ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཁང་གཞིས།

རྩེ་པོ་ཏ་ལའི་ལྕོག་བཞི།

སྤེལ་དུས 2017-08-24 ཡོང་ཁུངས། 《བོད་མིའི་ཡུལ་སྲོལ་གོམས་གཤིས》 རྩོམ་པ་པོ། ས་གོང་དབང་འདུས།
          དེ་ཡང་རྒྱལ་པོ་ལྕོག་དང་། ཤར་ཆེན་ལྕོག གཡུལ་རྒྱལ་ལྕོག བརྟན་མ་ལྕོག་བཞི་སྟེ། རྩེའི་ནུབ་ངོས་སུ་བཞུགས་པའི་རྒྱལ་པོ་ལྕོག་ནི་གཟུགས་དབྱིབས་ཕྱེད་སྒོར་མོ་ཡིན་པ་ལས། གནམ་གྱི་ཟླ་བ་མཚོན་པར་བྱེད་ལ། རྩེའི་ཤར་ངོས་སུ་བཞུགས་པའི་ཤར་ཆེན་ལྕོག་ནི་གཟུགས་དབྱིབས་སྒོར་མོ་ཡིན་པ་ལས། དགུང་གི་ཉི་མ་མཚོན་པར་བྱེད་ཅིང་། ཉིན་ཟླ་གཉིས་མཐོན་པོའི་དཔེ་རུ་བླངས་ནས་བླ་དཔོན་ཉིན་ཟླ་ཟུང་འབྲེལ་ཞེས་བོད་ཀྱི་སྔ་མོའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མཚོན་པར་བྱས་ཡོད། རྩེའི་ཤར་ཟུར་དུ་མཆིས་པའི་གཡུལ་རྒྱལ་ལྕོག་ནི་གུ་ཤྲྀ་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ལ་སོག་དམག་མངགས་ནས་གཙང་པ་ཀརྨ་བསྟན་སྐྱོང་དབང་པོ་ཕམ་ལ་སྦྱར་བའི་རྗེས་དྲན་གྱི་རྟེན་ལ་ལྕོག་དེ་བཞེངས་པས་ན། མིང་ལའང་གཡུལ་རྒྱལ་ལྕོག་ཅེས་ཐོགས་པར་གྲགས། ལྕོག་དེའི་ནང་མི་སྡོད་པ་ལས་ལྷ་དང་སྐུ་སོགས་གང་ཡང་མེད། བརྟན་མ་ལྕོག་ཅེས་པ་ནི་བརྟན་མ་བཅུ་གཉིས་བཞུགས་སའི་གནས་སའམ་གསས་ཁང་ལྟ་བུ་ཞིག་ཡིན། དེའི་ནང་གི་རྟེན་གཙོ་བོ་ནི་བརྟན་མ་བཀྲ་ཤིས་ཚེ་རིང་ཞེས་པའི་སྐུ་བརྙན་དེ་རེད། བརྟན་མ་བཅུ་གཉིས་ཞེས་པ་ནི་སློབ་དཔོན་རིན་པོ་ཆེས་དམ་ལ་བཏགས་པའི་བོད་ཁམས་སྐྱོང་བའི་སྲུང་མའི་གྲས་ཤིག་ཡིན་སྟབས། དེ་རྣམས་ལ་དམིགས་བསལ་དུ་རྩེར་ལྕོག་བཞེངས་ནས་སྲུང་ཁང་མཛད་པ་རེད། དེར་མགོན་པོ་ཞིག་བཞུགས་ཡོད་པ་མ་ཟད་སེར་སྐྱ་མང་ཚོགས་རྣམས་ནས་དེར་རྟག་ཏུ་སེར་སྐྱེམ་ཡང་འབུལ་སྲོལ་ཡོད།

                                                                                                                         འབྲུག་མོས་ཞུ་དག་བྱས།