ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཁང་གཞིས།

པེ་ཅིང་གི་798སྒྱུ་རྩལ་ཁུལ་དུ་ཡོད་པའི་ཨ་ཅེ་མཁའ་འགྲོ་ཞེས་པའི་བོད་ཀྱི་སྒྱུ་རྩལ་ཁང་།

སྤེལ་དུས 2017-08-30 ཡོང་ཁུངས། མཚོ་སྔོན་པོའི་དྲ་བ། རྩོམ་པ་པོ། བདེ་ལྷ་མོས་བསྒྲིགས།


ཨ་ཅེ་མཁའ་འགྲོའི་སྒོ་ཆེན། 

            པེ་ཅིན798ནི་ཀྲུང་གོའི་དེང་རབས་ཀྱི་སྒྱུ་རྩལ་རྣམ་པ་མཚོན་པའི་འདུ་གནས་གསར་བ་ཞིག་ཡིན་ལ། ལྕགས་རི་རིང་པོ་སོགས་ལ་ལྟ་སྐོར་དུ་འགྲོ་བའི་ཡུལ་སྐོར་ལྗོངས་རྒྱུའི་ལམ་ཐིགས་གལ་ཆེན་ཞིག་རེད། ན་ནིང་ཟླ5བའི་ནང་། ཨ་ཅེ་མཁའ་འགྲོ་ནི་བོད་ཀྱི་རིག་གནས་གཙོ་བྱས་པའི་སྒྱུ་རྩལ་ཁང་ཉག་ཅིག་ཡིན་པའི་ཆ་ནས798སྒྱུ་རྩལ་ལྟེ་གནས་སུ་ཚུད་པ་རེད།  
            ཨ་ཅེ་མཁའ་འགྲོ་ཞེས་པའི་སྒྱུ་རྩལ་ཁང་འདིའི་གཙོ་འགན་བཞེས་མཁན་ནི་ཕ་ཡུལ་ལྷ་ས་ནས་ཡིན་པའི་བསོད་རྡོ་ཟེར་བའི་ཕོ་རྒོད་ཞིག་ཡིན་ཞིང་། ཁོང་གིས་གསར་འགོད་པར་གནས་འདི་ན་བོད་ཀྱི་རིག་གནས་ཧ་ཅང་དཀོན་པས་འདི་ལྟ་བུའི་སྒྱུ་རྩལ་ཁང་ཞིག་གཉེར་རྒྱུ་ནི་ཤིན་ཏུ་མཁོ་ཆེ་བ་ཞིག་རེད་ཅེས་བརྗོད་བྱུང་།

            ཨ་ཅེ་མཁའ་འགྲོ་ཞེས་པའི་སྒྱུ་རྩལ་ཁང་དུ་མཚོ་བོད་མཐོ་སྒང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་གསེར་མདོག་གི་མ་ཎི་འཁོར་ལོ་དང་དར་ལྕོགས་སོགས་ཡོད་ལ། མ་ཎི་འཁོར་ལོ་ལ་དུངས་པ་ཟབ་པའི་ནང་ཆོས་པ་རྣམས་ཡུལ་སྐོར་བྱེད་དུས་ཏག་ཏག་འདིར་ཡོང་སྟེ་མ་ཎི་རེ་བསྐོར་ཏེ་བར་ཆད་སེལ་བ་དང་བསམ་པ་ལྷུན་གྲུབ་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད།  
            དེང་རབས་ཅན་གྱི་ཉིས་ཐོག་ཁང་པ་རུ་དཔེ་ཁང་ཞིག་དང་རོལ་མོ་མྱོང་རོལ་བྱེད་ས། ཇ་ཁང་ལྟ་བུའི་ངལ་གསོ་བྱེད་ས་སོགས་དང་། ད་དུང་བོད་ཀྱི་རྒྱན་ཆས་གཡུ་བྱུར་སོགས་ཀྱང་བཤམས་ཡོད་ཅིང་། ཡུལ་སྐོར་བ་རྣམས་ཀྱིས་དཔེ་ཆ་ལྟ་ཀློག་དང་གླུ་གཞས་ཉན་པ། གསོལ་ཇ་བཞེས་པ། བོད་ཀྱི་རྒྱན་ཆ་ཉོ་བ་སོགས་གང་རུང་བྱེད་ཆོག

            ཨ་ཅེ་མཁའ་འགྲོའི་སྒྱུ་རྩལ་ཁང་གཉེར་ཏེ་ཅུང་མ་འགོར་བར། ཨུ་རུ་སུའི་རི་མོ་བ་མིང་གྲགས་ཅན་ནེ་ཁུའུ་ལེད་ཏུའུ་ཏི་ཁ་ཞེས་པས་དེར་རང་ཉིད་ཀྱི་ཐང་ཀ་བཤམས་ཤིང་། ཏུའུ་ཏི་ཁ་ནི་སྣུམ་ཚོན་རི་མོ་བ་སྐད་གྲགས་ཅན་ཞིག་ཡིན་ལ། དུས་རབས80བའི་དུས་དཀྱིལ་ནས་བཟུང་ཐང་ཀའི་ཕྱོགས་ལ་སྤྲོ་སེམས་འཁོལ་བ་རེད།  
            ཁོང་གི་ད་ལོའི་འཆར་གཞི་གཙོ་བོ་ནི་བོད་སྨན་ཐང་ཀ་བཤམ་སྟོན་བྱེད་པ་དེ་ཡིན་ཞིང་། ཁོང་གིས་འདི་ལྟར། མི་མང་པོས་ཐང་ཀ་ནི་སངས་རྒྱས་ཀྱི་སྐུ་ཁོ་ནར་ངོས་འཛིན་གྱི་ཡོད་མོད།  ཡིན་ནའང་དོན་དངོས་སུ་ཐང་ཀ་ནི་བོད་ཀྱི་རིག་གནས་ཀུན་འདུས་དཔེ་དེབ་ཅིག་ཏུ་ངོས་འཛིན་བྱས་ཆོག་ལ།   བོད་ཀྱི་རིག་གནས་ཡོངས་རྫོགས་ཐང་ཀ་ལས་མཚོན་པར་བྱེད་ཅིང་། བོད་སྨན་ཐང་ཀ་ཡང་དེ་བཞིན་ཡིན་ཏེ། 《རྒྱུད་བཞིའི》ནང་གི་སྨན་རྫས་དང་། སྨན་གསོ་བྱ་ཐབས་སོགས་ཐང་ཀ་ལས་མཚོན་པར་བྱས་ཆོག་པ་རེད་ཅེས་བརྗོད།


བཤམ་སྟོན་ཁང་གི་འགྲེལ་བརྗོད་པ།


ཐང་ཀ་བཤམ་སྟོན་ཁང་།