གལ་ཏེ་ཁྱོད་ནི་ཉེན་བརྟག་པ་ཞིག་ཡིན་ན། བོད་ལྗོངས་ནི་ཁྱོད་ཀྱི་ལྷ་ཡུལ་ཡིན། རྒྱུ་མཚན་འདི་རུ་འདྲེའི་ཅ་ལག་དང་ལྷའི་བཟོ་བཀོད་ལྟ་བུའི་ཁྱད་མཚར་གྱི་རང་བྱུང་མཛེས་ལྗོངས་ཡོད། གལ་ཏེ་ཁྱོད་ནི་ཁེར་རྐྱང་གི་ལྗོངས་རྒྱུ་བ་ཞིག་ཡིན་ན། བོད་ལྗོངས་ནི་ཁྱོད་རང་མི་སྒེར་གྱི་གསོལ་ཚིགས་ཁང་ལྟ་བུ་ཡིན། འདི་རུ་མི་རྣམས་ཡིད་སྨོན་འཆོར་བའི་ཐུན་མོང་མ་ཡིན་པའི་ཟས་རིགས་མང་བོ་ཡོད།
བོད་ལྗོངས་ལ་ཚབ་མཚོན་རང་བཞིན་གྱི་ཟས་རིགས་ལུག་ཤ་བསྲེགས་མ། ནོར་ཤ། རྩམ་པ། དཀྲུགས་ཇ་དང་ནས་ཆང་སོགས་ཡོད་ལ། རྒྱ་ཁོག་གི་རྒྱུ་ཆ་ལ་ནོར་དང་ལུག ཕག བྱ་སོགས་ཀྱི་ཤ་རིགས་ཡོད་ལ། ཞོག་ཁོག་དང་ལ་ཕུག་སོགས་སྔོ་ཚོད་ཀྱང་ཡོད། འབྲས་དང་ཕྱེ། ནས་ནི་བཟའ་བཏུང་གཙོ་བོ་ཡིན། སྣུམ་མང་ཞིང་བྲོ་བ་ལྡན་པ། ཞིམ་པ། མངར་བ་སོགས་ཀྱི་ཟས་རིགས་མང་ལ། བྲོ་རྫས་ལ་ཁ་ཚ་དང་སྐྱུར་བ། ཞིམ་རྫས་བཅས་ནི་གཙོ་ཡིན་ལ། ལས་ཐབས་ནི་བསྲེགས་པ་དང་སྐོལ་བ། བཙོ་བ་སོགས་ལ་བརྟེན་པ་ཡིན།
དཀྲུགས་ཇ།
བོད་ལྗོངས་ཀྱི་དཀྲུགས་ཇའི་སྙན་གྲགས་ཡུལ་ལུང་ཀུན་ལ་ཁྱབ་ཡོད་ལ། དེ་ནི་རྩམ་པ་དང་ལྷན་དུ་སྤྱོད་པ་ཡིན། དཀྲུགས་ཇ་འཐུང་ན་ཀླད་ཤུགས་གསོ་ལ་སྐོམ་སེལ། དེ་ནི་མར་དང་ཇ་ཁ་བོ་གཉིས་ལ་བརྟེན་ནས་གྲུབ་པ་དང་། མར་གསར་བ་ཟོ་རུ་འཕངས་རྗེས་ཚ་འདེབས། སྐོལ་ཟིན་པའི་ཇའི་ནང་དུ་བསྲེས་ནས་དཀྲུགས་ན། མར་དང་ཇ་རོ་གཅིག་རུ་འདྲེས་བས་སྤྱད་ན་ཤིན་ཏུ་ལེགས་ལ། འཐུང་ན་སེམས་ཁམས་གསོ་ཐུབ།
ཞོ།
བོད་ལྗོངས་ཀྱི་ཞོ་ནི་ང་ཚོས་དུས་རྒྱུན་སྤྱོད་པའི་ཞོ་དང་གཏན་ནས་མི་མཚུངས། དེ་ནི་འབྲུའི་འོ་མ་སྐོལ་ནས་བསྙལ། བོད་ཀྱི་ཞོ་ལ་རིགས་གཉིས་ཡོད་དེ། རིགས་གཅིག་ནི་འབྲི་འོ་ཡི་མར་བླངས་རྗེས་འོ་མ་ལ་བརྟེན་ནས་གྲུབ་པ་ཡིན། རིགས་གཞན་ཞིག་ནི་མར་མ་བླངས་པའི་འོ་མར་བརྟེན་ནས་བཟོས། སྤྱིར་བཏང་གི་ཞོ་ཡི་བྲོ་བ་དང་གཏན་ནས་མི་མཚུངས། བོད་ལྗོངས་ཀྱི་ཞོ་ནི་སྣུམ་ལ་བྲོ་བ་ལྡན། ལུས་ཟུངས་གསོ། གཉིད་འོང་། སྐྲན་རིགས་སོགས་སྔོན་འགོག་བྱེད།
རྩམ་པ།
རྩམ་པ་ནི་བོད་ཀྱི་འབྲོག་ཁུལ་གྱི་སྲོལ་རྒྱུན་གྱི་གཙོ་ཟས་ཡིན། རྩམ་པ་དང་ཕྱེ་བརྔོས་པ་གཉིས་ཀ་ཧ་ལམ་འདྲ་མཚུངས་ཡིན། དེ་ནི་ནས་གཙང་མར་བཀྲུས་པ་དང་སྐམ་ལ། གཙང་མར་བརྔོས་རྗེས་ཕྱེ་ལྟར་འཐག་དགོས། དེ་ནས་མར་དང་ཆུར་བ། ཀ་ར་སོགས་དང་ལྷན་དུ་བརྫིས་ནས་རིལ་བུར་བཟོས་རྗེས་ལོངས་སུ་སྤྱད་ཆོག འདི་ལྟར་བརྫིས་པའི་རྩམ་པའི་བྲོ་བ་ཞིམ་ལ་འཚོ་བཅུད་བཟང་། མདོ་དབུས་མཐོ་སྒང་གི་ཟས་མཆོག་རྩམ་པའི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་བོད་ཀྱི་གཙོ་ཟས་ཡིན།
མངར་ཇ།
མི་ལ་ལས་བཤད་རྒྱུར། ཞིམ་མངར་ལྡན་པའི་ཇ་ཁང་ནང་གི་མངར་ཇ་དེའི་ཆེད་དུའང་ལྷ་ས་ཐེངས་གཅིག་ཕྱིན་ཀྱང་འགྱོད་པ་མེད། མཐོ་སྒང་གི་ཇའི་རིག་གནས་ཕུན་སུམ་ཚོགས་ལ། དེའི་ཁྲོད་མངར་ཇ་ལ་རིགས་གཉིས་ཡོད་དེ། གཅིག་ནི་ཇ་སྐོལ་རྗེས་འོ་མ་དང་ཚ་བཏབ་ནས་འཐུང་། རིགས་གཅིག་ནི་ལྷ་ས་སོགས་གྲོང་རྡལ་དུ་རྒྱུགས་ཆེ། ཀ་ར་བཏབ་ནས་མངར་ཇར་བཟོ། མངར་ཇ་ལ་ཇ་ནག་སྐོལ་རྗེས་འོ་མ་དང་ཀ་ར་དཀར་བོ། མངར་ཆ་ཚད་དང་རན་ཚེ་བྲོ་བ་ཞིམ་ལ་འཚོ་བཅུད་ལྡན་པས་མི་རྣམས་ཆེས་དགའ་བོ་ཡོད།
བོད་ཐུག
ཐེངས་དང་བོར་བོད་ཐུག་འཐུང་བའི་མི་ལ་ཚོར་བ་ཟབ་མོ་ཞིག་ཡོད་ངེས། གཞན་པའི་ཐུག་པ་གང་ཞིག་འཐུང་ན་ཡང་བོད་ཐུག་གི་བྲོ་བ་དང་གཏན་ནས་མི་གཅིག བོད་ཐུག་ཐེངས་དང་བོར་འཐུང་ན་མི་ལོབས། དེའི་ཁྲོད་དུ་ཕྱེ་ཐུག་མ་འཚོད་པ་ཡོད་པའི་ཚོར་བ་སྟེར། འོན་ཀྱང་འདི་ནི་བོད་ཐུག་གི་ཁྱད་ཆོས་ཤིག་ཡིན་པ་རེད། བོད་ཐུག་ནི་སྔོན་ལ་བརྡལ་རྗེས་སྐོལ་བ་དང་དེའི་རྗེས་སྣོད་དུ་བླངས་ནས་ཏོག་ཙམ་འགོར་རྗེས་སྤྱད་ཆོག་ལ། ནོར་ཤའི་ཁུ་བ་སླ་ང་རུ་བླུགས་ནས་ཁོལ་བ་དང་ལོངས་སུ་སྤྱད་ཆོག ཁོལ་ཟིན་པའི་ཐུག་པ་དཀར་ཡོལ་དུ་བླུགས་པ་དང་ནོར་ཤའི་ཁུ་བའི་སྟེང་སྐམ་ཤ་ལེབ་མོ་འགའ་གཏོར། ལ་ཕུག་གི་འཁྱག་ཟས་སྡེར་མ་གང་དང་ལྷན་དུ་བོད་ཀྱི་ཁ་ཚ་རང་གི་འདོད་པ་ལྟར་སྙོམས་རྗེས། ད་གཟོད་ཞིམ་མངར་ལྡན་པའི་བོད་ཐུག་དཀར་ཡོལ་གང་སྤྱད་ཆོག
