ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

ལྷོ་ཁའི་ཚོང་འདུས་ལ་ཕེབས་པ་ཡིན་ནམ། འཁྲུག་ཆ་ཧ་ཅང་དོད་པོ་འདུག

སྤེལ་དུས 2021-12-06 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་ཚོང་འདུས་སྐབས་41པ་ལྷོ་ཁར་གཟབ་རྒྱས་ངང་གཉེར་བ་རེད། 
    གསར་འགོད་པ་ལྷོ་ཁ་གྲོང་ཁྱེར་གྱི་སྐབས་41པའི་ཡར་ཀླུང་ཚོང་འདུས་ལ་སླེབས་སྐབས། ཁྲོམ་རའི་འཛུལ་སྒོར་ལས་དོན་མི་སྣས་བདེ་ཐང་ཨང་རྟགས་བཤེར་བ་དང་ཚ་བ་ལྟ་བ་སོགས་ཚན་རིག་དང་མཐུན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་སྤྱད་དེ་ཚོང་འདུས་བདེ་བླག་ངང་གཉེར་བར་བདེ་འཇགས་ལྡན་པའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་བཞིན་ཡོད་པ་དང་། ཁྲོམ་རའི་ནང་དངོས་ཟོག་སྣ་མང་ཕུན་སུམ་ཚོགས་ཤིང་འཛད་སྤྱོད་པ་ཧ་ཅང་མང་པོ་འདུག་ལ། ཁྲོམ་རའི་ཁོར་ཡུག་གཙང་ཞིང་གྲལ་སྟར་འགྲིག་པ་མ་ཟད། ཁྲོམ་སྐོར་མཁན་མི་ཚོགས་མང་ཞིང་ཉོ་ཚོང་གི་སྐད་སྒྲ་གང་ས་ནས་གྲགས་པས་འཁྲུག་ཆ་ཧ་ཅང་འདོད་པོ་འདུག

ཤིང་ཕོར་སྣ་ཚོགས།
    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཡར་ཀླུང་ཚོང་འདུས་དེ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་ལམ་ལོ་ཆུང་དངོས་ཟོག་བརྗེ་རེས་ཁྲོམ་རར་ཉིན་བདུན་གཉེར་རྒྱུ་ཡིན་པ་དང་། ད་ལོའི་ཚོང་འདུས་ཀྱི་བརྗོད་དོན་གཙོ་བོ་ནི “གཉེར་སྐྱོང་འགན་ལེན་དང་། འཛད་སྤྱོད་ལ་སྐུལ་འདེད། འཕར་སྣོན་བརྟན་པོ། རྣམ་པ་གསར་གཏོད”ཅེས་པ་དེ་ཡིན་པ་དང་། ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཆེད་མངགས་མ་དངུལ་སྒོར་ཁྲི་500བཀོད་སྒྲིག་བྱས་ནས་ཚབ་ཉོའི་འཛིན་ཤོག་སྤྲད་དེ་ཁྲོམ་རའི་འཛད་སྤྱོད་དང་ཁྲོམ་ར་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ནས། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གཉིས་ཀར་སྐུལ་འདེད་གཏོང་བ། ལྷོ་ཁའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། དབུལ་སྒྲོལ་འགག་སྒྲོལ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད་པ་རེད།

སྣ་མང་ཚོང་ཟོག་གིས་མང་ཚོགས་ཚོའི་ཡིད་དབང་རབ་ཏུ་འཕྲོག
    ལྷོ་ཁ་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་སྣེ་གདོང་ཆུས་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཝེ་ཡིས་གསར་འགོད་པར“ད་ཐེངས་ཀྱི་ཡར་ཀླུང་ཚོང་འདུས་ལ་ཚོང་འགྲེམས་ཁུལ་6ཡོད་པ་དང་། ང་ཚོས་རྫོང་ཁག་ཚན་པར་བྱས་ནས་ཚོང་འགྲེམས་ཁུལ་དབྱེ་འབྱེད་དང་། ད་ལོའི་ཚོང་འདུས་ལ་ཞུགས་མཁན་རྫོང་དང་ཆུས་20ལྷག་ཙམ་ཡོད་པའི་ནང་། ང་ཚོ་ལྷོ་ཁའི་ཆུས་དང་རྫོང་12ཞུགས་པ་ཕུད། ད་དུང་ལྷ་སའི་འདམ་གཞུང་རྫོང་དང་། གཞིས་རྩེའི་རྒྱལ་རྩེ་རྫོང་། མངའ་རིས་ཀྱི་སྤུ་ཧྲེང་རྫོང་སོགས་ཀྱང་ཞུགས་ཡོད་པས། ཐེངས་འདིའི་ཚོང་འདུས་ལ་ཞུགས་མཁན་གྱི་གཞི་ཁྱོན་ཆེན་པོ་རེད། དེ་སྔའི་ཚོང་འདུས་དང་བསྡུར་ན་ད་ལོའི་ཚོང་འདུས་ཀྱི་ཚོང་འགྲེམས་ཁུལ་གྱི་དབྱེ་འབྱེད་དེ་བས་གནད་ལ་འཁེལ་བ། ཁྲོམ་བཀྱག་བཀོད་སྒྲིག་ཚན་རིག་དང་མཐུན་པ། ཡུལ་དངོས་ཀྱི་བཀོད་སྒྲིག་ལུགས་དང་མཐུན་པ། ཞབས་ཞུ་འཐུས་སྒོ་ཚང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱས་ཡོད” ཅེས་བཤད།

