སྨར་ཁམས་ཀྱི་ཅ་ཅ་ཐུག་པ།
སྤེལ་དུས 2018-12-21
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ། སྐལ་བཟང་གྲགས་པས་བསྒྲིགས།
མི་རྣམས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་ཕྱིན་པ་དང་སྦྲགས་གང་སར་ཡུལ་སྐོར་སྤྲོ་འཆམ་དུ་སྐྱོད་བཞིན་ཡོད། རྩོམ་སྒྲིག་པས་ཁྱེད་རང་སྨར་ཁམས་ཚྭ་ཁ་ལྷོར་སླེབས་སྐབས་ཡུལ་དེ་གའི་ཅ་ཅ་ཐུག་པ་མཆོད་རྒྱུ་མ་བསྙེལ་བའི་དྲན་སྐུལ་ཞུ།
་རབ་བྱུང་བཞི་པའི་ལྕགས་སྤྲེལ་ཏེ་སྤྱི་ལོ་1260ལོར་ཧོར་རྒྱལ་པོ་སེ་ཆེན་ཧན་གྱི་འགྲོ་མགོན་ཆོས་རྒྱལ་འཕགས་པ་གདན་དྲངས་ཏེ་ཧོར་གྱི་དབུ་བླ་མཛད། ཡིན་ནའང་སྐབས་དེར་བོད་དུ་གནས་པའི་འགལ་ཟླ་སྣ་ཚོགས་སེལ་ཆེད་འགྲོ་མགོན་ཆོས་རྒྱལ་འཕགས་པ་བོད་དུ་ཕྱིར་ལོག་ཕེབས།
མདོ་དབུས་ཁམས་གསུམ་གྱི་གྲྭ་བཙུན་མང་ཚོགས་ཀྱིས་འགྲོ་མགོན་འཕགས་པ་བོད་དུ་ལོག་ཕེབས་པར་དགའ་བསུ་ཚད་མེད་ཞུས་པ་དང་། འགྲོ་མགོན་འཕགས་པས་སྨར་ཁམས་དང་ཚྭ་ལྷོའི་དབར་ལོ་མང་རིང་བྱུང་བའི་འགལ་ཟླའི་རྩོད་གཞི་སེལ་བར་བཀའ་དྲིན་མཚོན་ཆེད་བླ་མར་ཚྭ་ལྷོའི་ཐུག་པ་ཕུལ། བླ་མར་བསྙེན་བཀུར་ཞུ་ཆེད་ཞབས་ཞུ་བས་ཕོར་པ་ཆུང་ངུ་ཞིག་ཕུལ་བས་བླ་མས་ཞལ་གང་བཞེས་རྗེས་ཞིམ་མངར་བྲོ་བ་ལྡན་པས་དེ་མ་ཐག་ཏུ་ཞལ་དཀར་ཁ་ཤས་བཞེས་པ་དང་བསྟོད་བསྔགས་གང་མང་གནང་། དུས་དེ་ནས་བཟུང་ཅ་ཅ་ཐུག་པ་དེ་མི་རབས་ནས་མི་རབས་བར་དར་ཁྱབ་བྱུང་སྟེ་རྒྱུད་འཛིན་ཐུབ་ཡོད།
ཅ་ཅ་ཐུག་པའི་ཐུན་མོང་མ་ཡིན་པའི་ཟ་སྟངས་ནི་ཞབས་ཞུ་བས་མགྲོན་པོ་གྲོད་པ་མ་རྒྱགས་བར་ཐུག་པ་བླུགས་ཀྱི་ཡོད། འོན་ཀྱང་ཕོར་པ་རེའི་ནང་ཐུག་པ་ཧ་ཅང་ཉུང་ཉུང་ཡིན་ཞིང་། ཟ་གིན་དུ་མགྲོན་པོས་ད་དུང་རྡོ་ཧྲུག་ཁྱེར་ནས་ཕོར་གྲངས་བརྩི་བ་དང་། ཤོད་སྲོལ་ལ་མི་ཞིག་གིས་མང་ཤོས་ལ་ཕོར་པ་147བཏུང་བ་དེ་ནི་མིག་སྔའི་ཟིན་ཐོ་མཐོ་ཤོས་དེ་རེད།
སི་ཁྲོན་གྱི་ཐུག་པ་དང་། ཡུན་ནན་གྱི་བོད་ཕག་གི་ཤ་ས་གནས་དེ་གའི་སྡེབ་སྦྱོར་རྒྱུ་ཆ་བཅས་ཀྱིས་བཟོས་པའི་ཅ་ཅ་ཐུག་པ་ནི་ཡུལ་སྐོར་བ་ཚྭ་ཁ་ལྷོར་སྐྱོད་སྐབས་བསྙེལ་པོ་གནང་ངེས་ཀྱི་ཟས་རིགས་ཤིག་ཏུ་གྱུར་ཡོད།