ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ཁག་༥༤སྔོག་འདོན་ཐུབ་འདུག

སྤེལ་དུས 2023-04-11 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།

ཉི་མ་རྫོང་གི་ཀོ་ཆས་རྒྱུན་འཛིན་པར་བཅར་འདྲི་ཞུ་བཞིན་པ། 
       ཉེ་ཆར། ནག་ཆུ་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་ཐོན་ཁུངས་ཀྱི་ཡོངས་བཤེར་ལས་དོན་བདེ་བླག་ངང་མཇུག་བསྒྲིལ་བ་རེད། ད་ཐེངས་ནག་ཆུའི་མཚོ་གཉིས་དང་། ཉི་མ། ཤན་རྩ། དཔལ་མགོན་བཅས་རྫོང་༤དང་། དགོན་སྡེ་༧། རིག་གནས་ས་ཚིགས་༨། སྲིད་འཛིན་གྲོང་ཚོ་༢༣དུ་ཉིན་༡༣་ནང་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ཡོངས་བཤེར་ལས་དོན་ཁག་༡༠༦ལེགས་གྲུབ་བྱུང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ཁག་༥༤གསར་དུ་སྔོག་འདོན་བྱས་པ་རེད། 

ཤན་རྩ་རྫོང་དུ་ལྕམ་རྩེའི་ལག་ཤེས་པར་བཅར་འདྲི་ཞུ་བཞིན་པ།
       བཅར་འདྲི་ཞུ་བ་དང་། ཟིན་བྲིས་རྒྱག་པ། པར་ལེན་པ་སོགས་བྱས་ཏེ། ཐོན་ཁུངས་ཁག་༥༤ལེགས་སྒྲིག་ཐུབ་ཡོད། དེའི་ནང་དམངས་ཁྲོད་ཀྱི་རྩོམ་རིག་དང་། སྲོལ་རྒྱུན་རོལ་ཆ། སྲོལ་རྒྱུན་ཞབས་བྲོ། སྲོལ་རྒྱུན་ལག་ཤེས། སྲོལ་རྒྱུན་ལུས་རྩལ་དང་རོལ་རྩེད། དམངས་སྲོལ་སོགས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་རེད།

ཉི་མ་རྫོང་རྒྱ་སྒོག་ཤང་སྐྱིད་གསུམ་གྲོང་ཚོར་མངོན་མིན་རིག་གནས་ཤུལ་བཞག་གི་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་བཞིན་པ།
       མ་འོངས་པར་ད་ཐེངས་སྔོག་འདོན་ཐུབ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ཁག་༥༤ཡི་དཔྱད་གཞི་ཕྱོགས་བསྡུས་རིགས་དབྱེ་དང་ཡིག་ཚགས་བཟོས་ནས་རིམ་པ་བཞིན་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་རེ་ཞུ་བྱ་རྒྱུ་རེད། 

ཤན་རྩྭ་རྫོང་མར་ཡོ་ཤང་གི་མགོ་རྒྱན་རྒྱུན་འཛིན་པར་བཅར་འདྲི་ཞུ་བཞིན་པ།

ཉི་མ་རྫོང་འོམ་བུ་ཤང་ལྷོ་ཕྱོགས་གྲོང་ཚོའི་ཇ་བཟོའི་རྒྱུན་འཛིན་པར་བཅར་འདྲི་ཞུ་བཞིན་པ།

དཔའ་མགོན་རྫོང་ཉི་མ་ཤང་གྲོང་ཚོ་དྲུག་པའི་མདོང་གླུའི་རྒྱུན་འཛིན་པར་བཅར་འདྲི་ཞུ་བཞིན་པ།

དཔའ་མགོན་རྫོང་གི་མགོ་རྒྱན་བརྙན་ཕབ་བྱེད་བཞིན་པ།

ཉི་མ་རྫོང་གི་བྱང་ཕྱོགས་གྲོང་ཚོའི་ནག་ཚང་རྒྱན་གོས་རྒྱུན་འཛིན་པར་བཅར་འདྲི་ཞུ་བཞིན་པ།
རྩོམ་སྒྲིག་པ། སྣང་རྡོར།