ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

བོད་ཀྱི་ཐང་གའི་ཁྱད་ཆོས་འབུར་དུ་ཐོན་ཡོད་པའི་ས་མཐོའི་མུ་ཏིག

སྤེལ་དུས 2023-04-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་མཉམ་འབྲེལ་ཐོག་སྒྲིག་འཛུགས་བྱས་ནས་གཉེར་བའི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་བཤམས་མཛོད་ཁང་གསར་པའི་ནང་ཐང་ག་ཆེ་གྲས་ཀྱི་ལྡེབས་རིས《ས་མཐོའི་མུ་ཏིག》(གཤམ་དུ་བསྡུས་མིང་ལ《ས་མཐོའི་མུ་ཏིག》ཅེས་བསྡུ་རྒྱུ)ཞིབ་བཤེར་རྩིས་ལེན་ཚོགས་འདུའི་ཐོག《ས་མཐོའི་མུ་ཏིག》ཅེས་པ་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་བྱས་པ་དང་འབྲེལ། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་རྩིས་སྤྲད་པ་དེ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་ཉར་ཚགས་སྒྱུ་རྩལ་རྩེ་གྲར་བརྩིས་ནས་དུས་གཏན་དུ་འགྲེམས་སྟོན་བྱེད་རྒྱུ་རེད།   

འབྲེལ་ཡོད་ཀྱི་ཆེད་མཁས་པ་དང་མཁས་དབང་སོགས་ཀྱིས《ས་མཐོའི་མུ་ཏིག》ལ་ཞིབ་བཤེར་རྩིས་ལེན་བྱེད་བཞིན་པ།
         ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ཡག་པོ་བྱུང་བ་དང་། སྲོལ་རྒྱུན་ཐང་གའི་གྲུབ་མཐའ་ཆེ་གྲས་ལྔ་པོར་རང་སོ་སོའི་གསར་རྩོམ་ཁྱབ་ཁོངས་ནང་སྒྱུ་རྩལ་གྱི་གྲུབ་འབྲས་ཧ་ཅང་མཐོ་པོ་ཐོབ་ཡོད། འོན་ཀྱང་སྲོལ་རྒྱུན་ཐང་གའི་གྲུབ་མཐའ་ཆེ་གྲས་ཁག་གཅིག་སྡུད་ཐོག་གསར་རྩོམ་བྱེད་པའི་རྣམ་པ་སྔར་བྱུང་མ་མྱོང་བ་དང་། སྲོལ་རྒྱུན་ཐང་གའི་ཐོག་བོད་ལྗོངས་གསར་པའི་དར་རྒྱས་ཆེ་བའི་ཡུལ་ལྗོངས་བྲིས་པ་ནི་དེ་བས་མེད། བོད་ལྗོངས་རང་སའི་མཛེས་རྩལ་ལས་དོན་པས་རིག་གནས་ཀྱི་ལས་འགན་སྒྲུབ་སེམས་བཅངས་ཏེ། མི་རིགས་མཛེས་རྩལ་གྱི་གཞི་རྟེན་ལ་བརྟེན་ནས་རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་ལ་བསྔགས་བརྗོད་དང་། ང་ཚོ་གནས་སའི་མཛེས་སྡུག་ལྡན་པའི་དུས་རབས་ལ་བསྟོད་བསྔགས། ལས་སླ་པོར་བྱུང་བ་ཞིག་མིན་པའི་མཛེས་སྡུག་ལྡན་པའི་འཚོ་བར་བསྔགས་བརྗོད་བཅས་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། དེར་བརྟེན་ཐང་ག་ཆེ་གྲས་ཀྱི་ལྡེབས་རིས་ཏེ《ས་མཐོའི་མུ་ཏིག》ཐོན་ཡོད།  

《ས་མཐོའི་མུ་ཏིག》

《ས་མཐོའི་མུ་ཏིག》
          《ས་མཐོའི་མུ་ཏིག》གི་རིང་ཚད་ལ་སྨི10.08དང་མཐོ་ཚད་ལ་སྨི3.27ཡོད་པ་དེ2023ལོའི་ཟླ་གཉིས་པར་དངོས་སུ་གསར་རྩོམ་བྱས་པ་ཞིག་རེད། གསར་རྩོམ་གྱི་སྟོན་ཕྱོགས་དེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་དམིགས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་འགྲེམས་སྟོན་བྱས་ཏེ། གངས་ལྗོངས་ས་མཐོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་། སྐྱེ་ཁམས་མཛེས་པོ། རིག་གནས་མཛེས་པོ། འཚོ་བ་མཛེས་སྡུག་ལྡན་པ་བཅས་མཚོན་པར་བྱས་ཡོད།

