དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

གཞིས་ཀ་རྩེའི་གཅུང་པ་ལྷ་མོའི་ཟློས་གར།

སྤེལ་དུས 2020-05-25 ཡོང་ཁུངས། མཚོ་སྔོན་དྲ་བ། རྩོམ་པ་པོ།

         གཅུང་པ་ལྷ་མོ་ནི་བོད་ཀྱི་ལྷ་མོའི་ཟློས་གར་ནང་ནས་སྔ་ཤོས་དང་ཚབ་མཚོན་དུ་གྱུར་བ་ཞིག་ཡིན། ལྷ་མོ་ནི་འབག་སྔོན་པོས་གཙོར་བྱས་ལ། འབག་སྔོན་པོ་ནི་གཅུང་པ་ལྷ་མོ་བས་སྲོལ་འབྱེད་པའོ།། ཤོད་རྒྱུན་དུ། ལྷ་མོའི་ཤིང་རྟ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བོད་ཀྱི་ཡུལ་གྲུ་མང་པོར་ལྕགས་ཟམ་བསྐྲུན་ཕྱིར་ཕེབས་སྐབས་ཡར་ཀླུང་ཕྱོགས་ནས་བུ་མོ་ལྷ་འདྲ་བ་འགས་བྲོ་འཁྲབ་སྟེ། ལྕགས་ཀྱི་སློབ་མོ་ཞུ་རོགས་མཛད་པར་གྲུབ་ཆེན་ནས་འབག་དཀར་པོའི་ལྷ་མོའི་རྨང་གཞིའི་སྟེང་དུ་ས་དེ་གའི་དམངས་ཁྲོད་གླུ་གར་དང་གླུ་མ་གཏམ་གྱི་སྒྱུ་རྩལ་དང་ལེན་བྱས་ཏེ། ཐེངས་དང་པོར་འབག་སྔོན་པོའི་ལྷ་མོ་གསར་འཛུགས་གནང་རྗེས། གངས་ལྗོངས་ས་མཐོར་ཁྱོན་ལྕགས་ཟམ་བརྒྱ་དང་བརྒྱད་བསྐྲུན་པ་དང་། ཆབས་ཅིག་འབག་སྔོན་མོའི་ལྷ་མོའང་དུས་དེ་ནས་འགོ་བརྩམས་ཏེ་བོད་ཀྱི་ས་ཕྱོགས་གང་སར་ཁྱབ་བོ། དེ་ནི་མིག་གི་ལོངས་སྤྱོད་ཙམ་དུ་མ་ཟད། མི་རིགས་ཟློས་གར་དར་ཞིང་རྒྱས་པར་ལེགས་སྐྱེས་ཕུལ་ཡོད། གཅུང་པ་ལྷ་མོས་འབག་དཀར་པོའི་རྒྱུན་བསྐྱངས་པ་ཙམ་མ་ཡིན་པར་འབག་སྔོན་པོ་དེའང་རྒྱལ་མཁར་དང་ཤངས་པ། སྐྱོར་མོ་ལུང་བཅས་གསུམ་གྱི་ལྷ་མོའི་ཚོགས་པ་བཙུགས། དེ་ནས་རིམ་བཞིན་ངམ་རིང་དང་དིང་རི། ལྷ་རྩེ། དཀར་མཛེས་སོགས་སུ་དར་བས། བོད་ལ་ལྷ་མོའི་འཁྲབ་གཞུང་ཆེན་པོ་བཞིའི་རྩ་བ་རྒྱས་པའང་ཡིན་ནོ།། གཅུང་པ་ལྷ་མོའི་འཁྲབ་སྟོན་དང་དབྱངས་རྟའི་སྒྱུ་རྩལ་ནི་བོད་དུ་གྲགས་པ་ཤིན་ཏུ་ཆེ། འདི་པའི་ཁྱད་ཆོས་མངོན་པར་གསལ་བ་དང་། ལྟད་མོ་ཆེ་བ། སྒྱུ་རྩལ་རྨད་དུ་བྱུང་བས་འབག་སྔོན་པོའི་གཤིས་ཉམས་གསར་དུ་བཏོད་ལ། གནའ་བོའི་གདངས་དབྱུང་སྟངས་དང་། ཆོས་ལུགས་ཀྱི་ཆོ་ག་དང་གནའ་བོའི་རྩལ་རྩེད་སོགས་མཉམ་འདུས་ཀྱིས་འཁྲབ་སྟོན་བྱེད་པའོ། དེ་བས་ཏྰ་ལ་བླ་མ་སྐུ་ཕྲེང་བཅུ་གསུམ་པས་གསེར་གྱི་རྣ་ལོང་དང་འབག་ཐོག་ཏུ་གསེར་གྱི་ཉི་ཟླས་མཚན་པས་མངོན་པར་བསྟོད་དོ། །
