དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཁང་གཞིས།

ཆབ་མདོ་འཇོ་མདའ་སྤོ་ལོ་རྒུ་རྩའི་དཔར་བརྐོའི་ལག་རྩལ།

སྤེལ་དུས 2020-04-29 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ།

          ཆབ་མདོ་འཇོ་མདའ་རྫོང་སྤོ་ལོ་རྒུ་རྩའི་དཔར་བརྐོས་ལག་རྩལ་ནི་༡༦༧༦ལོར་སྡེ་དགེའི་ཐུ་སི་སྐུ་ཐོག་བཅུ་གཉིས་པ་དང་ཆོས་རྗེ་བསྟན་པ་ཚེ་རིང་སྐུ་ཕྲེང་དྲུག་པ་རྣམ་གཉིས་ནས་སྲོལ་གཏོད། དེ་ཡང་སྐབས་དེ་དུས་ཟི་ཁྲོན་སྡེ་དགེ་དང་པད་ཡུལ། དེ་བཞིན་བོད་ལྗོངས་ཀྱི་འཇོ་མདའ་ཚང་མ་སྡེ་དགེའི་ཐུ་སིའི་མངས་ཁོངས་སུ་གཏོགས་པས་སྐབས་དེར་ནང་ཆོས་དར་སྤེལ་ཕྱིན་པ་དང་དུས་མཚུངས་སུ་དཔར་ཤིང་བརྐོས་དཀྲོལ་ལ་སོགས་པའི་ལག་རྩལ་ཐད་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད། ཆིང་རྒྱལ་རབས་ཀྱི་སྲིད་དབང་བཟུང་བའི་རིང་ཐུ་སིས་དཔར་བརྐོས་ཐད་མི་དང་དངོས་པོའི་སྟོབས་ཤུགས་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ཤིང་དཔར་བཟོས་བ་དང་། དཔེ་ཆ། ལོ་རྒྱུས་དེ་བཞིན་ཆོས་འབྱུང་ཁག་མང་དག་ཅིག་དཔར་དུ་བརྐོས་ཡོད། དེང་སང་ཟི་ཁྲོན་ཞིང་ཆེན་རྒྱལ་ཡོངས་དམིགས་འཛུགས་སྲུང་སྐྱོབ་སྡེ་ཚན་སྡེ་དགེའི་དཔར་ཁང་ཁྲོད་བརྒྱ་ཆ་བརྒྱད་ཅུ་ནས་དགུ་བཅུ་བར་གྱི་ཤིང་དཔར་ནི་ཆབ་མདོ་ས་ཁུལ་ཇོ་མདའ་རྫོང་སྤོ་ལོ་ཤང་ནས་ཐོན་པ་ཡིན། སྤོ་ལོ་རྒུ་རྩའི་ཤིང་དཔར་ནི་དཀྲོལ་ཚགས་དམ་པ་དང་མཐོང་སྣང་དོད་པ། སྤུས་ཀ་ལེགས་པས། དེང་སང་བོད་ཁུལ་གྱི་དཔར་བརྐོས་ལག་རྩལ་ཁྲོད་ཆེས་ལེགས་གྲས་ཀྱི་ཐོན་དངོས་ཤིག་ཏུ་རྩིས་ཀྱི་ཡོད། སྤོ་ལོ་རྒུ་རྩའི་ཤིང་དཔར་བརྐོ་བའི་དུས་སུ་དཔར་ཡིག་ཐོག་མ་ནི་མིང་གྲགས་ལྡན་པའི་བོད་ཡིག་ཡིག་མཁན་གྱིས་བྲིས་པའི་ཡིག་གཟུགས་ལ་གཞིགས་ནས་བརྐོས་དཀྲོལ་བྱེད་ཀྱི་ཡོད་ལ་དཔར་ཤིང་གྲུབ་རྗེས་ཞུ་དག་ཐེངས་བཅུ་གཉིས་ཙམ་བྱེད་དགོས་ཀྱི་ཡོད། དཔར་ཤིང་གི་རྒྱུ་ཆ་ནི་ས་ཆ་དེ་ག་ནས་ཐོན་པའི་སྟག་ཤིང་ལས་གྲུབ་པ་ཞིག་ཡིན། དཔར་ཤིང་བརྐོ་བའི་ལག་ཆར་མཚོན་ན་ཆེ་ཆུང་ཁྱོན་བཞི་བཅུ་ལྷག་ཙམ་ཡོད་དེ། ལག