སྐབས་ཁ་རས་རྒྱག་པ་དང་ལག་པ་བཀྲུ་དགོས་ཤིང་། ཡག་ཤོས་བྱུང་ན་ཕྱི་དང་མི་མང་འདུ་འཛོམས་ཆེ་སར་ཉུང་ཙམ་འགྲོ་དགོས་པར་མ་ཟད། བདེ་ཐང་བཤེར་རྟགས་གྲ་སྒྲིག་ཡག་པོ་བྱས་ཏེ། དཔྱད་བཤེར་དང་ལུས་དྲོད་བརྟག་དཔྱད་སོགས་ཀྱི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་ཞུ་དགོས། གྲོང་ཁྱེར་བཅའ་སྡོད་ཏང་སྲིད་ལས་ཁུངས་ཀྱིས་རྒྱུན་རྣམ་ཅན་གྱི་ནད་ཡམས་འགོག་ཟོན་བླང་བྱ་གཞིར་བཟུང་། དུས་ཆེན་རིང་གི་ནད་ཡམས་འགོག་ཟོན་བྱ་ཐབས་དོན་འཁྱོལ་བྱ་དགོས་ཤིང་། ལས་ཁྲིད་དབུ་ཁྲིད་དང་སྡོད་བྱའི་མི་སྣས་སྡོད་བྱ་ལས་ཁྲིད་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཐོག རང་འདོད་དུ་ལས་གནས་ནས་ཁ་བྲལ་མི་ཆོག་ལ། ལས་ཀར་མི་ཡོང་བ་བྱེད་མི་ཆོག སྟེས་དབང་དོན་རྐྱེན་ཐོན་ཚེ། གཏན་འབེབས་ལྟར་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་སྦྲགས་ཐག་གཅོད་འོས་འཚམ་བྱས་ཏེ། མི་དམངས་མང་ཚོགས་བཀྲ་ཤིས་ཁམས་བདེའི་ངང་ནས་ལོ་གསར་ལ་རོལ་བར་འགན་སྲུང་བྱ་དགོས། 
           ཆེད་དོན་བརྡ་ཐོ།
ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཁང་ནས། 
༢༠༢༢ལོའི་ཟླ་༢ཚེས་༡༨ཉིན།