ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

རྟ་རྒྱུག་འགྲན་བསྡུར་སྤེལ་བ།

སྤེལ་དུས 2024-01-30 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
     ཟླ་1ཚེས་24ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྲིན་བུ་རི་སྐྱེ་ཁམས་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོ་བྱས་ཚུན་གྱི་རྟ་རྒྱུག་བྱེད་སྒོ་ཐེངས་དང་པོ་སྤེལ་བ་རེད། སྲིན་བུ་རི་སྐྱེ་ཁམས་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་དུ་ནག་ཆུའི་མཚེའུ་གཉིས་རྫོང་དང་། ཉི་མ་རྫོང་། ཨ་མདོ་རྫོང་སོགས་ཀྱི་གནས་སྤོས་ཞང་གྲོང་16ནས་ཡོང་བའི་ས་བབ་མཐོ་ཚད་སྐྱེ་ཁམས་གནས་སྤོའི་ཡུལ་མི་ཁྲི་3ལྷག་ཙམ་འདུས་སྡོད་བྱས་ཡོད། 2019ལོ་ནས་བཟུང་། ཁོང་ཚོ་སྔ་རྗེས་སུ་ས་བབ་མཐོ་ཚད་སྨི་4500ལས་བརྒལ་བའི་བྱང་ཐང་རྩྭ་ཐང་ནས་གནས་འདིར་སྤོས་པ་རེད།