་ཆ་གཙོ་བ་ནི་གཞོགས་གྲི་ཡིན་ཞིང་། དེ་ཡང་གྲིའི་ཁ་ཞེང་ལ་གཞིགས་ནས་དབྱེ་བ་ཕྱེ་བ་ཡིན་ལ། གཞན་ད་དུང་རྒྱུན་དུ་མཐོང་ཆེ་བའི་ཕག་ཟེ་དང་། རྡར་རྡོ། ཀོ་བ། པུས་ཤུབས་ལ་སོགས་ཀྱི་ལག་ཆ་དགོས་ཀྱི་ཡོད། ཤིང་དཔར་བརྐོས་མཁན་ཞིག་ལ་ཆ་མཚོན་ནས་བཤད་ན་ཡང་དེས་རྒྱུན་གཏན་ནས་ལུས་ཐོག་ཏུ་མ་མཐར་ཡང་དཔར་བརྐོས་ལག་ཆ་ཁག་བཅུ་ལྷག་ཙམ་འཁྱེར་གྱི་ཡོད། ཤིང་དཔར་བརྐོས་དཀྲོལ་ལ་ནང་དོན་གྱི་ཆ་ནས་དབྱེ་བ་གསུམ་ཡོད་དེ། གཅིག་ནི་དཔེ་ཆའི་དཔར་བརྐོས་ཡིན་ཞིང་དེ་ནི་གཙོ་བོ་དཔེ་ཆའི་ནང་དོན་དཔར་བརྐོས་བྱ་རྒྱུ་དེའོ། སྤོ་ལོ་རྒུ་རྩའི་བརྐོས་དཀྲོལ་ཁྲོད་མང་ཆེ་བ་ནི《བསྟན་འགྱུར》དང《བཀའ་འགྱུར》གྱི་བཀའ་དཔེ་ཡིན་པ་དང་། དཔར་བརྐོས་ལག་རྩལ་ཐད་ནས་བརྗོད་ན་དེ་ནི་ཤིན་ཏུ་དཀའ་བའི་ཤིང་དཔར་བརྐོས་དཀྲོལ་ལག་རྩལ་གྱི་གྲས་ཤིག་ཡིན། གཉིས་པ་ནི་ལྷ་རིས་དཔར་བརྐོས་ཡིན། དེ་ནི་གཙོ་བོ་སྐུ་འདྲ་དང་རླུང་རྟ་ལ་སོགས་རི་མོ་ཡིན་ལ་རི་མོ་དེ་དག་ནི་མི་རིགས་ཀྱི་ཁྱད་ཆོས་ཤུགས་ཆེན་ལྡན་པ་དང་བརྐོས་དཀྲོལ་ལག་རྩལ་མཐོ་བ་ཤ་སྟག་ཡིན་ནོ། གསུམ་པ་ནི་མཛེས་རྩལ་དཔར་བརྐོས(མིང་གཞན་ལ་མཛེས་རིས་དཔར་བརྐོས་)ཡིན། དེ་ནི་ཕྱོགས་རྐྱང་པའི་དཔར་བརྐོས་ཤིག་ཡིན། དཔར་ཤིང་ཆེ་ཤོས་ཀྱི་དཀྱུས་ལ་ལིའི་རྨིད་བརྒྱ་དང་བཅུ་ཡོད་པ་དང་། ཞེང་ཚད་ལ་ལིའི་རྨིད་བདུན་ཅུ་ལྷག་ཙམ་ཡོད། དཔར་ཤིང་ཆུང་ཤོས་ཀྱི་དཀྱུས་ལ་ལིའི་རྨིད་གསུམ་ཅུ་ལྷག་ཙམ་དང་ཞེང་ཚད་ལ་ལིའི་རྨིད་དྲུག་ཡོད། དཔར་ཤིང་ཚང་མའི་ཡུ་བའི་རིང་ཚད་ལ་ལིའི་རྨིད་བཅུ་ཙམ་ཡོད། དཔེ་ཆའི་དཔར་ཤིང་གི་དཔར་ངོས་ལ་གཞིགས་ནས་དབྱེ་ན་གསུམ་ཡོད་དེ། གཅིག་ནི་དཔར་ཤིང་དམར་པོ་ཡིན། དེའི་དཔར་བརྐོའི་སྣག་ཚ་ནི་རྒྱུན་སྲོལ་གྱི་མཚལ་ཡིན་ལ། དཔར་ཤིང་དམར་པོ་བེད་སྤྱད་པ་དག་ནི་རྩ་ཆེ་བའི་དཔེ་ཆ་ཤ་སྟག་ཡིན་ལ། རྩ་ཆེ་བའི་དཔེ་ཆའི་དཔར་ཤིང་དམར་པོ་བེད་སྤྱད་པ་ནི་སངས་རྒྱས་ལ་ལྷག་བསམ་དང་དད་གུས་བྱས་པ་མཚོན་གྱི་ཡོད། དཔར་ཤིང་དམར་པོའི་ཡུ་བའི་སྟེང་གི་སྡིག་པ་རྭ་ཙ་རི་མོའི་མཚོན་དོན་ནི་དཔེ་ཆའི་དཔར་ཤིང་ཁྲོད་ནས་ཆེས་རྩ་ཆེ་བའི་ནང་དོན་ཁག་མཚོན་གྱི་ཡོད། གཉིས་པ་ནི་དཔར་ཤིང་ནག་པོ་ཡིན། གནའ་དུས་དཔར་ཤིང་ནག་པོའི་དཔར་བརྐོའི་སྣག་ཚ་ནི་སོ་སོས་བཟོས་པའི་དུ་བའི་སྣག་ཚ་ཡིན་ཞིང་དེང་སང་བཟོ་གྲྭ་ཁག་ནས་ཐོན་པའི་སྣག་ཚ་བེད་སྤྱད་ནས་དཔར་བརྐོས་ཀྱི་ཡོད། དེའི་ནང་དོན་ཕལ་ཆེ་བ་ནི་རྒྱུན་ལྡན་མཐོང་ཆེ་བའི་དཔེ་ཆ་ཡིན། སྤོ་ལོ་ཤང་ནས་ཐོན་པའི་བརྐོས་དཀྲོལ་དཔེ་ཆའི་དཔར་ཤིང་མང་པོའི་ཁྲོད་ནས་《བསྟན་འགྱུར》དང་《བཀའ་འགྱུར》གྱི་དཔར་ཤིང་ནི་གྲགས་ཆེ་ཤོས་ཤིག་ཡིན། དེ་ཡང《བསྟན་འགྱུར》དང《བཀའ་འགྱུར》གྱི་བཀའ་དཔེ་རྣམ་གཉིས་ནི་རྒྱ་འཚལ་གྱི་མདོག་བེད་སྤྱད་ནས་དཔར་བརྐོས་བྱས་པ་ཞིག་ཡིན། སྤོ་ལོ་རྒུ་རྩའི་ཤིང་དཔར་གྱི་གཞིའི་རྩའི་ཁྱད་ཆོས་ངོས་ནས་བཤད་ན། སྤོ་ལོ་ཤང་ཝ་གྲུང་གྲོང་ཚོའི་དཔར་ཤིང་དཔར་བརྐོའི་ལག་རྩལ་ནི་ཡོངས་གྲགས་སུ་སྐད་གྲགས་ཆེ་ཤོས་ཤིག་ཡིན་ལ་དཔར་བརྐོས་ཆེས་དཀའ་བའི《བསྟན་འགྱུར》དང《བཀའ་འགྱུར》གྱི་དཔེ་ཆ་ནི་གྲགས་ཆེ་ཤོས་ཤིག་ཡིན། དེ་ཡང་སྤྱི་ལོ་༡༦༨༢ལོ་ནས་འགོ་ཚུགས་ཏེ་སྤོ་ལོ་ཤང་ཝ་གྲུང་གྲོང་ཚོའི་དཔེ་ཆའི་དཔར་ཤིང་ལས་མིས་ལོ་བདུན་རིང《བསྟན་འགྱུར》པུ་ཏི་བརྒྱ་ལྷག་དང《བཀའ་འགྱུར》པུ་ཏི་ཉིས་བརྒྱ་ལྷག་དཔར་བརྐོས་གྲུབ་ཟིན་པས་དེ་ནི་སྐབས་དེ་དུས་ཀྱི་དཔར་ཤིང་ཁྲོད་ནས་ཆ་ཚང་ཤོས་དང་སྤུས་ཀ་དག་ཤོས་ཀྱི་དཔེ་རྒྱུན་ཞིག་ཏུ་གྱུར་ཡོད་ལ། དཔེ་རྒྱུན་དེ་དག་ནི་ད་ལྟ་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་སྡེ་དགེ་དཔར་ཁང་ནང་ཉར་ཚགས་བྱས་ཡོད། མིང་སྔར་སྡེ་དགེ་དཔར་ཁང་ནང་གི་བརྒྱ་ཆ་བརྒྱད་ཅུ་ལྷག་ཙམ་གྱི་དཔར་ཤིང་རྣམས་ནི་འཇོ་མདའི་སྤོ་ལོ་ཤང་ནས་ཐོན་པ་ཞིག་ཡིན། གལ་ཆེའི་རིན་ཐང་ངོས་ནས་བརྗོད་ན། སྤོ་ལོའི་དཔར་ཤིང་དཔར་བརྐོས་ནི་དོན་དམ་དུ་སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་རྩལ་གྱིས་ཐོན་སྐྱེད་འཚོ་བར་ལ་ཞབས་འདེགས་ཞུས་པ་མཚོན་ཡོད། སྤུས་ཀ་དག་ལ་མཐོང་སྣང་དོད་པས་མི་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་གྱི་ཡོད་ལ། ལག་རྩལ་དེས་རྩེར་སོན་གྱི་དམངས་ཁྲོད་ལག་རྩལ་པ་སྐོར་ཅིག་གསོ་སྐྱོང་བྱས་ཡོད་པ་མ་ཟད། དཔར་ཤིང་གི་ཕ་ཡུལ་དུ་གྲགས་པའི་སྤོ་ལོ་ཤང་ནས《བསྟན་འགྱུར》དང《བཀའ་འགྱུར》གྱི་བཀའ་དཔེ་དང་དཔར་བརྐོས་དཀའ་བའི་རླུང་རྟ་དང་འདྲ་སྐུའི་འབུར་རིས་སོགས་ལ་མི་རིགས་ཀྱི་ཁྱད་ཆོས་ཤུགས་ཆེན་ལྡན་ལ་དཔར་བརྐོས་ལག་རྩལ་མཐོ་བའི་མི་སྣ་འབོར་ཆེན་ཞིག་ཐོན་ཡོད། མ་གཞི་སྤོ་ལོ་ཤང་གིས་དཔར་ཤིང་དཔར་བརྐོས་ལ་འཇོ་མདའ་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་དེ་བཞིན་སྤོ་ལོ་ཤང་ཏང་ཨུད་དང་ཤང་མི་དམངས་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་སྔོག་འདོན་དང་། མྱུར་སྐྱོབ། རྒྱུན་འཛིན། དར་སྤེལ་བཅས་གྱི་ལས་ཀ་མང་དག་ཅིག་སྒྲུབ་ཡོད་ཀྱང་སྔར་བཞིན་སྣང་ཚུལ་མི་ཉུང་བ་ཞིག་གི་ཐད་ཐག་གཅོད་ལེགས་པོ་ཐུབ་མེད་དེ། གཅིག་ནས་དཔར་ཤིང་དཔར་བརྐོས་ལ་བརྟེན་ནས་འཚོ་རྟེན་བྱེད་པ་ཙམ་མིན་པར་སྤྱི་ཚོགས་ཀྱི་རྨང་གཞིའི་འཕེལ་རྒྱས་ལ་འཕོ་འགྱུར་ཆེ་བའི་དེང་གི་དུས་འདིར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་ཞིང་པའི་འཚོ་བ་ཉིན་རེ་བཞིན་ཡར་རྒྱས་འགྲོ་བའི་སྐབས་དེར་དཔར་བརྐོས་ཀྱི་ལས་རིམ་རྙོག་དྲ་ཅན་དང་ནུས་ཤུགས་ཟད་ཤོས་ཆེ་བའི་རྐྱེན་གྱིས་གཞོན་ནུ་མང་དག་ཅིག་བརྐོས་དཀྲོལ་བྱེད་མི་འདོད་པ་དང་། གཉིས་ནས་བརྐོས་དཀྲོལ་ལག་རྩལ་རྩེར་སོན་མི་སྣ་ཁག་ལོ་ན་མཐོ་ལ་རིམ་བཞིན་ལས་གནས་དེ་ལས་གྱེས་འགྲོ་བ་དང་། ལོ་ན་ཆུང་བ་རྣམས་དཔར་བརྐོས་ལག་རྩལ་སྦྱོང་འདོད་མེད་པའི་དབང་གིས་ཡུལ་ཕྱོགས་གཞན་ལ་ཡོང་བབ་གསོག་པར་འགྲོ་བ་ལ་སོགས་པའི་ཕྱི་རྐྱེན་མང་རབ་ཅིག་ཡོད་པར་བརྟེན་ཤིང་དཔར་དཔར་བརྐོས་ལག་རྩལ་དེ་བས་རྒྱུན་འཛིན་དཀའ་བའི་གནས་སུ་གྱར་ཡོད། གསུམ་ནས་ཚན་རིག་ལག་རྩལ་ཡར་རྒྱས་དང་ཁྲོམ་རའི་དཔལ་འབྱོར་གྱི་འཕེལ་རྒྱས་འགྲོ་བའི་དུས་དེར་མི་རྣམས་ཀྱི་རིག་གནས་འཚོ་བ་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པས་གདོད་མའི་ཤིང་དཔར་དཔར་བརྐོས་འཕེལ་རྒྱས་འགྲོ་དཀའ་བ་དང་ཉམས་དམས་སུ་འགྲོ་བའི་སྣང་ཚུལ་ལ་འགྱུར་ལྡོག་གཏོང་དཀའ་བ་བཅས་སོ། །