ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

“ལག་བྱང་མས་ཕྱུག་འགྱུར་ཕུགས་འདུན་ཕྲེང་བརྒྱུས་བྱས”བོད་ལྗོངས་བྲག་གཡབ་རྫོང་གི་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱིས་མང་ཚོགས་དབུལ་སྒྲོལ་བྱ་བར་རམ་འདེགས་བྱས་པ།

སྤེལ་དུས 2018-12-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
རི་མོ་འདི་ནི་བྲག་གཡབ་རྫོང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དབུལ་སྐྱོར་གནད་འཕིགས་ལས་ཞུགས་སྦྱོང་བརྡར་ས་ཚུགས་སུ་འགྲེམས་སྟོན་བྱས་པའི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་རེད། 
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་12པའི་ཚེས་12ཉིན།  " དུས་རབས་གསར་པ་དང་། གནས་ཚུལ་གསར་པ། བྱས་རྗེས་གསར་པ”ཞེས་པའི་དྲ་རྒྱའི་སྨྱན་བྱེད་ལས་ཁུངས་སྐྱོད་པའི་བྱེད་སྒོ་དེ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དུ་ཐོན་ཏེ། བྲག་གཡབ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དབུལ་སྐྱོར་གནད་འཕིགས་ལས་ཞུགས་སྦྱོང་བརྡར་ས་ཚིགས་སུ་ཁྲ་ཆིལ་དགུ་ཆིལ་གྱི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་མང་པོ་ཞིག་གིས་གསར་འགོད་པའི་མིག་དབང་འཕྲོག་པར་བྱས། 

           རི་མོ་འདི་ནི་བྲག་གཡབ་རྫོང་དབུལ་སྐྱོར་གནད་འཕིགས་ལས་ཞུགས་སྦྱོང་བརྡར་ས་ཚིགས་རེད། 
           ལག་ཤེས་བཟོ་རྩལ་ཐོན་རྫས་མང་པོའི་ཁྲོད་མི་རྣམས་ཀྱི་ཡིད་དབང་ཆེས་ཆེར་འགུགས་པ་ནི་ཕྲེང་བརྒྱུས་ཀྱི་ཀ་ར་འཇོག་སྣོད་དང་། པིར་སྣོད། གཙང་ཤོག་འཇོག་སྣོད། སིལ་ཏོག་གི་སྡེར་མ་སོགས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་རེད། 
           བྲག་གཡབ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་འདི་ཚང་མ་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དག་གིས་བཟོས་པ་ཡིན་ཞིང་། 2016ལོ་དང་2017ལོར་བྲག་གཡབ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་བསྡོམས་པས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་གྲངས་75ལ་ལག་རྩལ་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་འཛིན་གྲྭའི་མཇུག་སྒྲིལ་རྗེས། སློབ་མ་20ལྷག་ཐད་ཀར་ལས་ཞུགས་བྱས་པ་རེད། 

           རི་མོ་འདི་ནི་ཐོན་རྫས་འགྲེམས་སྟོན་ཁུལ་རེད། 
           དེའི་རྗེས་སུ། བྲག་གཡབ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་སློབ་མར་རྒྱུ་ཆ་མཁོ་འདོན་བྱས་པ་དང་། ཁོ་ཚོས་འཐག་པའི་ཐོན་རྫས་ཀྱང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་བརྒྱུད་དེ་ཕྱིར་འཚོང་བྱས་ཤིང་། སློབ་མ་མི་རེར་ཟླ་རེར་སྒོར་1500ཡི་གཞི་རྩའི་གླ་ཕོགས་ཡོད་པར་མ་ཟད། ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་རིགས་ཕྱིར་འཚོང་བྱས་པའི་ཁེ་ཕོགས་ལྟར་ལས་ཕྱོད་གླ་ཕོགས་བགོ་བཤའ་བརྒྱབ། 
           བྲག་གཡབ་རྫོང་དཔལ་རི་ཤང་དཀར་གྲོང་ཚོ་ནས་ཡིན་པའི་བསོད་ནམས་ཚེ་སྐྱིད་ཀྱིས་འདི་ནས་ལས་ཀ་ལོ་གསུམ་རིང་ལས་ཤིང་། ཁོ་མོ་ཁྱིམ་དང་ཅུང་ཐག་རིང་བའི་དབང་གིས་རྫོང་ཐོག་ནས་ཁང་པ་གཅིག་གླས་ཏེ་བསྡད་ཡོད། ཁོ་མོས་བཤད་རྒྱུར། “ཁོ་མོའི་ནུ་བོ་སློབ་གྲྭར་འགྲོ་བཞིན་ཡོད་པས། ཁང་གླ་སྒོར་250དང་དུས་རྒྱུན་གྱི་འགྲོ་སོང་ཕུད། དེ་འཕྲོའི་སྒོར་མོ་ཚང་མ་ཁྱིམ་དུ་བསྐུར་གྱིན་ཡོད”ཅེས་བཤད། ལས་ལ་བརྩོན་པའི་བསོད་ནམས་ཚེ་སྐྱིད་ཀྱིས་རང་ཉིད་ཀྱི་ལག་ཟུང་གཉིས་ལ་བརྟེན་ནས་ཁྱིམ་ཚང་ཆུང་ཆུང་དེ་རིམ་བཞིན་དབུལ་ཕོངས་ཀྱི་རྣམ་པ་ལས་ཐར་བར་བཅུག

           རི་མོ་འདི་ནི་བསོད་ནམས་ཚེ་སྐྱིད་ཀྱིས་ལག་བཟོའི་ཐོན་རྫས་བཟོ་བཞིན་པའི་རྣམ་པ་རེད། 
           བྲག་གཡབ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་བཤད་རྒྱུར། དབུལ་སྐྱོར་གནད་འཕིགས་ངལ་རྩོལ་རྩལ་ནུས་སྦྱོང་བརྡར་ས་ཚིགས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ནུས་ལྡན་སྒོས་དབུལ་སྒྲོལ་ཡོང་བར་སྐུལ་འདེད་གཏོང་བར་མ་ཟད། ད་དུང་དུད་ཚང་དབུལ་པོ་ཕྱུག་པོ་ཆགས་པ་དང་། རང་བརྟེན་ལས་གཏོད་ཀྱི་ཧུར་སེམས་ལ་སྐུལ་སློང་ཆེན་པོ་བྱས་ཡོད་ཅེས་བཤད།