ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

བོད་ཀྱི་བཟོ་བོ་ལྷག་པ་ཚེ་རིང་།

སྤེལ་དུས 2023-05-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

         ད་ལོ་དགུང་ལོ་55ལ་ཕེབས་པའི་ལྷག་པ་ཚེ་རིང་ལགས་ནི་ཤིང་བརྐོས་ལ་དགའ་ཞེན་ལྷག་ཏུ་ཆེ།1983ལོའི་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ཀྱིས་ཕོ་བྲང་པོ་ཏ་ལའི་ཞོར་གཏོགས་བཟོ་བཀོད་ལ་འཆར་ཅན་གྱི་ཉམས་གསོ་བྱས་ཤིང་། ལྷ་ས་གྲོང་ཁྱེར་བཟོ་རྩལ་གནའ་བོའི་བཟོ་སྐྲུན་མཛེས་རྩལ་ཀུང་སིའི་དགེ་ཕྲུག་ཡིན་པའི་ལྷག་པ་ཚེ་རིང་ལགས་འབྲེལ་ཡོད་ལས་དོན་ནང་ཞུགས་མྱོང་བ་དང་། སྐབས་དེ་ནས་བཟུང་ཤིང་བརྐོས་དང་འབྲལ་ཐབས་མེད་པར་གྱུར།

         བོད་རིགས་ཀྱི་ཤིང་བརྐོས་ལ་དམིགས་བསལ་གྱི་གྲུབ་ལུགས་དང་བཟོ་དབྱིབས་ཡོད་པ་དང་། སློབ་དཔོན་གྱིས་ལག་ལ་ལག་རྒྱུད་ཀྱིས་བསླབས་པ་དང་རང་ཉིད་ཀྱི་འབད་བརྩོན་བྱས་པའི་འོག ལྷག་པ་ཚེ་རིང་ལགས་ཡར་རྒྱས་མགྱོགས་པོ་བྱུང་བ་དང་། ཁོང་གི་བརྩམས་བྱར་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། 

         2014ལོར། ལྷག་པ་ཚེ་རིང་ལགས་ཀྱིས་ལྷ་སར་ཞིང་འབྲོག་པའི་མི་རིགས་ལག་ཤེས་ཤིང་བརྐོས་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས་པ་དང་། ཁོང་གིས་དགེ་ཕྲུག་ཉར་བ་དང་ལག་རྩལ་བརྒྱུད་སྤྲོད་བྱས་ཏེ། ཤིང་བརྐོས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་དམ་པ་དོན་དུ་གཉེར་བ་དང་། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་གནང་ཡོད། 2019ལོར་ལྷག་པ་ཚེ་རིང་ལགས་“བོད་ཀྱི་བཟོ་བོར་”བདམས་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།