《ས་མཐོའི་མུ་ཏིག》

《ས་མཐོའི་མུ་ཏིག》

《ས་མཐོའི་མུ་ཏིག》
          བརྩམས་ཆོས་འདི་ནི་བོད་རང་སྐྱོང་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་སྒྲིག་འཛུགས་ཚན་པར་བྱས་ནས། བོད་རང་སྐྱོང་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཕུལ་བྱུང་གསར་རྩོམ་སྟོབས་ཤུགས་གཅིག་ཏུ་བསྡུས་པ་དང་། བོད་རང་སྐྱོང་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་དྲུང་ཆེ་སྤེན་པས་སྤྱིའི་ཇུས་འགོད་དང་གསར་རྩོམ་གྱི་འགན་འཁུར་བ། བོད་རང་སྐྱོང་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དྲུང་ཆེ་ཚེ་བརྟན་འཇིགས་མེད་ཀྱིས་གཅིག་གྱུར་མཐུན་སྦྱོར་དང་གསར་རྩོམ་གྱི་འདུན་པ་མཚོན་པ་བཅས་རེད། ཐང་ག་འབྲི་བའི་བརྒྱུད་རིམ་ནང་བོད་ལྗོངས་ཀྱི་ཐང་གའི་གྲུབ་མཐའ་ཆེ་གྲས་ལྔའི་མཚོན་བྱེད་རང་བཞིན་གྱི་ཐང་ག་བཞེངས་མཁན་ཚེ་རིང་ནོར་བུ་དང་། ནོར་བུ་སྲི་ཐར། བསྟན་འཛིན་ཕུན་ཚོགས་སོགས་ཐང་ག་རྩེ་གྲ་བཞེངས་མཁན་དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ20གདན་ཞུ་བྱས་པ་དང་། གསར་རྩོམ་རིག་གཞུང་རིགས་པས་ཁུངས་སྐྱེལ་ཐད་བོད་ལྗོངས་ཀྱི་དེང་རབས་ཀྱི་གྲགས་ཅན་སྒྱུ་རྩལ་མཁས་ཅན་དང་དེ་བཞིན་ཐང་གའི་རིག་གནས་སྒྱུ་རྩལ་གྱི་ཆེད་མཁས་པ་བསྟན་པ་རབ་ལྡན(འདས་ཟིན་པ)དང་། ཧན་ཧྲུའུ་ལི། ངག་དབང་འཇིགས་མེད། ཀརྨ་བདེ་ལེགས། ཉི་ཞ། སྤེན་པ་དབང་འདུས་སོགས་གདན་ཞུ་བྱས་པ་རེད། གསར་རྩོམ་ཚོགས་པས་ལོ་གཅིག་ལྷག་ཙམ་གྱི་དུས་ཚོད་བརྒྱུད། ཐང་ག་འབྲི་བའི་ཇུས་འགོད་ནས་གསར་རྩོམ་བརྗོད་གཞིའི་ནང་དོན་གྱི་འཚོལ་བསྡུ་རྟོག་ཞིབ་དང་ཚད་ལྡན་ཡིག་ཆར་རིགས་པས་ཁུངས་སྐྱེལ་བྱས་པ་མ་ཟད། ཆེད་མཁས་པའི་རིགས་པས་ཁུངས་སྐྱེལ་ཚོགས་འདུ་ཐེངས་བཅུ་ལྷག་ཙམ་འཚོགས་པ་དང་འབྲེལ་མཐར་མ་ཟིན་གཏན་འཁེལ་ཡང་བྱས་པ་རེད།  

《ས་མཐོའི་མུ་ཏིག》
          བོད་རང་སྐྱོང་ལྗོངས་ཀྱི་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་དྲུང་ཆེ་སྤེན་པས“《ས་མཐོའི་མུ་ཏིག》གསར་གཏོད་བྱ་རྒྱུ་དེ་བོད་ལྗོངས་ཀྱི་སྲོལ་རྒྱུན་ཐང་གའི་སྒྱུ་རྩལ་དང་དེང་རབས་ཀྱི་རས་ཆའི་ངོས་ཀྱི་ཚོན་རིས་དང་ཟུང་འབྲེལ་བྱས་ནས། བོད་ལྗོངས་ཀྱི་ཐང་ག་ཆེ་གྲས་ལྔའི་སྒྱུ་རྩལ་ཁྱད་ཆོས་དང་མཚོན་ཐབས་གཅིག་སྡུད་ཐོག་བརྩམས་ཆོས་གཅིག་གི་ནང་མངོན་པ་བྱ་རྒྱུ་དེ་བོད་ལྗོངས་ཀྱི་མཛེས་རྩལ་ལོ་རྒྱུས་ཐོག་གི་གསར་གཏོད་རང་བཞིན་དང་། རིག་གཞུང་ཐད་ཀྱི་གནད་སྒྲོལ་རང་བཞིན། མཛེས་དཔྱད་ཐད་ཀྱི་གཅིག་འདུའི་རང་བཞིན། ནང་དོན་ཐད་ཀྱི་ཕྱོགས་ཡོངས་རང་བཞིན་བཅས་ལྡན་པས་བོད་ལྗོངས་ཀྱི་དེང་རབས་ལྡེབས་རིས་ཀྱི་གྲུབ་འབྲས་གསར་ཤོས་མཚོན་ཡོད”ཅེས་བཤད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།