         གཅུང་པ་ལྷ་མོ་ནི་དུས་ཀྱི་དབང་གིས་ལོ་ངོ་ཉི་ཤུ་ལྷག་ཙམ་བར་དུ་རྒྱུན་ཆད་མོད། འོན་ཀྱང་སྤྱི་ལོ་༡༩༨༠ལོར་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བ་ལས་གཅུང་པ་ལྷ་མོའི་ལྗོན་པའི་ཚལ་ལ་དཔྱིད་དཔལ་སླར་ཡང་བཞད་པས་ལྷ་མོ་བསྐྱར་འཛུགས་བྱས་ཏེ། ལྷ་མོ་བ་རྒན་གྲས་ཀྱིས་རྗེས་རབས་པ་བསྐྱངས་ཤིང་། གནའ་བོའི་ལྷ་མོ་ཉམས་པ་སླར་གསོ་བྱས་པའི་རྟགས་ལ་ཉེ་འཁོར་གྱི་ཤང་དང་རྫོང་ཁག་ལ་འཁྲབ་སྟོན་བྱས། དེ་ལས་ཐོབ་པའི་དངུལ་དང་འབྲུ་ཡི་རིན་པས་རང་ལུགས་བསྐྱངས་ཤིང་མགོན་མེད་དབུལ་ཕོངས་རྣམས་ལ་སྦྱིན་པར་བྱེད། རི་བོ་ཆེ་དགོན་པ་ནི་ཤངས་པ་བཀའ་བརྒྱུད་ཀྱི་རྒྱལ་ཁམས་འགྲིམས་པའི་རྣལ་འབྱོར་བ་ཐང་སྟོང་རྒྱལ་པོའི་མ་དགོན་ཡིན་ཞིང་། ཁོང་གིས་འབག་སྔོན་མོའི་ལྷ་མོའང་གནས་འདིར་སྲོལ་བཏོད་པས་དགོན་འདིའི་གསེར་གྱི་མཆོད་རྟེན་འདི་ཡང་གཅུང་པ་ལྷ་མོའི་མཚོན་རྟགས་སུ་གྱུར་བའོ། །
         གཅུང་པ་ལྷ་མོའི་ཆེས་སྔ་ཤོས་ཀྱི་འཁྲབ་གཞུང《གཅུང་པོ་དོན་ཡོད་དོན་གྲུབ》ལ་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ལྷ་སའི་གྲོང་མི་ཡོངས་ཀྱི་དགའ་བསུ་ཚད་མེད་ཐོབ་པར་བརྟེན། ཁོང་ཚོས་རྒྱུན་པར《དྲི་མེད་ཀུན་ལྡན》དང《སྣང་ས་འོད་འབུམ》《འགྲོ་བ་བཟང་མོ》བཅས་འཁྲབ་སྟོན་བྱེད་ཀྱི་ཡོད། ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ངོ་བསྟོད་ཐོབ་མྱོང་བའི་ངམ་རིང་པ་ཀུན་དགའ་ཞེས་པ་ནི་མགྲིན་པ་བཟང་བ་དང་། ལུས་ཀྱི་ཉམས་འགྱུར་དོད་པ། ལག་པའི་ཕྱག་རྒྱ་མཁས་པ་འདི་པས་ལོ་ངོ་སུམ་ཅུ་བཞི་བཅུའི་རིང་གར་རྒན་གནང་མྱོང་བས་ཤུགས་རྐྱེན་ཆེ་ཙམ་ཐེབས་ཡོད།
         གཅུང་པ་ལྷ་མོར་མངོན་པར་གསལ་བའི་ཁྱད་ཆོས་འདི་ལྟ་སྟེ། བོད་ཀྱི་ལྷ་མོའི་ནང་ས་ཆ་དེ་གའི་ཆང་གཞས་མི་ཉུང་བ་ཞིག་སྒྲ་སྙན་གྱི་རམ་འདེགས་ལ་བརྟེན་ནས་གླུ་ལེན་གར་འཁྲབ་བྱེད་པ་དང་། ལྷག་དོན་དུ་གཙང་སྟོད་ཁུལ་དུ་སྒྲ་སྙན་དཀྲོལ་གཏོང་བྱེད་པ་ཧ་ཅང་དར་ཆེ་བས། བྱིས་པས་ཀྱང་རྒྱུ་སྐུད་ཉུང་བའི་སྒྲ་སྙན་ཡང་རང་བཞིན་གྱིས་དཀྲོལ་གཏོང་བྱེད་ཤེས་ཀྱི་ཡོད། སྒྱུ་རྩལ་པ་འགའ་ཤས་ཀྱིས་དཀྲོལ་བ་དང་གཏོང་བ། འཁྲབ་པ་བཅས་ཀྱི་སྒྱུ་རྩལ་མཐོན་པོ་འདི་ཏུན་ཧོང་ལྡེབས་རིས་ཀྱི་མཁའ་ལ་འཕུར་བའི་གར་མཁན་དང་མཚུངས་པར་སྒྲ་སྙན་མགོ་བོའི་རྩེ་མོ་དང་། ལྟག་རྒྱབ་ཏུ་བཏེགས་ཏེ་དཀྲོལ་བ་དང་འཁྲབ་ལེན་བྱེད་པའི་ཆུ་ཚད་ཤིན་ཏུ་མཐོ། གཅུང་པ་ལྷ་མོས་ཀྱང་ས་ཆ་དེ་གའི་མང་ཚོགས་རང་བཞིན་གྱི་རིག་གནས་སྒྱུ་རྩལ་གྱི་ཉིང་བཅུད་གཅིག་ཏུ་བསྡུས་པའི་རང་ཉིད་ཁོ་ནའི་ཉམས་གཤིས་ཅིག་གྲུབ་ཡོད་པས། རྒྱ་ཆེའི་མི་དམངས་ཀྱིས་དགའ་བསུ་ཚད་མེད་ཐོབ་ཡོད་དོ།།
