ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

གཡང་ཕྱུག་པད་མས་མཚོ་སྔོན་གླེང་བ་སྟེ། ཕྱི་རྒྱལ་དུ་བྲིན་ཆེ་བའི་བོད་རུམ།

སྤེལ་དུས 2023-04-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། རྩོམ་པ་པོ།


        མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཆགས་པའི་ཧྲིན་ཡོན་ས་གདན་ཚོགས་སྒྲིལ་ཚད་ཡོད་ཀུང་ཟི་ནི་མིག་སྔར་རྒྱལ་ནང་གི་ཐོན་སྐྱེད་གཞི་ཁྱོན་ཆེས་ཆེ་བ་དང་ཚོང་རའི་ཐོབ་ཆ་ཆེས་མཐོ་བའི་བོད་རུམ་ཁེ་ལས་གྲས་ཤིག་ཡིན། ད་ལོའི་ལོ་མགོ་ནས་བཟུང་། ཡུལ་སྐོར་ལས་རིགས་བསྐྱར་དར་བྱུང་ལ། མིག་སྔར། ཀུང་ཟིར་རྒྱལ་ཁབ་ཕྱི་ནང་གི་མངག་ཐོ་ཐོན་ནས་ཟླ4པའི་བར་བསྒྲིགས་ཡོད། ས་གདན་ཐོན་སྐྱེད་བཟོ་ཁང་དུ་བསྐྱོད་ཚེ། ཐོན་སྐྱེད་ལྷུ་ཚིགས་རེ་རེས་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་ཐོན་སྐྱེད་བྱེད་པའི་བྲེལ་འཚུབ་ཀྱི་རྣམ་པ་ཞིག་མངོན་ཡོད།

 

        བོད་རུམ་ནི་འཛམ་གླིང་གི་ས་གདན་ཆེན་མོ་གསུམ་གྱི་གྲས་ཡིན་ལ། དེའི་བཟོ་རྩལ་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པ་ཡིན། བོད་རུམ་གྱི་སྤུས་ཀ་ལེགས་པ་དང་བཟོ་རྩལ་ཁྱད་དུ་འཕགས་པ། བཟོ་དབྱིབས་མཚར་བ་བཅས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་མང་པོའི་ཡིད་དབང་བཀུགས་ཡོད། ཧྲིན་ཡོན་ས་གདན་གྱིས་རྒྱལ་ནང་གི་ཁྱིམ་སྤྱོད་ས་གདན་ཚོང་རར་དམིགས་ཏེ། ལག་བཟོས་འཁལ་འཐག་དང་འཕྲུལ་ཆས་ས་གདན་གྱི་ལེགས་ཆ་བསྲེས་ནས། ཐོན་རྫས་ཀྱི་སྤུས་ཀ་དང་མཛེས་ཉམས་ལ་ཁག་ཐེག་བྱས་པའི་དུས་མཚུངས་སུ་ཐོན་སྐྱེད་ཕན་འབྲས་ཇེ་མཐོར་བཏང་བ་རེད།

        ཉེ་བའི་ལོ་འགའི་རིང་། ཟི་ལིང་གིས་བོད་རུམ་ཁུལ་འཐག་ཐོན་ལས་ཇེ་ལེགས་སུ་བཏང་སྟེ་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོར་བཏེགས་ལ། བོད་རུམ་ཐོན་ལས་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ལོ་མཇུག་གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར10རུ་སླེབས་པར་སྐུལ་འདེད་བཏང་སྟེ། ས་གནས་ཀྱི་མི་རིགས་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས། ། 

རྩོམ་སྒྲིག་པ། སྣང་རྡོར།