གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

པེ་ཅིང་གྲོང་ཁྱེར་གྱིས་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ལས་དོན་ཁྱབ་གདལ་བཏང་བ།

སྤེལ་དུས 2018-06-25 ཡོང་ཁུངས། བོད་ལྗོངས་རླུང་འཕྲིན། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
           བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་རྗེས་སློབ་གསོ་པུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་བཞིས་མཉམ་འབྲེལ་ཐོག་ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་ལས་ཀའི་ལག་བསྟར་ཇུས་གཞི་བཟོས་ཏེ། ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ལས་དོན་ཁྱབ་གདལ་བཏང་བ་རེད།
           སྤྱི་ལོ་2014ལོའི་ཟླ་བ་བརྒྱད་པར། པེ་ཅིང་གྲོང་ཁྱེར་གྱིས་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་ལ་ཁག་དང་པོའི་བོད་སྐྱོར་དགེ་རྒན་50མངགས་གཏོང་བྱས་ཏེ། ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་དང་། སྤྱི་ལོ་2017ལོའི་ཟླ་བ་བརྒྱད་པར་པེ་ཅིང་གྲོང་ཁྱེར་གྱིས་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་བྱེད་ཁོངས་དེ་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་ཁོ་ནར་རོགས་སྐྱོར་བྱེད་པ་ནས། ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་དང་ལྷ་ས་པེ་ཅིང་སློབ་འབྲིང་སོགས་སློབ་གྲྭ་བཞིར་རོགས་སྐྱོར་བྱེད་པའི་བར་རྒྱ་སྐྱེད་བཏང་སྟེ། སློབ་ཆུང་དང་དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་། ལས་རིགས་སློབ་གསོ་སོགས་ལ་ཁྱབ་ཐུབ་པ་བྱས་ཡོད།
           ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ལས་དོན་སྤེལ་བ་བརྒྱུད་བསམ་ཕྱོགས་དང་སློབ་གཉེར་བྱེད་སྟངས་གསར་པ་ལྷ་སའི་རོགས་སྐྱོར་བྱེད་ཡུལ་སློབ་གྲྭ་ཁག་ལ་ཁྱབ་སྤེལ་བཏང་སྟེ། རོགས་སྐྱོར་བྱེད་ཡུལ་སློབ་གྲྭར་དོ་དམ་ལམ་ལུགས་ལེགས་སུ་དང་སློབ་གཉེར་སྤུས་ཚད་ལེགས་སུ་གཏོང་རོགས་བྱས་པ་མ་ཟད། ས་ཆ་དེ་གའི་དགེ་རྒན་གྱི་སློབ་ཁྲིད་བྱེད་སྟངས་ལེགས་སུ་ཡང་གཏོང་རོགས་བྱས་ཡོད། དེ་དང་ཆབས་ཅིག་པེ་ཅིང་གྲོང་ཁྱེར་གྱིས། རྒྱང་འཁྲིད་སློབ་གསོའི་ཐད་ཀྱི་སྤུས་ལེགས་ཐོན་ཁུངས་ལ་གང་ལེགས་བརྟེན་ནས་ཅིང་བོད་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་འགུལ་མཉམ་རོལ་ལས་གཞི་ལག་བསྟར་བྱེད་རྒྱུར་སྐུལ་འདེད་བཏང་བ་དང་། ས་ཆ་གཉིས་ཀྱིས་དྲ་རྒྱ་བརྒྱུད་མཉམ་འགུལ་གྱི་དཔེ་སྟོན་སློབ་ཁྲིད་དང་མཉམ་སྡེབ་སློབ་དཔྱོད། རིགས་གཅིག་མཁས་པའི་འཆད་འཁྲིད་སོགས་བྱས་པས་པེ་ཅིང་དང་ལྷ་སའི་སློབ་གྲྭས་དུས་གཅིག་ཏུ་སློབ་ཁྲིད་ཐུབ་པ་བྱུང་ནས། དོ་དམ་ཆུ་ཚད་མཐོ་རུ་དང་སློབ་ཁྲིད་སྤུས་ཚད་ལེགས་སུ་གཏོང་བའི་དམིགས་ཚད་སྒྲུབ་རྒྱུར་སྐུལ་འདེད་ཐེབས་པ་རེད།