དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

དཀར་མཛེས་རྫོང་གི་སྐབས་གསུམ་པའི་འབྲུག་མོ་སྟོན་བསུའི་དུས་ཆེན་མཇུག་སྒྲིལ་བ།

སྤེལ་དུས 2020-08-24 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། ལྷ་སྒྲོན་མཚོ་ཡིས་བསྒྱུར།

དུས་ཆེན་མཇུག་སྒྲིལ་མཛད་སྒོའི་འཁྲབ་སྟོན། 
            ཟླ8པའི་ཚེས21ཉིན་གྱི་དགོང་མོ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གིས“ལོ་ངོ70ཡི་རྒྱང་སྐྱོད་ལམ་བུ·མཛེས་སྡུག་ལྡན་པའི་དཀར་མཛེས་ཀྱི་ཕུགས་འདུན”ཞེས་པའི་ཀྲུང་གོའི་དཀར་མཛེས་ཀྱི་སྐབས་གསུམ་པའི་འབྲུག་མོ་སྟོན་བསུའི་དུས་ཆེན་དེ་རྒྱལ་ཁབ་ཀྱིA4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གེ་སར་རྒྱལ་པོའི་གྲོང་དུ་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་བ་རེད། སྐབས་འདིའི་སྟོན་བསུའི་དུས་ཆེན་ཟླ8པའི་ཚེས15ཉིན་འགོ་ཚུགས་པ་དང་དུས་ཡུན་ཉིན7ཡིན་ཞིང་། ཉིན7རིང་གེ་སར་རྒྱལ་པོའི་ཕོ་བྲང་དུ་གང་སར་དགའ་སྤྲོ་དང་། འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པས་ཁེངས་ལ། གང་སར་སྤོབས་སེམས་དང་དགའ་སྤྲོ་ལྡན་པ། འཕེལ་རྒྱས། ཡར་ཐོན། དར་རྒྱས་བཅས་ཡོང་བའི་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
            དཀར་མཛེས་རྫོང་གིས་སྟོན་བསུའི་དུས་ཆེན་ཐོག་བྱ་འགུལ་སྣ་ཚོགས་སྤེལ་ཞིང་། ཉིན་རེའི་འཁྲབ་སྟོན་བྱས་པའི་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་ཕུད། ད་དུང་མེ་ཕུང་དགོང་ཚོགས་དང་། བོད་ལུགས་གནའ་རྫས་ཉོ་ཚོང་ཁྲོམ་ར། ལུས་རྩལ་འགྲན་བསྡུར། མེ་ཏོག་འགྲེམས་སྟོན། རྟ་རྩལ་འཁྲབ་སྟོན་སོགས་ཀྱི་བྱ་འགུལ་ཡོད་པས། ས་གནས་མང་ཚོགས་ལ་ཕུན་སུམ་ཚོགས་པའི་རིག་གནས་སྟོན་མོ་ལོངས་སུ་སྤྱོད་བཅུག་པ་མ་ཟད། དཀར་མཛེས་རྫོང་གི་མི་རིགས་དང་། ཆོས་ལུགས། གླུ་གར་སོགས་རིག་གནས་ཀྱི་ཐུན་མིན་ཡིད་དབང་འཕྲོག་ཤུགས་གང་ལེགས་སྒོས་མངོན་པ་དང་། དཀར་མཛེས་མི་དམངས་ཀྱི་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་བསམ་པའི་ཉམས་འགྱུར་དང་། ཁུལ་བཙུགས་ནས་ལོ་ངོ70སོང་རིང་དཀར་མཛེས་རྫོང་གི་འཕེལ་རྒྱས་གྲུབ་འབྲས་བཅས་ཀྱང་མངོན་པར་མཚོན་ཡོད།
            ཉིན་དེའི་དགོང་མོར། ལས་རིགས་སོ་སོའི་སྐུ་མགྲོན་དང་ལས་བྱེད་པ། མང་ཚོགས་རྣམས་གེ་སར་རྒྱལ་པོའི་རིག་གནས་ཐང་ཆེན་དུ་འཛོམས་ནས་མཇུག་སྒྲིལ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་གཟབ་རྒྱས་ལ་གཟིགས་པ་རེད། །

མཇུག་སྒྲིལ་འཁྲབ་སྟོན་ཡུལ་དངོས། 

པར་ལེན་བཞིན་པའི་ལྟད་མོ་བ་དག

མཇུག་སྒྲིལ་འཁྲབ་སྟོན་ཡུལ་དངོས།