ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > རྒྱན་གོས།

༄༅།།ལོ་འཁོར་མེ་ལོང་།

སྤེལ་དུས 2008-08-18 ཡོང་ཁུངས། 《བོད་མིའི་ཡུལ་སྲོལ་གོམས་གཤིས》 རྩོམ་པ་པོ། ས་གོང་དབང་འདུས།

ཆོས་ལུགས་ཀྱི་བག་ཆགས་ཟབ་མོས་རྐྱེན་པས་བོད་མིའི་བསམ་པའི་ནང་ལྷ་འདྲེའི་གནོད་པ་དང་། བགེགས་དང་བར་ཆད་མི་ཡོང་ངམ་སྙམ་པའི་རྣམ་རྟོག་ཆེན་པོ་ཡོད། དེར་བརྟེན་བོད་མིས་གནོད་པ་འགོག་རྒྱུ་དང་བགེགས་བར་བཟློག་ཐུབ་ཆེད་ཐབས་སྣ་ཚོགས་བྱེད་སྲོལ་ཡོད། དེའི་ནང་ནས་རྐེད་པར་མེ་ལོང་འདོགས་པ་དེ་ཡང་ནག་རྩིས་ཀྱི་སྲུང་ཐབས་གཅིག་ཡིན། མེ་ལོང་གི་མདུན་ངོས་སུ་པར་ཁ་དང་། རྨེ་བ། ལོ་འཁོར་བཅུ་གཉིས་དང་རྫི་པར་སོགས་ཀྱི་རི་མོ་བྲིས་ཡོད་པས་དེ་རྐེད་པར་བཏགས་ན་བུམ་སྟོང་ལ་སོགས་པའི་ཁ་ཕྱོགས་ངན་པ་དང་། གཟའ་སྐར་ངན་པ་བཟློག་པ་མ་ཟད། ས་བདག་ཀླུ་གཉན་གྱི་གནོད་པ་འགོག་ཐུབ་པའི་ཟེར་སྲོལ་ལ་བརྟེན་ནས་མེ་ལོང་འདོགས་པའི་སྲོལ་དེ་ཆགས་པ་མིན་ནམ་སྙམ་པ་འདུག འོན་ཀྱང་རྩ་བ་འཛིན་ས་ཡོད་པའི་ཡིག་རིགས་སོགས་ལག་སོན་མ་བྱུང་བས་དཔྱད་གཞི་ཙམ་དུ་ཕུལ།

                                                                                                                                                        འབྲུག་མོས་ཞུ་དག་བྱས།