མངོན་མིན་རིག་གནས་ཤུལ་བཞག་གི་གྱོན་གོས་ངོམ་སྟོན།
སྤེལ་དུས 2020-03-12
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
“ཡར་ཀླུང་གཙང་པོ”ཞེས་པའི་རྒྱན་གོས་རིགས་རྒྱུན་འཛིན་དང་གསར་གཏོད་བྱས་ཏེ་སྣེ་གདོང་ཆུས་ཀྱི་ཐེར་མའི་ལག་ཤེས་འཁེལ་འཐག་མཉམ་ལས་ཁང་གི(རྩེ་ཐེར)རྒྱུ་ཆ་འཐག་རྩལ་དང་། གོང་དཀར་རྫོང་གི་པང་གདན་འཐག་རྩལ། གྲ་ནང་རྫོང་གི་ཉི་འོད་སྣམ་བུ་བཟོ་གྲྭའི་སྣམ་བུ་འཐག་རྩལ། གྲ་ནང་རྫོང་གི་ལག་ཤེས་ཚོས་རྒྱག་རྩལ་བཅས་གཅིག་རམ་གཅིག་འདེགས་བྱས་ཏེ། ལོ་རྒྱུས་ཀྱི་རིག་གནས་ཕུན་སུམ་ཚོགས་པ་དང་དེང་རབས་ཀྱི་མཛེས་དཔྱོད་ལྟ་བའི་དགོས་མཁོའི་དབར་གྱི་སྦྲེལ་ཟམ་བཙུགས་པས། ཕྱོགས་མང་པོའི་ཐད་ནས་ལྷོ་ཁའི་རྒྱན་གོས་ཀྱི་ནང་དོན་ཟབ་མོ་མཚོན་པར་བྱས་ཡོད།
པར་འདི་གཉིས་ནི་མོ་ཐྲོལ་གྱིས་བོད་མི་རིགས་ཀྱི་གཞི་རྒྱུ་ལྡན་པའི་རྩེ་ཐེར་དང་། སྣམ་བུ། པང་གདན་སོགས་གྱོན་ནས་མངོན་མིན་རིག་གནས་ཤུལ་བཞག་གི་གར་སྟེགས་སུ་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རྒྱན་གོས་ངོམ་སྟོན་བྱེད་བཞིན་པ།