ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཟས་མཆོག

བོད་ལྗོངས་ཀྱི་བཟའ་བཏུང་རིག་གནས།

སྤེལ་དུས 2018-03-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྱུར།
          བོད་མི་རིགས་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཟས་རིགས་ཀྱི་གྲུབ་ཆ་དང་བཟའ་བཏུང་གི་གོམས་སྲོལ་གྱ་ནོམ་པ་ཡོད་པ་མ་ཟད།  དེའི་ཁྲོད་མར་དང་ཇ།  རྩམ་པ། ནོར་ལུག་གི་ཤ་བཅས་ལ་བོད་ལྗོངས་སུ་བཟའ་བཏུང་གི་ནོར་མཆོག་བཞི་རུ་འབོད་ལ།  ད་རུང་ནས་ཆང་དང་འོ་བཟོས་ཐོན་རྫས་མང་བོ་ཡོད་པ་རེད། 

བོད་ཟས། 
          བོད་ཟས་ནི་ཀྲུང་གོའི་བཟའ་བཏུང་རིག་གནས་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།  ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་སྣ་སྒོ་ཕུན་སུམ་ཚོགས་པ་དང་།  བོད་ཟས་ལ་གཙོ་ཟས་དང་སྔོ་ཚོད།  ཁུ་དྭངས་བཅས་རིགས་གསུམ་མཆིས།  བོད་ཟས་ཀྱི་བྲོ་བའི་ཐད་ནས་བྲོ་མེད་དང་འཇམ་པོ་སོགས་ཀྱི་སྔོ་ཚོད་རིགས་མང་བོ་ཡོད་པ་དང་།  ཚ་ཁུ་དང་སྒོག་ཙོང་མ་གཏོགས་ཁ་ཚ་སོགས་ཀྱི་བྲོ་རྫས་མི་སྤྱོད་པ་རེད།  
          རྩམ་པ་ནི་བོད་ཀྱི་ཟས་རིགས་གཙོ་བོ་ཡིན་པ་མ་ཟད།  ཟོས་ན་ཧ་ཅང་སྟབས་བདེ་ཡིན།  ནས་བརྔས་རྗེས་ཕྱེ་རུ་འཐག་ནས་རྩམ་པ་གྲུབ་པ་དང་།  དུས་རྒྱུན་དཀར་ཡོལ་ནང་དུ་ཇ་དྭངས་དང་མར།  རྩམ་པ། ཆུར་བ་བཅས་ལག་པས་བརྫིས་ནས་ཟ་བ་རེད།

          ཤ་སྐམ་ནི་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ཟས་རིགས་ཤིག་ཡིན།  དགུན་མགོའི་དུས་ཚིགས་སུ་ནོར་ལུག་གི་ཤ་ལེབ་མོ་གཏུབ་རྗེས།  བསིལ་འོག་གི་རླུང་རྒྱུ་སར་སྐམ་ལ།  ཤ་འཁྱག་པ་དང་རིམ་བཞིན་རང་བྱུང་གི་རླུང་གིས་དལ་བུར་སྐམ་འགྲོ།  ཟླ་གཉིས་པ་དང་གསུམ་པར་སྤྱོད་སྐབས་ཤ་སོབ་ཅིང་སྙི་བ་མ་ཟད།  བྲོ་བ་ལ་རང་ཉིད་ཀྱི་ཁྱད་ཆོས་ལྡན། 
          བོད་ཀྱི་གསོལ་སྟོན་སྟེང་བཟའ་བཏུང་གཡོས་སྦྱོར་དང་གསོལ་སྟོན་གྱི་རྣམ་པའང་ཧ་ཅང་མང་།  ཆེས་གནའ་བོར་མགྲོན་པོའི་སྤྱི་ཚོགས་ཀྱི་གོ་གནས་ལྟར་བཟའ་བཏུང་སྤྱོད་པའི་སྲོལ་ཡོད་ལ། ད་རུང་དཀར་ཟས་ཀྱི་གསོལ་སྟོན་དང་དམར་ཟས་ཀྱི་གསོལ་སྟོན་གྱི་ཁྱད་པར་ཡང་ཡོད།

