ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།

ཝུའུ་དབྱིང་ཅེ་དང་ཞུས་ལེ་ཅང་གིས་གསུང་བཤད་གནང་བ་དང་། ཆེ་དགྲ་ལྷས་ཤིས་ཚིག་བསྒྲོན་པ།

སྤེལ་དུས 2021-09-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  
           ཟླ་9ཚེས་12ཉིན་གྱི་སྔ་དྲོ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཞུས་ལེ་ཅང་གིས་གསུང་བཤད་གནང་ཞིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོགས་ཡུལ་ཡིན་པ།
           ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་བཀོད་སྒྲིག་བཅས་བྱ་ཆེད། ཟླ་9ཚེས་12ཉིན་གྱི་སྔ་དྲོ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཞུས་ལེ་ཅང་གིས་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཤིས་ཚིག་བསྒྲོན་པ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཞེ་ཅིང་རུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་། པད་མ་དབང་འདུས། ལིའུ་ཅང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡེ་ཆིང་དང་། ཁྲང་ཀྲའོ་ཧྭ། ལི་ཁྲང་ཅིན་བཅས་ཞུགས་ཡོད་པ་རེད།
           ཝུའུ་དབྱིང་ཅེས་ཉེ་བའི་ལོ་ཤས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་བཅས་ཀྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག རང་ལྗོངས་ཀྱིས“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱས་ནས། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་བས་གལ་ཆེའི་གནས་བབ་ཐོག་འཇོག་པ་དང་། སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཟོས་ནས་འདོན་པ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་དང་ཚོང་དོན་ལམ་ལུགས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་རྒྱག་པ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་གཞག་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་ཡར་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། གྲུབ་འབྲས་དེ་དག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་དང་དམངས་གཉེར་ཁེ་ལས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་གསུངས་པ་རེད།
           ཝུའུ་དབྱིང་ཅེས་དུས་ཡུན་རིང་པོའི་ནང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་དང་། ཞིང་ཆེན་དང་གྲོང་ཁྱེར་ཁག་གི་དམངས་གཉེར་ཁེ་ལས་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་དང་། ཁ་གཏད་བོད་སྐྱོར་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས། བོད་སྐྱོར་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། བོད་སྐྱོར་ལམ་སྲོལ་གསར་གཏོད། བོད་སྐྱོར་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས། བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་སོགས་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། བོད་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
           ཝུའུ་དབྱིང་ཅེས་བོད་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”དམ་འཛིན་བྱ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་གཏོང་། སྐྱེ་ཁམས་ཁོར་ཡུག་བཟང་པོ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་བཅས་འགན་ལེན་བྱེད་པར་དམངས་གཉེར་དཔལ་འབྱོར་ནི་མེད་དུ་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། བོད་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ་ནི་དཔལ་འབྱོར་ལས་དོན་དང་དམངས་འཚོའི་ལས་དོན་ཙམ་མ་ཟད། ཆབ་སྲིད་ཀྱི་ལས་དོན་ཡང་ཡིན་པས། དེས་བོད་ལྗོངས་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་ལ་ཕན་པ་ཡོད། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་བྱ་གཞག་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ། ང་ཚོར་གནད་དོན་གསལ་རྟོགས་དང་ཐབས་དོན་ཇུས་འགོད་བྱས་ནས་བོད་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་རོགས་བྱ་རྒྱུའི་རེ་བ་ཡོད་ལ། དེ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་ཅན་བོད་དུ་མ་འཇོག་ལས་དར་བྱེད་པར་ཡོང་རྒྱུའི་དགའ་བསུ་ཡང་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད། 