མང་ཚོགས་ཚོས་ཡུལ་ཟོག་འདེམས་ཉོ་བྱེད་བཞིན་པ།
    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཚོང་འདུས་ལ་རྫོང(ཆུས)ཁག་གི་ཚོང་འགྲེམས་ཁུལ་དང་། ཁྱད་ལྡན་ཐོན་རྫས་ཚོང་འགྲེམས་ཁུལ། བཟའ་བཏུང་ཁུལ། རོལ་རྩེད་ཁུལ་སོགས་ཚོང་འགྲེམས་ཁུལ་ཆེ་གྲས་6ལ་དབྱེ་ཡོད། ཟླ་12ཚེས་1ཉིན་བར་ཚོང་དུད་3186ཡོད་པ་དང་ཚོང་ཟོག་སྣ་ཁ་856ཡོད་པ་དེ་དུས་མཚུངས་ལས་5%འཕར་བ། ཁྲོམ་རར་བཏོན་པའི་ཚོང་ཟོག་གི་དངུལ་འབོར་སྒོར་ཁྲི་37252ཟིན་པ་དེ་དུས་མཚུངས་ལས་78%འཕར་བ། ཚོང་འགྲིག་ཚད་སྒོར་ཁྲི་7952ཟིན་པ་དེ་དུས་མཚུངས་ལས་2.7%འཕར་ཡོད་པ་རེད།

ཡུལ་ཟོག་སྣ་ཚོགས།
    ཡར་ཀླུང་ཚོང་འདུས་ནི་ལྷོ་ཁ་གྲོང་ཁྱེར་གྱིས་ཕྱི་ཕྱོགས་དང་འབྲེལ་བ་བྱེད་པའི་མིང་བྱང་ལྟ་བུར་གྱུར་ཡོད་ཅིང་། སྣང་རྫོང་ནས་ཡིན་པའི་བསོད་ནམས་ཀྱིས། ད་ཐེངས་ཀྱི་ཚོང་འདུས་ལ་རང་ཁྱིམ་གྱིས་བཏབ་པའི་ཤིང་འབྲས་སྐམ་པོ་ཕུད། ད་དུང་གྲོ་མ་སོགས་བཙོངས་པས་ཉིན་རེར་ཡོང་འབབ་སྒོར་ཆིག་སྟོང་ཙམ་ཡོང་གི་འདུག” ཅེས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད་བྱུང་།

བོད་ཆས་སྣ་ཚོགས།
    ད་ཐེངས་ཚོང་འདུས་ཀྱི་འགོ་ཚུགས་མཛད་སྒོ་གོ་སྐབས་སུ་བྱས་ཏེ་ལྷོ་ཁ་གྲོང་ཁྱེར(ཐད་གཏོགས་གྲོང་ཁྱེར)དང་སྣེ་གདོང་ཆུས་སོགས་ཚན་པ་ཁག་34ཡིས་ཡར་ཀླུང་ཚོང་འདུས་སྐབས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། བཅའ་ཁྲིམས་ཁྲིམས་སྲོལ། དེ་བཞིན་འབྲེལ་ཡོད་སྲིད་ཇུས་བཅས་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ནས་དྲིལ་བསྒྲགས་དཔྱད་ཡིག་དང་ལག་དེབ་ཁྲི་4.56སྤྲད་པ་དང་སློབ་གསོ་ཐོབ་པའི་མི་གྲངས་མི་ཐེངས་ཁྲི་0.85ཟིན་ཡོད་པ་རེད།

ཚོང་འདུས་ཚོགས་ས།
རྩོམ་སྒྲིག་པ། སྣང་རྡོར།