ཆང་གི་རིག་གནས། 
          བོད་ལྗོངས་ཀྱི་ནས་ཆང་ནི་ནས་ཀྱིས་བསྙལ་བའི་ཏུའུ་གྲངས་དམའ་ཞིང་ཧ་ཅང་འཇམ་པས་རྒན་གཞོན་ཕོ་མོ་ཡོངས་ཀྱིས་བཏུང་བ་དང་། དུས་སྟོན་ལ་མེད་དུ་མི་རུང་བའི་དངོས་པོ་ཞིག་ཀྱང་ཡིན།  བོད་མི་རྣམས་ལ་ཆང་འཐུང་བའི་གོམས་སྲོལ་ཕུན་སུམ་ཚོགས་ལ་ལོ་རེར་ཆང་གསར་བསྙལ།  ཐོག་མར་ཆང་གསར་ལྷ་ལ་འབུལ་ལ། དེའི་རྗེས་ལོ་ན་བགྲེས་པའི་རྒན་པོ་དག་ལ་འབུལ།  མཐའ་མར་ལོ་རིམ་ལྟར་ཁྱིམ་གྱི་མི་རྒན་དག་ལ་འབུལ།  དེའི་རྗེས་ཁྱིམ་མིས་བཏུང་བ་ཡིན།  དུས་སྟོན་དུ་གཉེན་སྒྲིག་པ་དང་ཡང་ན་མི་ཚོགས་འདུ་དུས།  ཆང་བདུད་རྩི་ནི་དྲིན་ཆེན་གྱི་བགྲེས་པོར་ཕུལ་རྗེས་གྲམ་རིམ་ལྟར་འཐུང་།  ཆང་འདྲེན་མཁན་གྱིས་སྤྱིར་བཏང་དུ་ལག་པ་གཉིས་ཀས་ཆང་དཀར་སྤྱི་བོར་བཏེགས་ནས་ཆང་འཐུང་མཁན་དག་ལ་འབུལ་བ་མ་ཟད།  ལྷག་དོན་ལོ་ན་རྒན་པ་དག་ལ་དེ་ལྟར་འབུལ་བ་ཡིན།  ཆང་ལེན་མཁན་གྱིས་ལག་ཟུང་གིས་ཆང་བླངས་རྗེས།  ལག་གཡས་པའི་སྲིན་མཛུབ་ཀྱིས་དཀར་ཡོལ་ནང་གི་ཆང་ལ་རེག་ནས་གནམ་ལ་ཐེངས་གསུམ་མཆོད་ནས་ཤིས་ཚིག་འབུལ།  སྐབས་རེར་ཁ་ནས་བཀྲ་ཤིས་པའི་འཕྲིན་བཅོལ་གྱི་ཁ་གཡང་བོས་རྗེས་ད་གཟོད་ཆང་འཐུང་བ་རེད། 
          བོད་མི་རྣམས་གཞི་གཅིག་ཏུ་འདུས་ནས་ཆང་འཐུང་སྐབས།  གླུ་ནི་མེད་དུ་མི་རུང་ལ།  བོད་ཀྱི་ཆང་གསོལ་གྱི་གླུ་ནི་སྙན་ཞིང་འཇེབས་ལ།  བརྗོད་དོན་ལ་བསྟོད་བསྔགས་དང་སྨོན་ལམ་སོགས་ཕུན་སུམ་ཚོགས་པ་དང་། གསོལ་སྟོན་དུ་ཕོ་མོ་སུ་ཞིག་ཡིན་རུང་ཆང་གསོལ་གྱི་གླུ་བླངས་ནས་ཆང་འདྲེན།  གསོལ་སྟོན་གྱི་སྟེང་དུ་ཆང་འདྲེན་པའི་ཆེད་བསྐོས་བུ་མོ་ཡོད་ལ།  ཁོ་མོ་ཚོས་གཟབ་འཆོར་དང་གོས་རྒྱན་ལེགས་པོར་སྤྲས་ནས་ཡིད་དབང་འཕྲོག་པའི་ཆང་གསོལ་གྱི་གླུ་སྙན་མོ་ལེན་པ་མ་ཟད།  མགྲོན་པོ་ཆང་གིས་བཟི་རག་བར་དུ་ད་ལྟར་བྱེད་པ་རེད།
ཇའི་རིག་གནས།  
          དཀྲུགས་ཇ་ནི་བོད་ལྗོངས་མི་དམངས་ཀྱི་མེད་དུ་མི་རུང་བའི་བཏུང་བ་ཡིན་ལ།  དཀྲུགས་ཇ་ནི་མར་དང་ཚ་ཁུ།  ཇ་དང་འབྲལ་ཐབས་མེད།  མར་ནི་འབྲི་མཛོའི་འོ་མ་དཀྲོགས་ནས་བླངས་པ་དང་།  དབྱར་ཁར་འབྲི་མོའི་འོ་མ་ལས་དཀྲོགས་པའི་མར་སེར་བོ་ནི་མར་ཆེས་བཟང་ཤོས་དེ་ཡིན།  ལུག་གི་འོ་མ་ལས་དཀྲོགས་པའི་མར་ནི་སྐྱ་བོ་ཡིན་ལ།  བོད་མིས་ཇ་འཐུང་སྐབས་རྒན་གཞོན་དང་མགྲོན་གྱི་གཙོ་བོ་སོགས་ལ་མཐོང་ཆེན་བྱེད།  སྐད་གྲགས་ཅན་གྱི་མི་ལ་ཇ་འདྲེན་སྐབས་བྲེལ་མི་རུང་ལ་མགྱོགས་ཀྱང་མི་རུང་། དལ་ལྷོད་རན་པའི་སྒོ་ནས་ཇ་འདྲེན་པ་དང་། དཀར་ཡོལ་ནང་གི་ཇ་ཡང་བཀང་མི་རུང་ལ་སོར་གང་ཙམ་གྱི་མཚམས་ནས་འཇོག་དགོས་པ་དང་།  ཇ་འདྲེན་སྟངས་ལ་ཡང་རྣམ་པ་མང་བོ་ཡོད།  སྤྱིར་བཏང་དུ་ཇ་དཀར་ཡོལ་གསུམ་འཐུང་ན་བཀྲ་ཤིས་པའི་དོན་བཟང་དུ་བརྩིའོ། །