ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཟས་མཆོག

བོད་ལྗོངས་ཀྱི་དགུ་ཐུག་དང་འདྲ་བའི་ཁྱད་ལྡན་དམངས་སྲོལ་གྱི་ཟས་མཆོག

སྤེལ་དུས 2018-01-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ།
          དེང་སྐབས་ཆུ་མོག་ལ་ཀྲུང་གོའི་སྲོལ་རྒྱུན་གྱི་ཟས་རིགས་ཁྲོད་ཚབ་བྱེད་ཐབས་བྲལ་བའི་གོ་གནས་ཡོད་ཅིང་། ལོ་གསར་གྱི་སྐབས་སུ་ཕལ་ཆེར་ཁྱིམ་ཚང་སོ་སོའི་བཟའ་མི་གང་བོས་དགའ་དགའ་སྤྲོ་སྤྲོའི་ངང་ཆུ་མོག་བཟོས་ཏེ། དེའི་ནང་དུ་དངུལ་སྒོར་སོགས་ལོ་གསར་བའི་ནང་བསམ་དོན་ལེགས་འགྲུབ་ཡོང་བའི་མཚོན་དོན་ལྡན་པའི་རིགས་བཞག་པའི་ཆུ་མོག་བཟོ་བ་ཡིན། བོད་ལྗོངས་སུ་བོད་རིགས་སྤུན་ཟླས་བཟོས་པ་ནི་བག་ཐུག་རྣམ་པའི་ཕྱེ་རིལ་ཞིག་ཡིན་ཞིང་། དེའི་ནང་དུ་རྡོ་དང་། དངུལ་སྒོར་སོགས་ལོ་གསར་བའི་ནང་བཀྲ་ཤིས་བདེ་ལེགས་ཡོང་བའི་དངོས་རྫས་ཀྱི་རིགས་འཇུག་གི་ཡོད།



          བོད་ཀྱི་ལོ་གསར་གྱི་གནམ་གང་དགུང་མོར། བོད་རིགས་སྤུན་ཟླའི་དུད་ཁྱིམ་སོ་སོས་དགུ་ཐུག་འཐུང་ཞིང་། དེའི་ནང་དུ་སྐམ་ལུག་ཤ་དང་། ལ་ཕུག  ཕྱེ་དང་བྲོ་རྫས་གཞན་དག་གིས་བཟོས་པའི་ཁུ་བ་དང་ལྡན་པའི་ཟས་རིགས་ཤིག་ཡིན། “དགུ་ཐུག”འཐུང་བ་ནི་བཟའ་བཏུང་དང་རོལ་རྩེད་ཉིས་ལྡན་གྱི་ཆོ་ག་ཞིག་ཡིན་པ་དང་། དེ་ནི་བོད་མི་རིགས་ཀྱི་མཐུན་མིན་གྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་ཞིག་ཡིན། 



          “དགུ་ཐུག”བཟོ་སྟངས་ནི་དོན་དངོས་སུ་ཆུ་མོག་གི་བཟོ་སྟངས་དང་ཕལ་ཆེར་གཅིག་མཚུངས་ཡིན་ཏེ། ཆུ་མོག་ནི་ཕྱེ་ཤུབས་ཀྱིས་ནང་རྫས་བཏུམས་པ་དང་། “དགུ་ཐུག”ནི་ཕྱེ་ཆུང་ཆུང་ཞིག་གི་ནང་དུ “ནང་རྫས”བཙིར་བ་ཡིན། སྔོན་ཆད “དགུ་ཐུག”བཟོ་དུས། ཕྱེའི་ནང་དུ “དམིགས་བསལ”གྱི་དངོས་རྫས་བཞག་སྟེ་ལོ་གསར་བའི་ནང་གི་ཁྱིམ་མིའི་ཁ་ལས་རླུང་རྟར་བརྟག་པ་ཡིན་ཞིང་། དེར་རྡོ་དང་། ཤིང་སོལ། སིར་པེན། ལུག་བལ། ལྕི་བ་སོགས་བཞག་ཆོག་པ་དང་། དངོས་རྫས་འདི་དག་ལ་དམིགས་བསལ་གྱི་མཚོན་དོན་རེ་ཡོད། ད་སྐབས་འཚོ་བ་ཇེ་བཟང་ཇེ་ལེགས་སུ་སོང་བས། “དགུ་ཐུག”ཁྲོད་ཀྱི་མཚོན་དོན་ཡང་ཕུན་སུམ་ཇེ་ཚོགས་སུ་སོང་སྟེ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། ཁོ་ཚོས་ཤ་བཏུམས་པའི “དགུ་ཐུག”ནང་རྫས་སོར་བཞག་བྱས་པ་ལས་གཞན་རྣམས་ཚང་མ་བསྒྱུར་ཡོད་དེ། རྡོ་དེ་ཀ་རར་བརྗེས་པ་དང་། སིར་པེན་དེ་ཤ་སྐམ་ཁ་ཚ་ཅན་དང་། ལྕི་བ་དེ་ཀ་ར་དམར་པོར་བསྒྱུར་ཡོད།



          དགུ་ཐུག་འཐུངས་ཚར་རྗེས། བོད་ཀྱི་སྲོལ་རྒྱུན་ལྟར་གདོན་འདྲེ་བརྡུང་བའི་ཆོ་གའི་མགོ་བརྩམས་ཤིང་། ཁོ་ཚོས་རྩམ་པ་དང་ “དགུ་ཐུག”གི་ཟས་ལྷག་དང་། ཁྱིམ་གྱི་ལྭ་རྙིང་པའི་སྟེང་ནས་རས་ལྷེབ་བཅད་དེ་གཞོང་པའམ་དཀར་ཡོལ་ཆག་རོ་ཞིག་གི་ནང་དུ་ལྡུག་པ་དང་། དེ་ནས་དེའི་རྗེས་སུ་རྩྭ་སྐམ་མེ་སྦར་བའི་མི་ཞིག་རྗེས་སུ་འབྲངས་ཏེ་སྒོ་ནས་ཕྱིར་ཐོན་པར་མ་ཟད།  “མར་ཐོན་ཤོག མར་ཐོན་ཤོག”ཅེས་བཟླས་ཞོར་རྩྭ་སྐམ་དང་དཀར་ཡོལ་ཆག་རོ་ནང་གི་དངོས་པོ་མཉམ་གཅིག་ཏུ་མེར་བསྲེགས་ནས་ཐལ་བར་གཏོང་བ་ཡིན་ཞིང་། དེས་ཁྱིམ་ནང་གི་གདོན་འདྲེ་དང་། མི་གཙང་བའི་རིགས་ཡོངས་རྫོགས་སྒོར་དེད་ནས་བཀྲ་ཤིས་པའི་ལོ་གསར་བ་བསུ་བ་མཚོན་གྱི་ཡོད།

          ཆུ་ཚོད་བརྒྱད་པ་ཡོལ་ཙམ་དུ། མུན་ཡོངས་རུབ་རྗེས་གང་ས་གང་དུ་ཤོག་སྦག་གྲགས་མགོ་བརྩམས་ཤིང་།  བཀྲ་ཤིས་པའི་ལོ་གསར་བ་འདི་ལྟར་ཚེས་བྱུང་།