           ཞུས་ལེ་ཅང་གིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔར་ནས་བཟུང་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བོད་སྐྱོར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་དུ་བརྩིས་ནས་དོན་འཁྱོལ་ལ་སྐུལ་འདེད་བཏང་བས། སྤེལ་རེས་མཉམ་ལས་གཏིང་ཟབ་དང་། ཁྱད་ལྡན་ཐོན་ལས་ལ་རོགས་སྐྱོར། དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད། རྩ་འཛུགས་འཛུགས་སྐྱོང་ལ་རམ་འདེགས་སོགས་ཀྱི་ཁྱབ་ཁོངས་སུ་ཕན་འབྲས་བཟང་པོ་ཐོན་ཡོད་ཅེས་གསུངས་པ་རེད།
           ཞུས་ལེ་ཅང་གིས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བོད་སྐྱོར་ལས་དོན་གྱིས“དོན་ཆེན་བཞིར”དམ་པོ་དམིགས་དགོས། ལས་ཞུགས་ལ་རོགས་རམ་བྱེད་པའི་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་ལས་ཞུགས་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་ཐད་བྱས་རྗེས་འཇོག་རྒྱུར་རམ་འདེགས་བྱེད་དགོས་པ་དང་། བོད་ཀྱིས“ཁེ་ལས་ཁྲི་ལ་བརྟེན་ནས་གྲོང་ཚོ་ཁྲི་དར་བ་བྱེད་པའི”བྱ་སྤྱོད་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་ངང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ། དམངས་གཉེར་ཁེ་ལས་དམངས་འཚོའི་བྱ་བ་དངོས་ནང་ཞུགས་རྒྱུར་ཁྲིད་སྟོན་བཅས་བྱས་ནས་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་རྒྱུར་རམ་འདེགས་བྱེད་དགོས་པ། དམངས་གཉེར་ཁེ་ལས་ཀྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་པ་དང་། དམངས་གཉེར་ཁེ་ལས་བོད་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་། ཉམས་བཟོ། བཅོས་སྐྱོང་བཅས་ནང་ཧུར་ཐག་ཞུགས་སུ་འཇུག་པ། ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་བརྟན་སྲུང་བཅས་བྱས་ནས་བོད་ཀྱི་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཐད་བྱས་རྗེས་འཇོག་རྒྱུར་རམ་འདེགས་བྱེད་དགོས་པ། དམངས་གཉེར་ཁེ་ལས་ཀྱིས་ཁ་གཏད་རོགས་སྐྱོར་བྱ་ཡུལ་གྱི་མཐའ་མཚམས་ས་ཁུལ་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་བོད་ཀྱི་མཐའ་མཚམས་སྲ་བརྟན་ཐད་བྱས་རྗེས་འཇོག་རྒྱུར་རམ་འདེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
           ཞུས་ལེ་ཅང་གིས་རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡང་དག་པའི་སྟོན་ཕྱོགས་བཙུགས་ཏེ་རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། རྩ་བར་དོ་དམ་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབས་ནས་བོད་སྐྱོར་རྣམ་གྲངས་ཚང་མ་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས《རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱིས་བོད་སྐྱོར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཇུས་གཞི》གཞིར་བཟུང་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་དང་འགོ་ཁྲིད་འོག་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་ལས་དོན་དོན་འཁྱོལ་ཞིབ་ཕྲ་ཡོང་བར་སྤྱི་འདོམས་སྐུལ་འདེད་གཏོང་དགོས། རྗེས་སྙེགས་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་དམངས་གཉེར་ཁེ་ལས་ཀྱི་བོད་སྐྱོར་རྣམ་གྲངས་ཀྱི་རྩིས་ཐོ་བཟོས་ནས་ཁེ་ལས་ཀྱི་དཀའ་ངལ་དངོས་སེལ་རོགས་བྱེད་དགོས། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་ལ་བརྩི་བཀུར་ཞུ་བའི་རྣམ་པ་བཟང་པོ་བཏོད་དེ་བོད་སྐྱོར་དམངས་གཉེར་ཁེ་ལས་དང་ཁེ་ལས་མཁས་ཅན་གྱི་དཔེ་མཚོན་བྱས་རྗེས་སྒྲོག་སྤེལ་ཤུགས་ཆེན་བྱེད་དགོས་ཞེས་གསུངས་པ་རེད།
           ཆེ་དགྲ་ལྷས་ཤིས་ཚིག་སྒྲོན་སྐབས་དུས་ཡུན་རིང་པོའི་ནང་དམངས་གཉེར་དཔལ་འབྱོར་གྱིས་བོད་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ནས་བྱས་རྗེས་སུབ་ཐབས་མེད་པ་བཞག་ཡོད། འབྱུང་འགྱུར་དམངས་གཉེར་དཔལ་འབྱོར་ནི་སྔར་བཞིན་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“མངོན་མེད་སྟོབས་ཤུགས”དང“ལས་རྗེས་ལེགས་པའི་སྟོབས་ཤུགས”རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། སྣ་མང་སྒོ་དབྱེའི་ལས་སྟེགས་རྒྱུན་མཐུད་བཙུགས་ནས་དམངས་གཉེར་ཁེ་ལས་སྤེལ་རེས་མཉམ་ལས་དང་མ་འཇོག་ལས་གཏོད་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་དང་ཆབས་ཅིག བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་སྟེགས་གང་ལེགས་སྤྱད་ནས་སྦྲེལ་མཐུད་དོན་འཁྱོལ་ཡག་པོ་དང་བྱ་ཐབས་ཞིབ་ཕྲ་བཟོས་ནས་བོད་སྐྱོར་མ་དངུལ་ཚང་མ་ཡག་པོ་སྤྱོད་པ་དང་བོད་སྐྱོར་རྣམ་གྲངས་ཚང་མར་དོ་དམ་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།