གླུ་ལེན་གར་འཁྲབ་བྱས་ནས་ལོ་གསར་བསུ།
སྤེལ་དུས 2022-02-28
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
འདི་ནི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
ཉེ་ཆར་2022ལོའི་མལ་གྲོ་གུང་དཀར་གྱི་དཔྱིད་གསར་དང་བོད་ཀྱི་ལོ་གསར་བསུ་བའི་རིག་རྩལ་མཚན་ཚོགས་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(རྫོང་རིག་གནས་བྱེད་སྒོ་ལྟེ་གནས)སུ་འཚོགས་ཤིང་། རྫོང་ཡོངས་ཀྱི་རིག་རྩལ་ཚོགས་པ་16གི་འཁྲབ་སྟོན་པ་200ལྷག་ཙམ་གྱིས་སྤུས་ཚད་ལེགས་པ་དང་ཆུ་ཚད་མཐོ་བའི་རིག་རྩལ་མཚན་ཚོགས་ཤིག་འཚོགས་ཡོད། ད་ཐེངས་བྱེད་སྒོ་དེ་སྤེལ་བ་བརྒྱུད། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཞིང་།
རྩོམ་སྒྲིག་པ། སྣང་རྡོར།