བོད་ཀྱི་ལྷ་མོ་དེ་ཀྲུང་ཧྭ་མི་རིགས་ཀྱི་སྒྱུ་རྩལ་བང་མཛོད་ནང་གི་རིན་བྲལ་ནོར་བུ་ཡིན་ལ། བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དང་། ཤར་ནུབ་ཕྱོགས་གཉིས་ཀྱི་རིག་གནས་དང་། ཀྲུང་གོ  རྒྱ་གར་བཅས་ཀྱི་ཟློས་གར་རིག་གནས་སྤེལ་རེས་བྱེད་པའི་འབྲས་བུའང་ཡིན། བོད་ཀྱི་ལྷ་མོའི་ནང་དོན་ཕུན་སུམ་ཚོགས་པ། བརྗོད་བྱ་རྒྱ་ཆེ་བ། རྩོམ་སྟངས་ཐུན་མོང་མ་ཡིན་པ། སྒྲིག་གཞི་ཚགས་དམ་པ་བཅས་ཀྱིས་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། ཟི་ཁྲོན་སོགས་ཀྱི་ཁུལ་དུ་རྒྱ་ཁྱབ་ཏུ་དར་ཞིང་། དེ་ནི་བོད་རིགས་མི་དམངས་ཀྱི་འཚོ་བའི“ཤེས་བྱ་ཀུན་བཏུས་ཆེན་མོ”ཡིན་པ་གང་ཞིག དེས་བོད་མི་རིགས་ཀྱི་སྤྱི་ཚོགས་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
         བོད་ཀྱི་ལྷ་མོ་འདི་འདྲ་བའི་མི་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་སྒྱུ་རྩལ་ནི། ཀྲུང་ཧྭ་མི་རིགས་ཀྱི་དུས་རབས་རྗེས་མར་བརྒྱུད་སྤྲོད་བྱེད་པའི་རིག་གནས་ནོར་རྫས་ཤིག་ཡིན་ལ། ང་ཚོས་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བའི་བསམ་པའི་འབྱུང་ཁུངས་དང་རྨང་གཞི་ཞིག་ཀྱང་ཡིན། དེར་བརྟེན་རྒྱལ་ཁབ་དང་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཤིག་ཡིན་པ་སྨྲོས་མི་དགོས། གཅུང་པ་ལྷ་མོ་ནང་ཚུད་ཀྱི་མི་རིགས་དམངས་ཁྲོད་ཤུལ་བཞག་རིག་གནས་ལ་སྔར་བས་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་གཏོང་རྒྱུ་ནི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་དང་། མེས་རྒྱལ་གོང་བུ་གཅིག་འགྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ། དེ་བཞིན་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུ་སོགས་ལ་ལོ་རྒྱུས་དང་དངོས་ཡོད་ཀྱི་གལ་ཆེའི་དོན་སྙིང་ལྡན་ཡོད། དེས་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། དེ་བས་སྲོལ་རྒྱུན་ཤུལ་བཞག་རིག་གནས་ཀྱི་སྒྱུ་རྩལ་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས། རྒྱལ་སྤྱིའི་རིག་གནས་སྤེལ་རེས་ལ་ཤུགས་སྣོན་དང་། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གནས་བབ་གོང་མཐོར་གཏོང་བར་གལ་ཆེའི་དོན་སྙིང་ལྡན་ཡོད་པ་དང་། ཆབས་ཅིག་ཏུ་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་གཏོད་ལ། འཕེལ་རྒྱས་གཏོང་བའི་བླང་བྱ་དང་མཐུན་པར་བྱས་ཡོད།
རྩོམ་སྒྲིག་པ། སྣང་རྡོར།