དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

སློབ་གསོའི་ཁ་གཏད་བོད་སྐྱོར་གྱིས་བོད་ལྗོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བར་རམ་འདེགས་བྱས་པ།

སྤེལ་དུས 2020-07-28 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། སློབ་གསོ་པུའུ་སོགས་ཀྲུང་དབྱང་པུའུ་ཨུད་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། མཐོ་སློབ་སོགས་ཁ་གཏད་རོགས་སྐྱོར་ཚན་པའི་རོགས་སྐྱོར་ཤུགས་ཆེན་འོག བོད་ལྗོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོའི་བྱ་གཞག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་རེད།
          “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཞིང་ཆེན་དང་གྲོང་ཁྱེར་དང་། པུའུ་ཁོངས་གཏོགས་ཀྱི་མཐོ་སློབ་ཀྱི་ཞོར་གཏོགས་སློབ་གྲྭ་འབྲིང་ཆུང་17གྱིས་སྔ་རྗེས་སུ་དགེ་རྒན་1676བོད་དུ་སློབ་གསོའི་རོགས་སྐྱོར་ལ་འདེམས་གཏོང་བྱས་པ་དང་། ལོ་ཤས་རིང་རོགས་སྐྱོར་ཐོབ་མཁན་སློབ་གྲྭ་28ཀྱི་བོད་སྐྱོར་ཚོགས་པས་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་དམིགས་ཚད་བླང་བྱར་དམ་པོར་དམིགས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བ་རྩ་བའི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་སྣེ་ཁྲིད་ཁྱབ་འགྱེད་ཀྱི་སྐུལ་ཁྲིད་ནུས་པ་གང་ལེགས་བཏོན་ནས་སློབ་གྲྭའི་དོ་དམ་ཆུ་ཚད་དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་རེད།
          “100%བྱས་པ་ལྔ”དམ་འཛིན་བྱ་གཞིར་བྱས་ཏེ་རྨང་གཞིའི་སློབ་གསོའི་སྤུས་ཚད་ལ་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་ཁྲིད་བྱས་ཤིང་། རོགས་སྐྱོར་ཐོབ་མཁན་སློབ་གྲྭ་28ཀྱིས“100%བྱས་པ་ལྔ”ཡི་དམིགས་ཚད་དང་ཉམས་ཞན་ལ་དམ་པོར་དམིགས་ཏེ། རང་བྱུང་ཚན་རིག་གི་རིག་ཚན་དང་ཚོད་ལྟའི་སློབ་ཚན་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་སྤུས་ཚད་བརྟན་ཐོག་གོང་མཐོར་འགྲོ་བར་སྐུལ་ཁྲིད་བྱས་པ་དང་། ལྗོངས་ཡོངས་ཀྱི་མཐོ་འབྲིང་སློབ་མའི་སློབ་སྦྱོང་ཆུ་ཚད་ཡིག་རྒྱུགས་ནང་རིག་ཚན་ཁག་གི་ཆ་སྙོམས་ལོན་ཚད་མཐོ་རུ་ཤུགས་ཆེན་བཏང་བ་རེད།
          ཚད་དང་ལྡན་ལ་ཚན་རིག་དང་མཐུན་པ་གཙོ་ཁྲིད་དུ་བྱས་ཏེ་རོགས་སྐྱོར་ཐོབ་མཁན་སློབ་གྲྭའི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ཞིང་། བོད་སྐྱོར་ཚོགས་པ་ཁག་གིས་ནང་སའི་སྔོན་ཐོན་གྱི་དོ་དམ་འདུ་ཤེས་དང་སློབ་གསོ་སློབ་ཁྲིད་བྱེད་ཐབས་དཔྱད་གཞིར་བཟུང་སྟེ། རོགས་སྐྱོར་ཐོབ་མཁན་སློབ་གྲྭའི་སློབ་གསོ་སློབ་ཁྲིད་དང་དོ་དམ་ལམ་ལུགས་210ལྷག་ཙམ་གསར་སྣོན་དང་། ལེགས་སྒྲིག འཐུས་སྒོ་ཚང་དུ་གཏོང་རོགས་བྱས་པ་རེད། ཁག་ཐེངས་གསར་པའི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ཐོབ་མཁན་སློབ་གྲྭ་ཚང་མར་ལོ་གསུམ་གྱི་བོད་སྐྱོར་འཆར་འགོད་དང་ལོ་འཁོར་གྱི་ལས་ཀའི་སྐུལ་གཏོང་འཆར་གཞིའི་རེའུ་མིག དེ་བཞིན་དམིགས་ཚད་ཀྱི་ལས་ཀའི་རྩིས་ཐོ་བཟོས་ཏེ། “ལག་ལེན་བསྟར་ཐུབ་པ་དང་། ཞིབ་བཤེར་རྩིས་ལེན་ཐུབ་པ། རྒྱུན་མཐུད་ཐུབ་པ”བཅས་ཀྱི་དམིགས་ཚད་གཞིར་བཟུང་སློབ་གྲྭ་དོ་དམ་ཚན་རིག་དང་མཐུན་པ་བྱས་པ་རེད།
          ཁ་གཏད་རོགས་སྐྱོར་མཐོ་སློབ་ཀྱི་རོགས་རམ་འོག རང་ལྗོངས་ཀྱི་རོགས་སྐྱོར་ཐོབ་མཁན་སློབ་གྲྭས་རིག་ཚན་དང་ཆེད་ལས་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་པས། རང་ལྗོངས་ཀྱི་མཐོ་སློབ་ལ་ཁ་ནད་ཀྱི་གསོ་རིག་ཆེད་ལས་མེད་པ་ནས་ཡོད་པར་གྱུར་བ་རེད། དེ་དང་ཆབས་ཅིག་རིག་ཚན་དང་ཆེད་ལས་འབོར་ཆེན་ཞིག་འཛུགས་སྐྱོང་བྱས་པ་དེས་རང་ལྗོངས་ཀྱི་མཐོ་རིམ་སློབ་གསོའི་བཟོ་སྐྲུན་རིག་པ་དང་གསོ་རིག་སོགས་ཁྱབ་ཁོངས་ཀྱི་རིག་ཚན་གྱི་སྟོང་ཆ་བསྐངས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཁ་གཏད་རོགས་སྐྱོར་མཐོ་སློབ་ཀྱིས་བོད་སྐྱོར་ལས་བྱེད་པ་དང་དགེ་རྒན་མི་ཐེངས་312ལྷག་ཙམ་མངགས་པ་དང་ཆབས་ཅིག རང་ལྗོངས་ཀྱི་མཐོ་སློབ་ཀྱི་མི་ཐེངས་420ལྷག་ཙམ་ཁ་གཏད་རོགས་སྐྱོར་མཐོ་སློབ་ཏུ་གནས་སྦྱར་སྦྱོང་བརྡར་བྱས་པས། རང་ལྗོངས་ཀྱི་མཐོ་སློབ་ཀྱི་དོ་དམ་མི་སྣ་ཁ་ཐང་བ་དང་དོ་དམ་ཆུ་ཚད་མཐོ་པོ་མེད་པའི་མིག་སྔའི་གནས་སྟངས་ཞི་ལྷོད་དུ་སོང་ནས། རང་ལྗོངས་ཀྱི་མཐོ་སློབ་ཀྱི་དགེ་རྒན་དཔུང་ཁག་གི་སློབ་རྒྱུས་གྲུབ་ཆ་དང་སློབ་གཉེར་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ་རེད།