དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

སྨན་བཅོས་བོད་སྐྱོར་བརྒྱུད་བོད་ལྗོངས་ཀྱི་སྨན་བཅོས་བྱ་གཞག་གོང་འཕེལ་ཆེན་པོ་བྱུང་།

སྤེལ་དུས 2020-09-24 ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། རྩོམ་པ་པོ།
           ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ལས་དོན་སྤེལ་ནས་ལོ་ལྔ་སོང་རིང་།  ཁྱོན་སྨན་བཅོས་ཤེས་ལྡན་པ841བོད་དུ་ཡོང་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་གྲོང་ཁྱེར(ཁུལ)བདུན་གྱི་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ།  སྨན་བཅོས་དཔུང་ཁག 721དང་ས་ཆ་དེ་གའི་སྨན་དོན་མི་སྣ2000ལྷག་ཙམ་ལ་རོགས་ཁྲིད་དང་སྨན་བཅོས་རྐང་འཛིན་པ 4000ཙམ་གསོ་སྐྱོང་བྱས་པས།  རོགས་སྐྱོར་བྱེད་ཡུལ་སྨན་ཁང་གི་སྨན་པ192ཀྱིས་རང་ཚུགས་ངང་བཤགས་བཅོས་གསར་པ་གཅིག་རྗེས་གཉིས་མཐུད་ངང་བྱེད་ཐུབ་པ་བྱུང་བ་དང་།  བོད་རང་སྐྱོང་ལྗོངས་སྨན་ཁང་ནས་ནད་གཞི་ལྕི་རིགས371སྨན་བཅོས་ཐུབ་པ་དང་།  གྲོང་ཁྱེར(ས་ཁུལ)སྨན་ཁང་ནས་ནད་ཚབས་འབྲིང་བའི་རིགས2373སྨན་བཅོས་ཐུབ་པ།  རྫོང་རིམ་པའི་སྨན་ཁང་ནས་རྒྱུན་མཐོང་ནད་གཞི་ཆུང་གྲས་ཁག་ཅིག་སྨན་བཅོས་ཐུབ་པ་བཅས་བྱུང་ཡོད།  །