བོད་ཀྱི་རྒྱ་ཁོག
རྒྱ་ཁོག་གླེང་དུས། ཁྱོད་ཀྱིས་སེམས་སུ་འཆར་འོང་བ་ནི་སི་ཁྲོན་དང་ཁྲུང་ཆིན་གྱི་རྒྱ་ཁོག་ཡིན་སྲིད། དེ་ནི་རྒྱ་ཁོག་གི་འབྱུང་གནས་རེད། འོན་ཀྱང་ལྷ་ས་ནས་ཀྱང་རྒྱ་ཁོག་སྤྱོད་པར་དགའ་བོ་ཡོད། བོད་ཀྱི་རྒྱ་ཁོག་གི་རྒྱུ་ཆ་གཙོ་བོ་ནི་ནོར་ཤ་དང་སྔོ་ཚོད། ཤ་མོ་སོགས་ཡིན།
བོད་ཀྱི་རྒྱ་ཁོག་ཟ་སྟངས་ནི་རྒྱ་ཁོག་གཞན་དང་གཏན་ནས་མི་འདྲ། བོད་ཀྱི་རྒྱ་ཁོག་ནི་ཟས་རིགས་མང་བོ་གཅིག་ཏུ་བསྡུས་པ་ཞིག་ཡིན། ལས་སྟངས་ཀྱི་ཆ་ནས་ཀྱང་སྒྲིག་སྲོལ་ཡོད་པ་རེད། ཚོས་ཟིན་པའི་སྔོ་ཚོད་ཁོག་མར་འཇོག་ལ། ནོར་གྱི་རྩིབ་མ་དང་བཟའ་ཆོག་པའི་མཐོ་སྒང་གི་སྨན་རྩྭའི་རིགས་ཀྱི་ཁུ་བ་སྐོལ་ནས་སྤྱོད།
ལུག་ཤ་ནི་བོད་ཀྱི་དུས་རྒྱུན་གྱི་རོང་འབྲོག་མང་ཚོགས་ཀྱི་ཟས་རིགས་གཙོ་བོ་ཡིན། བོད་ཀྱི་ཟས་རིགས་ནོར་ཤའི་སྤྱོད་སྟངས་ལ་ཤ་གསར་བ་དང་ཤ་འཁྱག་ཆུ་རུ་བཙོ་ལ་གྲིས་དུམ་བུར་གཏུབས་ནས་ཤ་ཚ་འཁྱག་གཉིས་ཀ་སྤྱོད།
གཏུབས་ཟིན་པའི་ལ་ཕུག་སོགས་དང་ལྷན་དུ་ཁུ་བ་འཐུང་། བོད་ཀྱིས་སྟོན་དཀྱིལ་དང་སྟོན་མཇུག་ལ་ནོར་ལུག་མང་བོ་བཤའ། དབྱར་དང་སྟོན་ལ་གསོས་པའི་ནོར་ལུག་ལ་ཤ་ཤེད་འཛོམས་རྗེས། ཡང་དགུན་ལ་ནོར་ལུག་བཤས་ན་ཤ་འཇོག་བདེ་བོ་ཡོད།
ནོར་ལུག་བཤའ་བའི་དུས་སུ། མི་རྣམས་ཀྱིས་ཁྲག་རྒྱུ་དང་ཤ་རྒྱུ་སྤྱོད། ཁྲག་རྒྱུ་ནི་ནོར་ལུག་བཤས་རྗེས་བཞུར་བའི་ཁྲག་གསར་བ་དང་རྩམ་པ། ནོར་ལུག་གི་མཆིན་པ་དང་སྙིང་། ཚིལ་དང་ཚ། བྲོ་རྫས་བཏབ་ནས་བཀྲུས་ཟིན་པའི་རྒྱུ་མར་བླུག ཤ་རྒྱུ་ནི་ཤ་དུམ་བུ་ཆུང་ངུར་གཏུབས་པ་དང་ཚིལ། ཚ་དང་བྲོ་རྫས་བསྲེས་ནས་རྒྱུ་མར་བླུགས་ནས་གྲུབ་པ་རེད།
བོད་ལྗོངས་ཀྱི་ཟས་རིགས་ཀྱིས་ཁྱོད་ལ་བདེ་སྐྱིད་དང་འཚོ་བཅུད། ཐུན་མོང་མ་ཡིན་པའི་བྲོ་བ་ཞིག་ཁྱོད་ལ་སྩོལ་ངེས་རེད། ཤ་རྒྱུ་དང་ཁྲག་རྒྱུ་ནི་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཟས་རིགས་ཤིག་ཡིན་ལ། དེའི་ཁྱོད་ཀྱི་ལུས་སྟོབས་རྒྱས་ལ་ཁྲག་ཤེད་གསོ།